[1B] །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ ཐུབ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་སངས་རྒྱས་ཀྱི་སྤྱན་ གྱིས་ཡང་དག་པར་གཟིགས་ནས་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་སོན་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ [2A] །ཕྱུག་ལ་བཀའ་སྩལ་པ། མི་དང་འབྱུང་པོའི་དབུས་གནས་པའི། །སེམས་ ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ལས་ཅན་ཐམས་ཅད་ནི་།སེམས་དཔའ་ ཆེན་པོ་སྨྲོས་ཤིག་སྨྲོས། །སྒྲོལ་མའི་དཀྱིལ་འཁོར་ལྷ་རྣམས་དང་།ཕུན་ཚོགས་ཐམས་ ཅད་མངོན་པར་འཕེལ། །སྒྲུབ་པོ་རྣམས་ལ་ཕན་པ་ཡི། །དོན་ཕྱིར་འདྲེན་པས་རྒྱས་པར་ སྨྲོས༑ ༑ངོ་མཚར་རྨད་བྱུང་ཐམས་ཅད་ཀྱི། །ལུས་ཅན་བར་མར་གྱུར་པ་རྣམས། །ཁྱོད་ཀྱི་ [2B] །འབྱུང་འགྱུར་དེ་དག་ཐོས་ནས་ནི་།མྱུར་དུ་ལྷ་རྣམས་སྒྲུབ་པ་ལ། །སེམས་ཅན་གང་དུ་རབ་ཞུགས་ པ༑ ༑དེ་ཉིད་དུ་ནི་སྔར་བཤད་པ། །བྱང་ཆུབ་སེམས་དཔའ་བློ་ལྡན་དང། །སངས་རྒྱས་བྱེ་བ་སྟོང་རྣམས་ཀྱིས། །ཐམས་ ཅད་དེ་ལ་རྗེས་ཡི་རང། །དཀྱིལ་འཁོར་སྡིག་པ་ཀུན་འཇོམས་པ། །དངོས་གྲུབ་ཀུན་བྱེད་དགེ་བ་ནི། །སེམས་ཅན་རྣམས་ ཀྱི་མགོན་པོས་སྨྲོས། །སྒྲོལ་མའི་དཀྱིལ་འཁོར་ཁྱོད་ཀྱི་ཚིག་སེམས་ཅན་ཆོ་ག་ཡང་དག་འགྱུར། །དཀྱིལ་འཁོར་གང་ འདི་ཐོས་ནས་ནི། །རབ་ཏུ་དད་པ་སྐྱེ་བར་འགྱུར། །དཔལ་མིན་འཇོམས་ཤིང་ཞི་བ་དང། །དེ་བཞིན་ནད་དང་དགྲ་འཕྲོག་ཅིང། ། དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི། །གཟི་བརྗིད་སྟོབས་ནི་རྣམ་པར་འཕེལ། །མཐོང་ངམ་ཐོས་ནས་དེ་ནས་ནི། ། [3A]༄༅། །རབ་ཏུ་དད་པ་སྐྱེད་པར་བྱེད། །གང་ཡིན་དེ་རྣམས་བདག་གིས་ནི། །སངས་རྒྱས་ཀུན་གྱི་བྱང་ཆུབ་ནི། །ཐོབ་ པའི་ཆེད་དུའང་ལུང་བསྟན་ཏོ། །མ་འོངས་སངས་རྒྱས་འབྱུང་འགྱུར་བ། །འཇིག་རྟེན་མགོན་པོ་རྣམས་ཀྱང་ནི། །རྗེས་སུ་ཡི་རང་འགྱུར་ བ་ཡིན། །དཀྱིལ་འཁོར་ཕུན་ཚོགས་འཕེལ་བྱེད་པ། །དེ་བཞིན་ཡོན་ཏན་ཀུན་སྡུད་པ། །སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ། །སེམས་ དཔའ་ཆེན་པོ་འཇིག་རྟེན་མགོན། །ཡང་དག་བཀའ་ཡིས་སྨྲོས་ཤིག་སྨྲོས་།དེ་སྐད་ཅེས་བཀའ་སྩལ་པ་དང། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ [3B]པའི་ཚིག་གིས་མངོན་པར་བསྟོད་དོ། །ཤཱཀྱའི་རྒྱལ་པོ་ལྷ་ཡི་རྒྱལ། །ཕུན་ཚོགས་ཡོན་ཏན་དུ་མ་ཅན། །རབ་བསྔགས་རྫུ་ འཕྲུལ་རབ་མ་ཉམས། །རྒྱུན་ཏུ་དཀར་བའི་གོས་དང་ལྡན། །མཆོད་སྡོང་ཞལ་ནི་འདམ་སྐྱེས་དྲི། །བློ་བཟང་སྙིང་པོ་བརྟན་པ་འཛིན། །གང་ཕྱིར་ཁྱོད་ནི་ཕུན་ཚོགས་ཉིན། །འདི་ནི་འགྲོ་ བ་དེ་དག་གི་དགའ་བས་དགའ་བར་བྱེད་པ་ནི། །མགོན་པོ་ལྷ་རྣམས་ཀྱི་ནི་སྟེ། །རང་བཞིན་དྲན་པས་ཀུན་ཏུ་སྣང། །དེ་ཡི་ཚིག་ནི་རབ་རིག་པ། །དཔའ་དེ་ཆགས་པ་ཟད་པ་ཉིད། ། འབྲས་བུ་གསུམ་ཉིད་འཛིན་པར་བྱེད། །དེ་དེ་བཞིན་དུ་དེ་ཡིས་ནི་།ལྷ་ཡི་མཛེས་མས་ཀུན་བསྲུངས་པ། །བརྒྱད་ཀྱིས་འདི་ནི་དབང་ཞལ་ལས། །སྐྱེས་པའི་དཔའ་བོར་རབ་ སྟོབས་དང། །གཡོ་བའི་སྤྲོ་དགའི་དབང་པོ་དང། །ཀུན་ནས་གསེར་གྱི་རི་དང་ལྡན། །ཅོད་པ་ན་ཡང་ནི་ལྷན་ཅིག་གདན། །ལྷ་དང་ལྷ་མིན་ལྷར་བཅས་པའི། །ལྷག་པའི་ཐེག་ པ་ཐམས་ཅད་ཀྱི། །འཇིག་རྟེན་པར་དོའི་སྲིད་པ་དང། །སྐྱེ་བ་ཁྱོད་ཀྱི་སྲོག་ལ་སོགས། །བྱུང་བ་མཛེས་ལྡན་རང་ཉིད་ཀྱི། །འདི་ཡི་མིག་ནི་དགའ་བ་སྟེ། །གང་རྣམས་ཟླ་བ་ལྟ་ བུར་དཀར། །ལྷ་རྣམས་ཀྱིས་བཟུང་རི་བོང་ཅན། །ཀུནྡ་དུ་ཀུ་དཀར་པོ་ཡི། །གོས་ནི་མནབས་ཉིད་ཙ་ཀོ་ར། །བརྒྱ་བྱིན་འདབ་བརྒྱ་པ་ཡི་མིག་ས་སྲུངས་ཕྲག་པར་ཕྱོགས་གཅིག་ [4A]༄༅། །འགྲོ་བླ་མའི་རི་ལ་རི་བོང་ཅན། །རྒྱལ་པོའི་དཔུང་ལྡན་བརྒྱ་བྱིན་ནི། །མིག་བརྒྱ་བརྩོན་འགྲུས་མ་ཉམས་པས། །གྲངས་དང་ཆུ་གཏེར་ཆུ་འབྱིན་ པ༑ ༑ཚོགས་ཀྱི་སྒྲ་ནི་དགའ་བ་དང། །དྲི་མེད་སྤྱན་ནི་དགའ་བ་ལའང། །ཉི་མའི་འོད་ཟེར་དམ་པ་ནི། །རྣམ་པས་བྲས་དང་དྲི་འཁོར་བ། །བུམ་དཀར་གང་བ་སོ་སོ་ཡི། །བུམ་ པ་དེ་རྣམས་དབང་བསྐུར་ཞིང། །ཙནྡན་ས་མཆོག་ཡན་ལག་བཤད་།གི་ཝང་ཐིག་ལེ་རྣམ་པར་བཀྲ་ཡན་ལག་དམ་པ་ཡོངས་འདུ་བའི་།དགའ་བ་མཆོག་གི་ ཡན་ལག་དང། །ལུས་མེད་གཞོམ་པའི་ཆེད་དུ་བྱས། །ཡན་ལག་ཆགས་པ་བྱས་མཐའ་ལས། །ཁྲུས་ནི་སྟུག་པོས་མི་འཕོ་བས། །གཞན་དུ་འཆི་མེད་ལེགས་པ་ ནི༑ ༑དེ་འོག་ཐལ་མོ་སྦྱར་བ་ཡི། །དུག་གིས་བཏབ་པ་སྨད་པ་ལྟར་།དེ་བཞིན་གཤེགས་པའི་མཆོག་བརྗོད་པའི། །ཆར་ལྡན་ཁྱོད་ཀྱི་ཞལ་དུ་ནི། །སྔོན་ལས་ཁྱོད་ནི་ ལམ་གྱི་མགོ་དྲི་མ་བཞིན་དུ་སྤངས་པ་ཡང། །མེ་ཏོག་ལྡན་པའི་ཟླ་བ་ལ། །རྣམ་པར་ཆེར་ཕྱིན་ལོངས་སྤྱོད་ལྡན། །བཅིངས་པ་ལྟ་བུར་འདི་རྣམས་ཉིད། །བཅོས་ནས་ སྔར་མེད་ཆོ་ག་ཡིས། །བཅུ་པར་ཁྱོད་ནི་ཞི་བ་སྟེ། མགོན་མེད་འགྲོ་བ་མཐའ་ཡས་ལས། །གང་ཕྱིར་སྲིད་པ་མཐའ་མེད་ཅིང། །དྲི་མས་ལྷ་དང་ལྷ་མིན་ཡང། །དེ་ཡི་བརྟུལ་ [4B] །དམ་པའི་སྤྱན་གྱི་འོད་ཀྱིས་སྣང་།འཁྱིལ་བ་ཅན་ཡངས་ཡན་ལག་མཆོག་ཕྱོགས་སུ་ལྷ་རྣམས་གནས་པ་དང། །མི་རྣམས་བྱང་ཆུབ་རྣམ་སངས་རྒྱས་ རབ་ཏུ་བྱེད་འགྱུར་ཞེས་པ་ནི། །མི་རྣམས་འབྱུང་དང་སྡུད་པའི་ལས། །དེ་ཕྱིར་རྣམས་པད་ཆུ་སྐྱེས་ནི། །ལྷ་ཡི་ཡན་ལག་དམ་པོར་སོན། །དཔའ་བོའི་ཡན་ལག་དཀྲིས་ཆགས་ བྲལ༑ ༑འཆི་བཞིན་ས་ཡི་ལུས་ཀྱང་འཁོད། །ཀུན་ནས་གཏོད་དང་ཀུན་ནས་སྡུད། །ཡང་དག་ས་དང་ཕྱོགས་དང་ལྡན། །རྣམ་བཞི་མཉམ་པར་བྱང་ཆུབ་ལྡན། །བྱང་ཆུབ་ཤིང་ དྲུང་བདུད་དཔུང་ལས། །རྣམ་པར་རྒྱལ་བ་ཐོབ་པ་དང། །སངས་རྒྱས་གོ་འཕང་འཕོ་མེད་དང། །ཀླུ་ཡི་ཤིང་གི་རྩ་བ་རུ། །ཞེ་སྡང་རྩུབ་པོའི་ནགས་རྣམས་ཀྱིས། །རྐང་པ་ སྡོང་བུ་མེ་ཡི་ཆེད། །རྨོངས་མུན་དྲི་མ་སྣང་བྱེད་པ། །ཁྲོ་བོའི་མེ་ནི་འབར་བ་ལ། །མི་གཡོ་རབ་ཏུ་སྦྱིན་པར་བྱེད། །ཕྱག་རྒྱ་རྡོ་རྗེ་ལྟ་བུ་སྒོམ། །གཞལ་བའི་འཁྲི་ཤིང་གཟུགས་ བརྙན་བརྟན། །དམར་པོའི་མེ་ནི་འབར་བ་ནི། །འཇིགས་པའི་ཉི་ལྟར་རྣམ་མཛེས་པ། །ཡན་ལག་སྟོབས་བསྐྱེད་ཕྱག་འཚལ་བསྟོད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་རང་གི་སྟན་ལ་འཁོད་དེ་བྱང་ཆུབ་སེམས་དཔའ་ཆེན་ [5A]༄༅། །པོའི་ཏིང་ངེ་འཛིན་ཀུན་ཏུ་གཟིགས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སེམས་དཔའ་ཆེན་པོའི་ཞལ་གྱི་སྒོ་ ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱུང་སྟེ་འོད་ཟེར་དེ་རྣམས་ཀྱིས་གངྒཱའི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་བྱས་པར་གྱུར་ཏོ། །དམྱལ་ བ་པའི་སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་དང། ཡུད་ཙམ་དེ་ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །གང་སངས་རྒྱས་ཀྱི་ཞིང་དེ་རྣམས་སུ་བཅོམ་ལྡན་ འདས་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ། །ལེགས་སོ། །སེམས་དཔའ་ཆེན་པོ་ཆེན་པོ་སྨྲོས་ ཤིག༑ མཐུ་ཆེན་པོ། སེམས་ཅན་སྡིག་པ་ཅན་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་བ་སྨྲོས་ཤིག་གང་གིས་དེ་ལྟ་བུ་དེ་རྣམས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་ རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་གནང་བ་དང། ས་ཆེན་པོ་རི་དང། ནགས་དང། ཕུག་ཏུ་བཅས་པ་འདི་རབ་ཏུ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ [5B]དཔའ་ཆེན་པོའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྔགས་བཤད་ པར་བརྩམས་སོ། །དང་པོར་རེ་ཞིག་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་མཐོང་བས་སློབ་དཔོན་དང་མཚུངས་པའི་རྗེས་སུ་གནང་བ་ཐོབ་ཅིང་དད་པས་ བྱང་ཆུབ་ཏུ་སེམས་བསྐྱེད་པ། སེམས་ཅན་རྣམས་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ། སེར་སྣ་མེད་ཅིང་གཡོ་སྒྱུ་མེད་པས་ནག་པོ་མེད་ཅིང་ཧ་ཅང་མི་སྦོམ། ཧ་ཅང་མི་ ཕྲ་བ༑ དྲི་ངན་པ་མེད་པས་དབང་པོ་མ་ཚང་བ་མ་ཡིན་པ་མཛེས་པ། སྙིང་སྟོབས་དང་ལྡན་པས་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་ གཏན་དང། ཤེས་རབ་དང། སྙིང་རྗེ་དང། ཡང་དག་པར་ལྡན་པར་གྱུར་པ། སེམས་ཅན་གྱི་དགོངས་པ་དང། བསམ་པ་ཤེས་པ་དང། སངས་རྒྱས་དང། ཆོས་དང། དགེ་ འདུན་ལ་མངོན་པར་དང་པ། ཆ་མང་པོ་མངོན་པར་ཤེས་པ། གསལ་ཞིང་གསལ་བར་སྨྲ་བ། དཀྱིལ་འཁོར་བྲི་བའི་ལས་ལ་བྱང་བ། རིག་གསུམ་གང་ཡང་རུང་བའི་རིག་པ་ པ་སོགས་པས་སྔོན་དུ་བསྙེན་པ་བྱས་པ། ཕྱག་དང། དཀྱིལ་འཁོར་གྱི་རབ་ཏུ་སྦྱོར་བ་ཤེས་པ། མཆོད་རྟེན་གྱི་ལས་བྱས་པ། ཧ་ཅང་མི་རྒན་བྱིས་པ་དང། རིགས་དམའ་ [6A]༄༅། །པར་སྐྱེས་པ་མ་ཡིན་པ། གཞོན་ཞིང་ལང་ཚོ་དང་ལྡན་པ་དང། ཚུལ་བཟང་པོའི་སྒྲུབ་པ་པོས་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ། །ཞེས་སོ། །དེ་ནས་ འདི་ལྟ་བུའི་སློབ་དཔོན་གྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ཆོ་ག་བརྩམ་པར་བྱ་སྟེ། ནུས་མེད་འདུལ་ཉེས་མ་ཡིན་པ། །དཀྱིལ་འཁོར་ཡང་དག་རབ་སྦྱར་བྱ། །རྨོངས་ པའི་སེམས་དང་ཆགས་ཅན་ལ། །དཀྱིལ་འཁོར་བསྟན་པར་ཡང་མི་བྱ་།གང་ཞིག་བསླབ་ལ་ཡུད་ཙམ་ཡང། །ལྷག་པར་འགྲོ་བའི་ལུས་ཅན་དེས། །མཐོ་རིས་ཐར་པ་ཡང་ དག་འགྲུབ། །ཡིད་ཀྱི་དབང་ཕྱུག་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་རྗེས་ཞིག་པའི། །དངོས་གྲུབ་དམིགས་པ་ཉིད་མི་འགྱུར། །བྱང་ཆུབ་རྩ་བར་རིག་ཐོབ་པའི། །སེམས་ དེ་ལས་ནི་ཡང་དག་བརྩམ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས་།སངས་རྒྱས་ཆོས་དང་དགེ་འདུན་ལ། །རབ་ཏུ་དང་བའི་སེམས་ཅན་རྣམས། །བདག་ཉིད་ཁོ་ནར་ རབ་རྟོགས་བྱ། །དེ་ལ་བསྟན་བྱའི་དཀྱིལ་འཁོར་བྲི། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །སྟོབས་ཀྱིས་སྔོན་འདུལ་སི་ཐའི་ལུས། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། ། གྲོང་དང་གྲོང་ཁྱེར་གྲོང་རྡལ་དང། །ལྗོངས་རྣམས་སུ་ནི་བྱང་ཤར་གྱི། །ཕྱོགས་ཀྱི་ཆ་རུ་མཆོད་ཡོན་བྱིན། །ས་ཡི་མཐིལ་དུ་དེ་ཇི་ལྟར། །ས་ཕྱོགས་སྔགས་ལ་སྔགས་ [6B] །སྣུམ་ཞིང་ལྗོན་ཤིང་མེ་ཏོག་བཟང། །འབྲས་བུ་ཡང་དག་མང་པོ་ཅན། །རྒྱུན་མི་འཆད་པ་འབབ་པའི་ཕྱོགས། །དཀར་དང་སེར་བའི་ས་གཞི་ལ། །གྱོ་མོ་བོང་བ་གསེག་ མ་བྲལ། །རྔ་བོ་ཆེ་ཡི་སྒྲ་དབྱངས་དང། །ལམ་གྱི་བཞི་མདོ་དུར་ཁྲོད་དང། །ལྷ་གཞན་ཡོངས་སུ་བཟུང་བ་དང། །ཤེས་ཤིང་སྡུག་བསྔལ་རྫོགས་སྤངས་ལ། །གང་དུ་ཀུན་ནས་ རྒྱང་གྲགས་ལྔའི། །ཚད་དུ་ཆུ་ཀླུང་ལྟེང་ཀ་དང། །མཚོ་ཕྲན་ཆུ་བོ་རབ་འབབ་པ། །ལྗོན་ཤིང་མཆོད་རྟེན་ལྷ་ཁང་དང་།མེ་ཏོག་ཉིད་ནི་དུས་རྒྱུན་ཏུ། །ཤིན་ཏུ་རྒྱ་ཆེན་ཡང་དག་ ལྡན༑ ༑ཆོ་འཕྲུལ་ཕྱོགས་ནི་གང་རུང་ལ། །དེ་ནས་བཅོམ་ལྡན་འདས་མ་ཡི། །དཀྱིལ་འཁོར་སློབ་དཔོན་ས་ཕྱོགས་དེར། །ཉི་མ་གུང་ལ་སོང་ནས་ནི། །རལ་པ་གཅིག་མའི་སྙིང་པོ་ ཡི༑ ༑མངོན་པར་མཛེས་པའི་ལས་བྱའོ། །ཐོག་མར་རབ་དག་སེམས་ཅན་ཀུན། །བྱམས་དང་སྙིང་རྗེ་དང་ལྡན་པས། །དཀྱིལ་འཁོར་གནས་དེར་ཡིད་ཀྱིས་དམིགས། །དགེ་བའི་ རིག་པ་གདོན་པར་བྱ། །སྒྲོལ་མའི་སྙིང་པོ་དམ་པ་དང། །དེ་བཞིན་དབྱངས་ནི་རྗེས་སུ་གདོན། །འདིར་ནི་སངས་རྒྱས་མཆོད་དོན་དུ་།དཀྱིལ་འཁོར་ལུས་ཅན་ཀུན་གྱིས་བྲི། ། ཕྱོགས་ཀྱིས་འགྲོ་བའི་གནས་སུ་གནས། །ཐོག་མར་གཏོར་མ་བྱིན་བྱས་ནས། །དྲི་ཡི་ཡམ་ཤིང་ཡང་དག་ལྡན། །གནས་སུ་གནས་པས་ཀུན་ཟོས་ནས། །གོ་རིམ་བཞིན་ [7A]༄༅། །དུ་སྤྱན་དྲངས་པའི། །དབྱངས་ཀྱིས་ཚིག་འདི་བརྗོད་པར་བྱ། །སློབ་དཔོན་མིང་ནི་ཆེ་གེ་བདག་བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །དཀྱིལ་ འཁོར་དག་ནི་བྲི་བར་འཚལ། །བདག་དང་སེམས་ཅན་ཀུན་གྱིས་གང་།བདག་མཐར་གདུག་པའི་སེམས་མེད་པ། །བསྐྱེད་ཅིང་བཀུར་སྟིར་བྱེད་པ་དང། །སངས་རྒྱས་ བསྟན་ལ་རབ་དང་བའི། །སེམས་ཅན་རྣམས་ལ་ཕྱིར་ཞིང་ནི། །མང་དུ་རབ་ཏུ་དད་པའི་ཆེད། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ལྟར་ལན་གཉིས་ལན་གསུམ་ བརྗོད། །དེ་ནས་སེམས་ཅན་དེ་རྣམས་ནི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་གྱི། །མཚན་མོ་མཐོང་བ་སྦྱིན་པར་བྱེད། །དེ་ནས་བྲིས་པའམ་གཞན་དུ་སོང། །ཐོ་རངས་རྨི་ ལམ་རྣམ་པར་སྤྱད། །ས་ཡི་ཕྱོགས་དེར་སོང་ནས་ནི། །ཁྲུ་བརྒྱ་ཡི་ནི་ཚད་དུ་ཡང། །ཀུན་ནས་གྲུ་བཞི་པ་རུ་བྱ། །ཕྱི་རོལ་དཔག་ཏུ་མེད་པ་ཡི། །དཀོན་མཆོག་གསུམ་གྱི་ ཚད་སོང་ནས། །སཱ་ལ་ཤིང་དང་ཕུབ་མ་དང། །ཐལ་བ་སོལ་བ་སོ་ཕག་དང། །སྐྲ་དང་སེན་མོ་མཆོད་སྦྱིན་གྱི། །སོ་ཕག་ནག་པོ་ལ་སོགས་གང། །གཞན་ཡང་ དཀྱིལ་འཁོར་དགེ་བ་ཡི། །མི་དགེའི་ཟུག་རྔུ་ཐམས་ཅད་ཀུན། །ལྷག་མ་མེད་པར་བསལ་ནས་ནི། །ས་ཡི་གོང་བུ་དེ་ཉིད་དུ། །གཞན་ཡང་ཆུ་ཀླུང་ཆེན་པོ་ཡི། །འགྲམ་ [7B] །རབ་ཏུ་བཅུག་སྟེ་ཐོ་བས་བརྡུང་།ཙནྡན་ཆུ་ཡིས་ཡང་དག་གཏོར། །དེ་ལྟར་བྱས་ནས་མ་ལྟུང་བའི་།བ་བྱུང་ཙནྡན་ཆུ་བསྲེས་ནས། །ཁྲུ་བརྒྱད་པ་ཡི་ ཕྱོགས་སུ་ནི། །ཕྱི་རོལ་གྱིས་ཀྱང་ཁྲུ་བཅུ་ཡིས། །ཆེད་དུ་ཡོངས་སུ་སྤྱངས་པ་ལ། །གསོ་སྦྱོང་བྱིན་ནས་བྱུག་ཏུ་གཞུག་ཇི་སྲིད་ས་ཡི་ཕྱོགས་དེར་ནི། །ཤིན་ཏུ་འཇམ་ཞིང་ཤིན་ཏུ་ ནི༑ ༑ལེགས་པར་རྫོགས་པར་སྐྱེས་ཀྱི་བར། །དེ་ལྟར་ཉི་མ་བདུན་དུ་ནི། །དེ་ནས་ཁྲུ་བཞིའི་ཚད་དུ་ནི། །གྲྭ་བཞི་སེང་ལྡེང་ཕུར་བུ་བརྒྱད། །སོར་མོ་བཅུ་གཉིས་ཚད་དུ་བྱ།། གཞོན་ནུ་མས་བཀལ་སྲད་བུ་ནི། །ཚོན་སྣ་ལྔ་པ་ལེགས་འཇམ་པ་།ཤིན་ཏུ་སྲ་བ་བཅོམ་ལྡན་མའི། །རྩ་བའི་སྙིང་པོ་ལན་བདུན་གྱིས། །བསྔགས་པས་ཕུར་བུ་ལ་དཀྲིས་ ནས༑ ༑བདུན་བྱས་སྲོད་ལ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །གཙང་མའི་གོས་ནི་བགོས་པ་ཡིས། །དཀྱིལ་འཁོར་ས་ཡི་དབུས་དེ་རུ། །རྩ་བ་ནག་པོ་ མེད་པ་ཡི། །བུམ་བླང་དྲི་ཡི་ཆུ་དང་ནི། །མེ་ཏོག་སྒྲོན་མས་བཀང་བ་ལ། །མགྲིན་པར་མེ་ཏོག་ཕྲེང་བར་དཀྲིས། །ཨ་མྲའི་ཡལ་འདབ་ཁ་དགབ་བྱ། །པུས་མོ་དག་ནི་ངེས་བཙུགས་ ནས༑ ༑རྩ་བའི་རིག་པ་བདུན་བྱས་ཏེ། །ཡང་ན་ཉི་ཤུ་རྩ་གཅིག་བརྗོད། །དེ་ནས་ཕྱོགས་བཅུར་ཀུན་བལྟས་ནས། །འདི་ནི་བསྒྲག་བྱ་ཆེ་གེ་དག་གནས་འདིར་སངས་རྒྱས་མཆོད་ [8A]༄༅། །པའི་ཕྱིར། །སེམས་ཅན་ཀུན་གྱི་ཏིང་འཛིན་ནི། །བསམ་བྱས་དཀྱིལ་འཁོར་བྲིས་པ་འདིར། །སངས་རྒྱས་ཕན་པར་མཛད་པ་ཀུན་།དཀྱིལ་འཁོར་ དུ་ནི་བྱོན་པར་མཛོད། །ད་ལྟ་འདིར་ནི་བྱོན་ནས་ཀྱང། །བདག་གི་མཆོད་ཡོན་བཞེས་སུ་གསོལ། །དེ་དབུས་ཉིད་དུ་བརྟག་བྱ་བ། །གནས་སུ་བྲིས་པའི་བཅོམ་ལྡན་འདས། །སྤྱན་ དྲང་བྱ་ཞིང་ལྷ་རྣམས་ཀྱི། །གནས་མདོར་བསྟན་ནས་བརྗོད་པར་བྱ། །དགའ་ལྡན་དུ་ནི་བྱང་ཆུབ་སེམས། །འཇིག་རྟེན་གཞན་དུ་གང་གནས་པ། །དེ་བཞིན་ཁ་བའི་གནས་སུ་ དང༑ ༑གང་ལྡན་པདྨའི་དབང་ཕྱུག་འབྱུང། །ལྕང་ལོ་ཅན་དུ་ནོར་དབང་ཕྱུག་ཏི་སེ་རུ་ནི་བདེ་བྱེད་བཤད། །མཆོད་ཡོན་སྣོད་ནི་བཀང་བ་ཡིས། །དེ་རྣམས་གནས་ནི་རྣམ་ བསམས་བྱ། །དེ་ནས་ཞལ་ནི་སྲུབ་བསྙེན་བཀུར། །དཀྱིལ་འཁོར་ལས་རྣམས་ཐམས་ཅད་ལ། །མིང་དང་གནས་ནི་ཡོངས་ཉམས་ན། །ཕྱིན་ཅི་ལོག་ཏུ་ལྡོག་པར་འགྱུར།། དེ་ལྟར་ཉི་མ་བདུན་དུ་ནི། །ཉིན་རེ་ཉིན་རེ་ཙནྡན་གྱི། །ཆུ་ཡིས་བྱུག་ཏུ་གཞུག་པར་བྱ། །མཚན་མོའི་ཐུན་ལའང་དེ་བཞིན་བྱ་།ཕར་འདིར་ཡོ་བྱད་ཐམས་ཅད་ནི། །རྣམ་ པར་འབྱོར་པར་འགྱུར་བ་ཡིན། །དེ་ལ་འདི་ནི་བརྗོད་བྱ་སྟེ། །དག་པའི་ཤེལ་དང་མཚུངས་པ་ཡི། །ཕྱེ་མ་རྡོ་རྗེའི་རང་བཞིན་སྐྱེས། །ཛི་པའི་མེ་ཏོག་དང་མཚུངས་པའི། ། [8B] །པདྨ་རཱ་ག་ཨུཏྤ་ལ་།ཕྱེ་མ་མཐའ་དག་གིས་གདབ་བྱ། །གུར་གུམ་ཆུ་དང་མཚུངས་པ་དང། །པུཥྤ་རཱ་ག་ཡི་དཀྱིལ་འཁོར། །ཟར་མའི་མེ་ཏོག་ དང་མཚུངས་ཤིང། །དེ་བཞིན་མ་ར་ཀ་ཏས་ཀྱང། །དེ་ཙམ་ཁ་དོག་རིན་ཆེན་མ། །ལྕགས་ཀྱང་རུང་སྟེ་མིང་ཅན་ལྔ། །ཡང་ན་དྲིས་བཏགས་ཕྱེ་མས་སམ། །ཇི་ལྟར་སྙེད་པ་ རྣམས་སྤྲུལ་པས། །རབ་བཀུག་རིན་ཆེན་ཕྱེ་མ་ཡིས། །ཡང་དག་པ་ཡིས་དངོས་གྲུབ་འདོད། །ནོར་བུ་མཆིང་བུ་མཚུངས་མིན་གང། །པདྨ་རཱ་གས་རྣམ་པ་ཀུན། །དཀྱིལ་ འཁོར་ཡོ་བྱད་ཐམས་ཅད་ཀྱང། །སློབ་དཔོན་གྱིས་ནི་གཞོན་ནུ་མའི་།ལག་པས་བྱེད་དུ་གཞུག་པར་བྱ། །བྲམ་ཟེ་རྒྱལ་རིགས་རིགས་སྐྱེས་པ། །བྱང་ཆུབ་སེམས་ནི་བསྐྱེད་པ་ དང༑ ༑མ་ནོར་སྐྱེས་པ་རབ་མཛེས་པ། །དབང་པོ་མ་ཚང་མ་ཡིན་པ། །མདོར་ན་བུད་མེད་མཚན་ཉིད་དང། །ཡང་དག་ལྡན་པར་སྐྱེས་པ་ཡིས། །འདི་འདྲའི་གཞོན་ནུ་མ་གཅིག་ གཉིས། །གསུམ་ལ་གསོ་སྦྱོང་སྦྱིན་ནས་ནི། །འོ་མའི་ཟས་ཀྱིས་མངོན་དགའ་བར། །བྱས་ནས་དཀར་པོའི་གོ་བགོས་ཏེ། །དཀྱིལ་འཁོར་ཡོ་བྱད་ཐམས་ཅད་ནི། །བྱེད་ བཞུག་དཀྱིལ་འཁོར་ཡོ་བྱད་ཀུན། །ལེགས་བསགས་སོ་སོར་བརྟགས་པ་ཡིས་།ཆུ་དང་རྣམ་པར་དབེན་པ་དང། །དགེ་སློང་འདུལ་བ་བྱས་པ་དང་།ཡོངས་སུ་སྦྱང་བ་ [9A]༄༅། །བྱས་པ་དང། །གཙང་སྦྲའི་སྤྱོད་པ་སྔོན་འགྲོ་བས་།སློབ་དཔོན་རང་གི་ལྷག་གནས་ཆེད། །ཕྱེ་མ་ཐམས་ཅད་བདུག་པ་དྲི། །གཏོར་མ་དང་ནི་མར་རྣམས་ ནི༑ ༑ཆོ་ག་ཅན་གྱིས་བྱེད་དུ་གཞུག་དེ་ནས་སློབ་དཔོན་ཡོ་བྱད་ཀུན་།ཚོགས་ནས་དཀྱིལ་འཁོར་རང་ཉིད་བྲི། །སློབ་མ་ཡོངས་སུ་གཟུང་བར་གྱིས། །དེ་རྣམས་སངས་རྒྱས་ཆོས་ དང་ནི། །དགེ་སློང་དགེ་འདུན་ལ་རབ་དང། །ཡན་ལག་ཆ་ཤས་ཀུན་རྫོགས་པ། བདེན་པར་སྨྲ་དང་སྦོམ་པ་མིན། །མཛེས་པ་མཐོང་དང་ཁ་དོག་གཙིགས། །གཟུང་བར་མི་ བྱ་གཅིག་གཉིས་གསུམ། །བཅོ་བརྒྱད་དང་ནི་གཞན་བཅུ་དྲུག་དེ་རྣམས་སྐྱབས་གསུམ་ཡོངས་སུ་འཛིན། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་།འོ་མའི་སྟོན་མོ་བཟའ་བ་ དང༑ ༑འོ་མའི་ཤིང་ལས་བྱུང་བ་ཡི། །སོ་ཤིང་སོར་མོ་བརྒྱད་ཀྱི་ཚད། །བཅོམ་ལྡན་རྩ་བའི་སྙིང་པོ་ཡིས། །ལན་ནི་ཉི་ཤུ་རྩ་བདུན་དུ། །མངོན་པར་སྔགས་ནས་བ་ཡི་ གཅིན། །རབ་སྦྱར་མཚན་མོའི་ཐུན་མཚམས་སུ། །དཀྱིལ་འཁོར་ས་གཞི་ཕྱི་རོལ་དུ། །ཤར་དུ་མངོན་ཕྱོགས་ཀུ་ཤ་ཡིས། །ཁྲེས་ལ་རིམ་པས་ཉེར་འདུག་ནས། །སྙིང་ བོ་རེ་རེ་ལག་པར་བྱིན། །རྩ་བའི་སྙིང་པོ་ལན་བདུན་བཟླས་།གཙུག་ཏོར་བཅིང་ལའང་བདུན་བཟླས་བྱ། །དེ་ནས་སོ་ཤིང་དེ་རྣམས་ལ། །བྱིན་ནས་རང་རང་སོ་ཤིང་བཟའ།། [9B] །ལན་བདུན་སྔགས་པའི་དྲི་ཡི་ཆུས། །སྤྱི་བོར་མངོན་པར་གཏོར་བར་བྱ། །དེ་ནས་དེ་རྣམས་ལ་བརྗོད་བྱ། །བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས།། དབང་ཕྱུག་མཆོག་གི་ཐུགས་རྗེ་ཅན། །ཆེན་པོའི་མཆོག་ནི་སྦྱིན་པ་པོ། །བསྒྲལ་དཀའ་སྒྲོལ་བ་དྲན་པར་གྱིས། །བཅོམ་ལྡན་འདས་མ་སྒྲོལ་མ་ཡང། །རིག་པའི་རྒྱལ་མོ་ཆེན་མོ་སྟེ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བསྐྱེད་པར་བྱེད་མ་དྲན་པར་གྱིས། །དེ་ཡི་འོག་ཏུ་སློབ་དཔོན་གྱིས། །སློབ་མ་དེ་རྣམས་ཀུན་ལ་ནི། །འདོད་ཆགས་བྲལ་དང་ལྡན་པའི་ ཆོས༑ ༑བརྟན་པར་བྱས་ནས་དེ་རྣམས་མདུན། །ཤེས་རབ་ཕ་རོལ་ཕྱིན་བཀླག་བྱ། །དེ་ལྟ་བུ་ཡི་ཆོ་ག་ཡིས། །བུད་མེད་རྣམས་ཀྱང་ཡོངས་བཟུང་བྱ། །ལངས་ནས་བུ་མོས་བཀལ་བ་ ཡིས༑ ༑སྲད་བུ་ཚོན་སྣ་ལྔ་པ་ནི། །མི་མཉམ་རྒྱུད་དུ་བསྒྲིམ་པ་ལ། །དྲི་ཡི་ཆུ་ཡིས་མངོན་བཀྲུས་ནས། །རེ་རེར་པདྨའི་བགྲང་ཕྲེང་གིས། །བསང་གཏོར་བྱས་ནས་རྩ་བ་ཡི། །སྙིང་པོ་ ལན་གྲངས་ཉེར་གཅིག་ཏུ། །མངོན་སྔགས་དེ་ལ་འདིར་བརྗོད་བྱ་།དཔལ་གྱི་གཞི་ནི་ཡོད་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཞབས་མཚན་མ། །བྱང་ཆུབ་སེམས་དཔའ་འབྱུང་བ་ སྟེ༑ ༑པདྨའི་བགྲང་ཕྲེང་དེ་ཕྱིར་སྔགས། །དེ་ནས་སློབ་དཔོན་རང་ཉིད་ཀྱིས། །སློབ་མ་རྣམས་ལ་ཆ་ཕྲ་མོས། །ལག་པ་ལ་ནི་བཅིང་བར་བྱ། །སློབ་མ་རྣམས་ལ་གང་ཁོ་ན། །དེ་ [10A]༄༅། །ཉིད་སློབ་མ་བདག་ཉིད་བྱ། །དེ་ནས་དཀྱིལ་འཁོར་ལྷག་གནས་པ། །ཤར་དུ་མངོན་ཕྱོགས་བླ་གོས་ནི། །ཕྲག་པ་གཅིག་ཏུ་བྱས་ནས་ནི། །པུས་མོ་གཡས་ པའི་ལྷ་ང་ནི། །ས་ལ་རབ་ཏུ་བཙུགས་བྱས་ཏེ། །རྩ་བའི་ཕྱག་རྒྱ་བཅིང་བ་དང། །རྩ་བའི་རིག་པ་བཟླས་པར་བྱ། །སངས་རྒྱས་བྱང་ཆུབ་ཐམས་ཅད་དང། །རང་རྒྱལ་འཕགས་པ་ ཉན་ཐོས་དང། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང། །ལྷ་མོའི་དྲི་དང་མེ་ཏོག་གི་ཕྲེང་བ་ཡོངས་སུ་འཛིན་པ་ཡིས། །ཀུན་ལ་གསོལ་བ་གདབ་པར་བྱ། །དཀྱིལ་འཁོར་གྱི་ནི་སློབ་དཔོན་ བདག་ཆེ་གེ་མོ་ཞེས་བྱ་བ་ཡིས། །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །དེ་དག་རང་ཉིད་བྱོན་པར་མཛོད། །སངས་རྒྱས་བཅོམ་ ལྡན་འདས་ཀུན་དང། །བྱང་ཆུབ་སེམས་དཔའ་རང་སངས་རྒྱས། །ཉན་ཐོས་ལྷ་ཀླུ་གནོད་སྦྱིན་དང། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་།མིའམ་ཅི་དང་ལྟོ་འཕྱེ་ཆེ། །རང་གི་ རིག་པ་སྔགས་ཚོགས་ཀྱིས། །ཡོངས་བསྐོར་སེམས་ཅན་ཐམས་ཅད་ལ་།རྗེས་སུ་བརྩེ་བས་བྱོན་ནས་ཀྱང། །བདག་ལ་རྗེས་སུ་གནང་བར་མཛོད། །དེ་ལྟར་ཡང་ གཉིས་ཡང་གསུམ་དུ། །དེ་ནས་དཀྱིལ་འཁོར་སློབ་དཔོན་གྱིས། །རྩ་བའི་རིག་པ་བཟླས་པ་དང། །དཀྱིལ་འཁོར་ས་གཞི་ལ་བལྟས་ནས་།དབུས་སུ་མེ་ཏོག་ཕྲེང་བ་ [10B] ༑གལ་ཏེ་མེ་ཏོག་ཕྲེང་གཡོ་བྱེད། །དེ་ནས་བྱོན་པར་ཤེས་པར་བྱ། །དེ་ནས་སངས་རྒྱས་བྱང་སེམས་ལ། །དྲི་ཡི་ཆུ་ཡིས་མཆོད་ཡོན་དང། །མེ་ཏོག་ཕུལ་ཅིག་དེ་ནས་ནི། །ཁྲུ་ བརྒྱའི་ཕྱི་རོལ་ས་གཞི་ལ། །ཡོངས་སུ་སྦྱང་བ་བྱས་པ་རུ། །ཨ་པཱ་མརྒའི་ཡམ་ཤིང་གིས། །མེ་ནི་རབ་ཏུ་སྦར་བྱས་ནས། །ཤར་དུ་མངོན་ཕྱོགས་ཀུ་ཤ་ཡིས། །རྩ་བའི་སྙིང་པོ་ སྦྲང་རྩི་ཞོ། །མར་གྱི་སྲེག་བླུགས་བརྒྱད་བརྒྱར་དབུལ། །དེ་ནས་སངས་རྒྱས་བྱང་སེམས་དང། །ལྷ་རྣམས་ལ་ཡང་མཆོད་ཡོན་དབུལ་།དེ་ནས་དཀྱིལ་འཁོར་ཕྱོགས་བཞི་ རུ༑ ༑གསོ་སྦྱོང་ཡོངས་སུ་བླངས་པ་ཡིས། །སྐྱེས་བུ་སྲུང་བའི་ཕྲེང་བ་དང། །དབང་པོ་ཚང་བ་བཞག་པར་བྱ། །དེ་ལ་འདིར་ནི་བརྗོད་བྱ་སྟེ། །གང་ཞིག་རྣམ་པ་གཞན་བྱ་བ། །སྐྱོང་ བ་བྲལ་བར་འགྱུར་བ་སྟེ། །དཀྱིལ་འཁོར་དམ་ཚིག་བརྒྱད་རྣམས་ནི་།ཡང་དག་འབྱུང་བར་མི་འགྱུར་རོ། །དེ་ཕྱིར་ཆོ་ག་བྱས་པ་ཡིས་།སློབ་མས་དམ་ཚིག་ཤེས་པར་ འགྱུར། །དེ་ནས་དཀྱིལ་འཁོར་སློབ་དཔོན་གང། །རབ་གནས་སློབ་མས་ཐབས་ཅིག་ཏུ། །སོང་ནས་ཀུ་ཤ་བཏིང་བ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ ཀུན་རྗེས་སུ་དྲན་པ་ཡིས། །གཡས་པའི་གཞོགས་ཀྱིས་ཉལ་བར་བྱ་།དེ་ནས་ཐོ་རངས་སློབ་དཔོན་གྱིས། །གཙང་མ་ཤར་དུ་ཁ་ཕྱོགས་པས། །རྨི་ལམ་རྣམ་པར་དཔྱད་ [11A]༄༅། །པར་བྱ། །དེ་ལ་འདི་ནི་བརྗོད་བྱ་སྟེ། །གང་ཞིག་ཙནྡན་བིལ་བ་སོགས། །ཨུ་དུ་མ་བཱ་ར་སོགས་ནྱ་གྲོདྷ། །རྒྱལ་མཚན་ཕྲེང་བས་ཁྱབ་པ་དང། །རྨི་ལམ་ རབ་ཏུ་དད་པའང་རུང། །ཁ་ཅིག་མེ་ལྕེ་མཛེས་པ་དང། །དེ་ལྟར་མཐོང་བ་དེ་དངོས་གྲུབ། །མཆོག་གི་བར་དུའོ་ངང་པ་དང། །ཀཱ་རནྜ་བ་ཀྲུང་ཀྲུང་དང། །རྨ་བྱ་རོ་ཧ་ཎ་རྣམས་ ནི༑ ༑གང་ཞིག་དེ་ལྟ་བུ་མཐོང་འགྱུར། །རྨི་ལམ་བར་མའི་དངོས་གྲུབ་དེ། །མྱུར་བ་ཁོ་ནར་འབྱུང་བར་འགྱུར། །མ་འམ་ར་ཧ་ཎ་ཡང་རུང། །དེ་བཞིན་པི་ཝང་ཐོགས་པ་ དང༑ ༑ཀུཎྜ་ལ་སོགས་པ་ཡང་རུང། །དེ་བཞིན་ཨ་སོགས་དཧི་མཐོང་ན། །གང་ཡང་རྨི་ལམ་མཐོང་བྱེད་པ། །མི་རྣམས་ཐ་མའི་དངོས་གྲུབ་དེ། །སྒྲོལ་མའི་རྟོག་པར་ངེས་ པར་བསྟན། །གཏུམ་པོ་ཁྱི་ཡི་ལག་པ་རྣམས། །གང་གིས་མཐོང་བར་གྱུར་པ་དང། །བོང་བུ་རྔ་མོ་ཤིང་རྟ་སོགས། །མཐོང་དང་རེག་པ་ཉིད་སོགས་སམ། །རྒྱ་སྐྱེགས་ ཏིལ་མར་གྱིས་རེག་པ། །གང་གིས་རྨི་ལམ་དུ་འཇུག་པ། །དེ་ཡི་དངོས་གྲུབ་ངེས་པར་གནས། །དམ་ཚིག་ཙམ་དུ་འབྱུང་བར་འགྱུར། །དེ་ལྟ་བུ་སོགས་ཡོན་ཏན་ལྡན། །རྨི་ ལམ་བློ་ཡིས་རྣམ་དཔྱད་ནས། །དེ་ལྟར་རབ་བློ་གང་ཤེས་ནས། །སློབ་མ་དེ་ལ་རྨི་ལམ་གྱི། །ལུང་དུ་ཡང་ནི་བསྟན་པར་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་ནི། ། [11B] །དགེ་སློང་དགེ་སློང་མ་དང་ནི། །དགེ་བསྙེན་དགེ་བསྙེན་མ་ཡང་རུང། །ཆེན་པོ་དེ་རྣམས་གསོ་སྦྱོང་ནི། །བཟུང་སྟེ་ཕྱི་ནས་སློབ་མ་རྣམས། །གསོ་ སྦྱོང་ཡང་དག་གུས་པར་བྱ། །སློབ་མ་རྨི་ལམ་མི་དགེ་བ། །བསྟན་བྱ་སྔོན་དུ་སྦྱིན་སྲེག་བྱ། །དེ་ནས་དཀྱིལ་འཁོར་སློབ་དཔོན་ནི་།སྔ་མ་ཁོ་ནར་ས་དང་ནི། །རས་རིས་མཐར་ནི་ ཨ་ལཱ་ཡ། །ཟངས་ལས་འབྱུང་བ་རབ་ཞུགས་ཏེ། །ཡང་དག་འཇོག་པར་བྱེད་དུ་གཞུག་དེ་ནས་དཀྱིལ་འཁོར་ས་གཞི་ལ། །ཙནྡན་ཆུ་ཡིས་ལེགས་པར་བྱུག་སློབ་མ་ཐམས་ ཅད་གནས་གཅིག་ཏུ། །སྙིང་པོ་བསྲུང་བ་བྱས་ནས་ནི། །དཀྱིལ་འཁོར་ཕྱི་ཡི་གནས་གཅིག་ཏུ། །ཉེར་འདུག་དམ་ཚིག་ཤེས་པ་རྣམས། །ནང་དུ་རབ་ཏུ་གཞུག་པར་བྱ། །དེ་ནས་ ཉི་མ་ནུབ་དུས་སུ། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །བུ་མོས་བཀལ་བའི་སྲད་བུ་ནི། །ཚོན་སྣ་ལྔ་པ་རྩ་བ་ཡི། །སྙིང་པོ་ལན་བདུན་སྔགས་བྱས་ཏེ། །དབང་ལྡན་ཕྱོགས་ ནས་བརྩམས་ནས་ནི། །ཕུར་བུ་དེ་རྣམས་སྲད་བུས་བཅིངས། །དེ་དག་ཐམས་ཅད་ཁྲུ་ཡི་ཚད། །གསུམ་བྱས་སྲད་བུས་ཡོངས་དཀྲི་བྱ། །ཕྱི་ནས་ཀུན་ཏུ་དུང་དང་ནི། །རྔ་བོ་ཆེ་ དང་རྫ་རྔ་དང། །འཁོར་རྔ་རྣམ་པ་སྣ་ཚོགས་པའི། །འཁར་བ་དང་ནི་ཕེག་རྡོབ་རྣམས། །ཀུན་ནས་འཁྲོལ་བར་བྱེད་དུ་གཞུག་།གདུགས་དང་རྒྱལ་མཚན་བ་དན་སོགས། །ཕྱི་ [12A]༄༅། །རོལ་དུ་ནི་དགྲམ་པར་བྱ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །ཚོན་སྣ་ལྔ་པའི་ཐིག་སྐུད་ཀྱིས། །ཁྲུ་བརྒྱར་བྱས་ནས་ཐིག་གདབ་བྱ། །དེ་ལམ་དཀྱིལ་ འཁོར་གཉིས་པ་སྟེ། །དེ་ནས་ཁ་དོག་ཐམས་ཅད་པ། །རྩ་བའི་ཕྱག་རྒྱ་བཅིང་ནས་ནི། །རྩ་བའི་རིག་པ་བརྒྱད་བརྒྱར་བཟླས་།དེ་ནས་དཀྱིལ་འཁོར་སློབ་དཔོན་ནི། །སངས་རྒྱས་ བྱང་ཆུབ་སེམས་དཔའ་ཀུན། །རང་སངས་རྒྱས་དང་འཕགས་པ་ཡི་།ཉན་ཐོས་དགེ་འདུན་རྣམས་ལ་ནི། །ཕྱག་བྱས་དཀྱིལ་འཁོར་ཁོར་ཡུག་ཏུ། །རྒྱང་གྲགས་ལྔ་པ་ལྷག་གནས་ ཆེ༑ ༑རལ་པ་གཅིག་པའི་སྙིང་པོ་ཡིས། །གདུག་པའི་སེམས་ཅན་ཐམས་ཅད་ཀྱི། །སེམས་ནི་བཅིང་བར་བྱ་བའོ། །དཀྱིལ་འཁོར་ཡང་ནི་ཐམས་ཅད་ཀྱི། །སློབ་དཔོན་གྱི་ནི་ ཡོ་བྱད་རྣམས། །རལ་གཅིག་སྙིང་པོ་ཉིད་ཀྱིས་ནི། །ཐོག་མར་བསྲུང་བ་བྱས་ནས་ནི། །བྱང་ཤར་ཕྱོགས་ནས་བརྩམས་བྱས་ཏེ། །ཚངས་པའི་ཐིག་ནི་གདབ་པར་བྱ། །རྩ་བའི་ རིག་པ་ཟློས་པ་ཉིད། །དཀྱིལ་འཁོར་ཐམས་ཅད་མཁས་པས་བྲིས་།ཡོངས་སུ་བཅད་ཅིང་ལུས་དཀར་བའི། །སློབ་དེ་དེ་བཞིན་གཤེགས་རྣམས་ལ། །ཕྱག་རྒྱ་རིན་ཆེན་ ཕྱེམས་སོ། །པདྨའི་རིགས་ལ་ཕྱག་བྱས་ཏེ། །ཕྱེ་མ་སེར་པོས་བཅོམ་ལྡན་མ། །འཕགས་མ་སྒྲོལ་མ་ཕྱག་བྱས་ནས། །ལྗང་གུ་རྣམས་ཀྱིས་ཉན་ཐོས་ཀུན། །རང་སངས་རྒྱས་ [12B] །ནག་པོས་རྡོ་རྗེའི་རིགས་ལའོ། །དེ་ལྟར་དང་པོས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པའི་སྙིང་པོར་རོ། །ཕྱི་ནས་གཉིས་ལ་ཁྲུ་གཉིས་ཀྱི་ཚད་དུ་རབ་ཏུ་འཇུག་པར་ བྱེད་པའོ། །གསུམ་པ་མཐོ་གང་བ་དེའི་ཉིས་འགྱུར་རོ། །དེ་ལྟར་ཐམས་ཅད་དུ་རིམ་གྱིས་བྲིས་ནས་ནང་གི་དཀྱིལ་འཁོར་དུ་བྲི་བར་འདོད་པས་སངས་རྒྱས་བཅོམ་ལྡན་འདས་དང་ བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་ཐམས་ཅད་དེར་རང་བྱོན་པར་མཛད་དུ་གསོལ། འབྲུ་ཐམས་ཅད་དང། རིན་པོ་ཆེ་ཐམས་ཅད་དང། སྨན་ཐམས་ཅད་དང་ དྲི་དང༑ མེ་ཏོག་ཐམས་ཅད་དང། ཙནྡན་གྱི་ཆུས་ཡོངས་སུ་བཀང་བ། མཱ་ཥའི་ཡལ་འདབ་ཀྱིས་ཁ་བཀང་པ། དུ་ཀུ་ལའི་རས་དཀར་པོས་མགྲིན་པ་བཅིངས་པ། གསེར་དང་ དངུལ་ལས་བྱུང་པ། དཀྱིལ་འཁོར་དེའི་ཡོ་བྱད་ཐམས་ཅད་རས་རིས་གཉིས་པའི་མཐར་མེ་ཏོག་གི་ཕྲེང་བས་དཀྲིས་ནས་རྩ་བའི་རིག་པས་བསྔགས་པ་དེ་རྣམ་པར་རྒྱལ་བའི་ བུམ་པ་ཞེས་བྱ་བ་སྟེ་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་བྱའོ། །དེ་ལ་འདི་བརྗོད་པར་བྱ་སྟེ། །དམ་ཚིག་དོན་དང་བསོད་ནམས་དོན། །འདོད་དོན་སོ་སོར་དམིགས་ བྱེད་དུ། །སྡོམ་པ་གཟུང་བར་བྱས་གྱུར་ནས། །གང་དུ་གནས་པ་ཐམས་ཅད་ནས། །དཀྱིལ་འཁོར་མཆོག་འདི་བྲི་བར་བྱ། །གཞན་གྱིས་མི་ཐུབ་ཐུགས་རྗེ་ཆེ། །སངས་རྒྱས་ [13A]༄༅། །བྱམས་པ་སྤྱན་མར་བཅས། །འདི་རྣམས་མིང་ནི་ཀུན་དྲང་ནས། །དེ་བཞིན་གཤེགས་པ་བྲི་བར་བྱ། །འཇིག་རྟེན་གསུམ་རྒྱལ་དཀར་མོར་གྲགས།། དེ་བཞིན་དུ་ནི་ཁྲོ་གཉེར་ཅན། །ཁྲོས་མ་ཞེས་ནི་གྲགས་པ་སྟེ་།འདི་རྣམས་མིང་ནི་ཀུན་དྲན་ནས། །སྤྱན་རས་གཟིགས་ནི་བྲི་བར་བྱ་།རིག་པ་མཆོག་ལས་སླར་འཇིགས་ བྱེད༑ ༑རྡོ་རྗེ་སེར་སྐྱ་རྡོ་རྗེ་ནི། །དྲག་པོར་བཞེད་དང་སེངྒེ་དང། །དེ་བཞིན་རྡོ་རྗེ་ཁུ་ཚུར་ཉིད། །འདི་རྣམས་མིང་ནི་ཀུན་ནས་ནི། །ཕྱག་ན་རྡོ་རྗེ་ཀུན་ཏུ་བྲི། །དེ་ནས་དཀྱིལ་འཁོར་ སློབ་དཔོན་གྱིས་སྙིང་པོའི་དཀྱིལ་འཁོར་གྱི་དབུས་སུ་ཕྱེ་མ་དཀར་པོ་དང། ཡུངས་ཀར་དཀར་པོ་བསྲེས་པས་སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་སེངྒེའི་གདན་ལ་ཉེ་ བར་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། འོད་ཀྱི་དཀྱིལ་འཁོར་འོད་ཀུན་ཏུ་འཕྲོ་བ། གཙུག་ཏོར་ནས་འོད་ཟེར་འབྱུང་བཞིན་པའི་བཅོམ་ལྡན་འདས་རྣམ་པ་མཆོག་ ཐམས་ཅད་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ་དང་པོར་བྲིས་ཤིག་བཅོམ་ལྡན་འདས་ཀྱི་སྟེང་གི་གཞོགས་གཉིས་སུ་ཕྱེ་མ་སེར་པོ་དང། པདྨ་གེ་སར་ ཕན་ཚུན་བསྲེས་པས་གཙུག་ཏོར་གྱི་རྒྱལ་པོ་རྣམས་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོའི་གཟུགས་དང། ཆ་བྱད་དང་ [13B] རབ་ཏུ་དང་བའི་སྐུ་དེ་བཞིན་གཤེགས་པ་ལ་མངོན་པར་ཕྱོགས་པ། ས་བོན་གྱིས་གང་བ་དང། འབྲས་བུ་ཕྱག་ན་བསྣམས་པ་ལ། འདི་ལྟ་སྟེ། བཅོམ་ ལྡན་འདས་རྒྱལ་བའི་གཙུག་ཏོར་དང། འཁོར་ལོས་བསྒྱུར་བ་དང་ཀུན་ནས་འབར་བའི་གཙུག་ཏོར་དང། གདུགས་དཀར་པོ་དང། གཟི་བརྗིད་ཕུང་པོ་དང། ནོར་བུའི་ཕུང་པོ་ དང༑ གསེར་གྱི་ཕུང་པོ་དང། རྣམ་པར་གྲགས་པའི་ཕུང་པོ་དང་ཀུན་ནས་ཕུང་པོ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་ཕུང་པོ་དང། མ་ནོར་བ་དེ་བཞིན་ཉིད་ ཀྱི་ཕུང་པོ་དང། རྟག་པའི་ཕུང་པོ་དང། དངོས་པོ་མེད་པའི་རང་བཞིན་གྱི་ཕུང་པོ་དང། ཐམས་ཅད་ཕུང་པོ་དང། སྒྲ་དབྱངས་སྙན་པའི་ཕུང་པོ་དང། འཇིག་རྟེན་གསུམ་པའི་ ཕུང་པོ་དང། མཐའ་ཡས་ཕུང་པོ་དང། བསོད་ནམས་ཕུང་པོ་དང་ལྷའི་ཕུང་པོ་ཞེས་པ་འདི་རྣམས་གཡས་ཀྱི་གཞོགས་སུ་ཉེ་བར་བཞུགས་པའོ། །གཡོན་དུ། འདི་ལྟ་སྟེ་ བཅོམ་ལྡན་འདས་རྒྱལ་བའི་གཙུག་ཏོར་དང། མངོན་པར་འཕགས་པ་དང། རྣམ་པར་རྒྱལ་བའི་གཙུག་ཏོར་དང། མངོན་པར་མཐོ་བ་དང་སའི་འདབ་མ་དང། འདབ་མ་ བརྒྱ་པ་དང། འདབ་མ་སྟོང་པ་དང། འོད་ཟེར་དང། འོད་ཟེར་ཆེན་པོ་དང། དྲི་མ་མེད་པའི་འོད་ཟེར་དང། བཀོད་པའི་འོད་ཟེར་དང་དཀར་པོའི་འོད་ཟེར་དང། པདྨའི་འོད་ [14A]༄༅། །ཟེར་དང། བཀོད་པའི་གཙུག་ཏོར་དང། བདུད་བཞི་རྣམ་པར་འདུལ་བའི་གཙུག་ཏོར་དང། གཙུག་ཏོར་མངོན་པར་འཕགས་པ་དང་བསམ་གྱིས་ མི་ཁྱབ་པའི་གཙུག་ཏོར་ཞེས་པ་འདི་རྣམས་དང། དེ་བཞིན་གཤེགས་པའི་ནུས་པ་དང། ལུང་བསྟན་པ་ཞེས་གཙུག་ཏོར་གྱི་རྒྱལ་པོ་འདི་རྣམས་གཡོན་གྱི་སྟེང་དུ་བྲི་བར་བྱའོ།། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཉེ་ལོགས་སུ་ཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་མོ་ཆེན་མོ་བརྒྱད་བྲི་སྟེ། བཅོམ་ལྡན་འདས་མ་སྤྱན་མ་དང། མཛོད་སྤུ་དང། ཟླ་ བ་དང། སྙིང་རྗེ་མ་དང། བྱམས་པ་མ་དང། མི་འཇིགས་མ་དང་ལུང་བསྟན་མ་དང། དེ་བཞིན་གཤེགས་པའི་ནུས་པ་ཞེས་བྱ་བ་འདི་རྣམས་པདྨའི་གདན་ལ་ གནས་པ། འབར་བའི་ཕྲེང་བའི་འཁྲུགས་པ། རབ་ཏུ་དང་བའི་སྐུ་དེ་བཞིན་གཤེགས་པའི་དྲི་མ་དང། དེ་བཞིན་གཤེགས་པའི་འོད་ཀྱི་དྲ་བ་དང། དེ་བཞིན་གཤེགས་པའི་ཀུན་ ཏུ་སྣང་བ་དང། དེ་བཞིན་གཤེགས་པའི་སྙིང་པོ་དང། དེ་བཞིན་གཤེགས་པའི་ཉེ་བའི་སྙིང་པོ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ་འབར་བའི་ཕྲེང་བས་འཁྲུགས་པ། རབ་ ཏུ་དང་བའི་སྐུ་ཅུང་ཟད་དེ་བཞིན་གཤེགས་པ་ལ་ངེས་པར་རྟོག་བཞིན་པ། རང་གི་གཟུགས་ལས་རབ་ཏུ་སྣང་བའི་སྐུ་བྲིའོ། །གཙུག་ཏོར་འཁོར་ལོས་བསྒྱུར་བའི་འོག་ཏུ་དེ་ [14B]བོའི་གཟུགས་ཅན་པདྨའི་གདན་ལ་བཞུགས་པ། ཀུན་ནས་འོད་ཀྱི་དཀྱིལ་འཁོར་ཅན། རྩེ་གསུམ་དང། ཞགས་པས་ ཕྱག་བྲེལ་པ། ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་བལྟ་བའོ། །གཞན་དུ་རྒྱལ་བའི་གཙུག་ཏོར་གྱི་ཉེ་ལོགས་སུ་ཕྲེང་གཅིག་ལ་བརྟེན་པའི་རིག་པའི་རྒྱལ་མོ་ཆེན་ མོ་བརྒྱད་ལ། འདི་ལྟ་སྟེ། བཅོམ་ལྡན་འདས་མ་གཞན་གྱི་མི་ཐུབ་མ་དང། ཕྱི་ནས་དགེ་སྦྱོང་མ་དང། དེ་བཞིན་གཤེགས་པའི་མཛེས་མ་དང། སངས་རྒྱས་དཀར་མོ་དང་ དེ་བཞིན་གཤེགས་མ་སེམས་མ་དང། དེ་བཞིན་གཤེགས་པ་ལྕགས་ཀྱུས་འགུགས་མ་ཞེས་པ་འདི་རྣམས་པདྨའི་གདན་ལ་གནས་པ། འོད་ཀྱི་དཀྱིལ་འཁོར་གྱི་སྐུའོ། །དེ་བཞིན་ གཤེགས་པ་ལ་མངོན་པར་ཕྱོགས་པའོ། །འདི་རྣམས་ཀྱི་སྟེང་དུ་གསང་སྔགས་ཀྱི་རྒྱལ་པོ་བརྒྱད་ལ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐའ་དང། དེ་བཞིན་ གཤེགས་པའི་ཀུན་ཏུ་སྣང་བ་དང། དེ་བཞིན་གཤེགས་པའི་མཁྱེན་པ་དང། དེ་བཞིན་གཤེགས་པའི་འཇིག་རྟེན་གསུམ་དང། དེ་བཞིན་གཤེགས་པའི་འདུས་པ་དང། དེ་བཞིན་ གཤེགས་པའི་སྐུ་དང། དེ་བཞིན་གཤེགས་པའི་སྤྲུལ་པ་དང། དེ་བཞིན་གཤེགས་པའི་འཇིག་རྟེན་ཞེས་པ་འདི་རྣམས་ཀུན་ནས་འོད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བ་ [15A]༄༅། །པདྨའི་གདན་ལ་གནས་པ། རབ་ཏུ་དང་བའི་སྐུ། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ། །རྒྱལ་བའི་གཙུག་ཏོར་གྱི་འོག་ཏུ་ དེ་བཞིན་གཤེགས་པའི་ཡན་ལག་དང་ལྡན་པའི་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཀུན་ནས་འོད་པདྨའི་གདན་ལ་གནས་པ། ཕྱག་ན་པདྨ་སྟེ་དེ་རྣམས་ཐམས་ཅད་ལྷའི་གཟུགས་ གཡས་པས་ས་བོན་གྱིས་གང་བ་དང། ཕྱག་གཡོན་པས་མཆོག་སྦྱིན་པ། རང་གི་ཆ་བྱད་ཀྱིས་ཀུན་ཏུ་གནས་པར་ཡང་ངོ། །གཙུག་ཏོར་གྱི་རྒྱལ་པོའི་སྟེང་དུ་རང་སངས་ རྒྱས་བརྒྱད་ཇི་ལྟར་རིག་པར་བྲི་བར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་སྙན་གྲགས་ཞེས་བྱ་བའི་རང་སངས་རྒྱས་དང། སྟེང་གི་དྲང་སྲོང་དང། དྲང་སྲོང་ཆེན་པོ་དང་ ལྷའི་དྲང་སྲོང་དང། མཱ་ད་ར་དང། བརྩེགས་པ་དང། ལེགས་པར་བརྩེགས་པ་དང། བརྩེགས་པ་ཆེན་པོ་ཞེས་པ་རང་སངས་རྒྱས་བརྒྱད་པོ་འདི་རྣམས་པདྨའི་གདན་ལ་ སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འབར་བའི་ཕྲེང་བས་འཁྲུགས་པ། བླ་གོས་སེར་པོ་ཅན་ནོ་།བཅོམ་ལྡན་འདས་ཀྱི་འོག་ ཏུ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །གཡོན་དུ་སྣམ་སྦྱར་རོ་།མདུན་གྱི་འོག་ཏུ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་ [15B] །དེའི་ཡང་ཉེ་ལོགས་སུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཞེས་བྱ་བ། རལ་པའི་ཅོད་པན་འཆང་བ། པདྨའི་གདན་ལ་གནས་པ་དང་ བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའི་འོག་ཏུ་པདྨ་རིགས་མཛེས་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་བྲི་བར་བྱའོ། །པདྨའི་གདན་ལ་ཉེ་བར་ འདུག་པ། རལ་པའི་ཅོད་པན་འཆང་བ། དར་ལ་དང། རས་ཀྱི་སྨད་གཡོགས་དང། སྟོད་གཡོགས་ཅན། ཐལ་མོ་སྦྱར་བ་བྱས་པ། ཅུང་ཟད་སྒྲོལ་མའི་གཟུགས་ལ་ལྟ་བར་ གྱུར་པ། བཀའ་ནོད་པར་བྱེད་བཞིན་པའོ། །དེའི་གོང་དུ་པདྨ་ཆེན་པོ་ཞེས་བྱ་བའི་ཁྲོ་བོ་མདོག་དམར་པོ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་གདན་ལ་ཉེ་བར་ འདུག་པ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའོ། །ཁྲོ་བོའི་རྒྱལ་པོ་དེ་རྣམས་ཐམས་ཅད་ཀུན་ནས་འབར་བ་ཆེན་པོའི་འོད་ཀྱི་དཀྱིལ་ འཁོར་དང་རྣམ་པར་འགྱུར་པའི་གཟུགས་འཆང་བ། དར་དང། རས་ཀྱི་སྨད་གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ལུས་སུ་བྱའོ། །སྒྲོལ་མའི་གཡོན་གྱི་ གཞོགས་སུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་སྐུ་མདོག་དཀར་པོ་རལ་བའི་ཅོད་པན་འཆང་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དར་ལའི་སྟོད་གཡོགས་ [16A]༄༅། །ཅན༑ དར་ལ་དང། རས་ཀྱི་སྨད་གཡོགས་དང། པདྨའི་གདན་ལ་གནས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པའོ། །སྤྱན་རས་ གཟིགས་དབང་ཕྱུག་གི་པདྨའི་འོག་ཏུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པ་འགྲོ་བ་ཞེས་བྱ་བ་བྲི་ཡང་ཀུ་ལྟར་སྔོ་བསངས། ཅུང་ཟད་འཛུམ་པའི་བཞིན་དང། པདྨའི་གདན་ ལ་ཉེ་བར་འདུག་པ། རལ་པའི་ཅོད་པན་འཆང་བ། གཡོ་བ་དང་བཅས་པའི་སྨད་གཡོགས་དང། དར་ལའི་སྟོད་གཡོགས་འཆང་བ། ཤིན་ཏུ་དང་བའི་སྐུ། འོད་ཟེར་འབར་ བ༑ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པའོ་།དྲི་མ་མེད་པ་འགྲོ་བའི་སྟེང་གི་གཡོན་དུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་དབྱུག་པ་དང་ རིལ་བ་སྤྱི་བླུགས་དང། བགྲང་ཕྲེང་དང། གཡང་གཞི་ནག་པོ་ཅན་དང། རབ་ཏུ་དང་བའི་སྐུ་འབར་བའི་ཕྲེང་བས་འཁྲུགས་པ་བྱའོ། །དེའི་འོག་ཏུ་འདོད་པ་ཕུན་ཚོགས་ བྱེད་པ་པདྨའི་གདན་ལ་གནས་པ། སྐུ་དཀར་པོ། པདྨའི་སྡོང་བུས་དཀྲིས་པའི་ལུས་ཅན། ཕྱག་གཡོན་པས་པདྨ་དང། གཡས་པས་ཡིད་བཞིན་གྱི་ནོར་བུ་ཕྱག་ཏུ་ བཀོད་པ། འབར་བའི་ཕྲེང་བས་འཁྲུགས་པ། ཅུང་ཟད་འཛུམ་པའི་བཞིན་རས་ཅན། ཕྱག་ན་རྡོ་རྗེའི་གཡས་ཀྱི་སྣམ་བུ་གཅིག་ལ་རིག་པའི་རྒྱལ་པོ་ཆེན་པོ་བྲི་བར་བྱའོ།། [16B] བཅོམ་ལྡན་འདས་རིག་པ་མཆོག་དང། ཉལ་བ་དང་ལེགས་པར་གྲུབ་པར་བྱེད་པ་དང། རྡོ་རྗེ་སྡེ་དང། དཔུང་བཟང་དང། རལ་པ་གྱེན་བརྫེས་དང། རིག་པ་བཟང་པོ་ དང༑ ལེགས་འགྲུབ་དང། སྡེ་བཟང་དང། སྟོབས་པོ་ཆེ་དང། རྣམ་པར་འཇོམས་པ་དང། ཀི་ལཱི་ཀི་ལ་དང། མཆོག་དང། ལེགས་འདུལ་དང་འགྲོ་ལྡིང་བ་དང། སྔོན་རབས་ དང༑ རིན་ཆེན་ཀེ་ལཱི་དང། བྱིས་པའི་ཀེ་ལཱི་དང། ལེགས་པར་ཀེ་ལཱི་དང། ལེགས་པར་གང་བ་དང། གང་བ་ཆེན་པོ་དང། ལྷ་མཐར་བྱེད་དང། རྡོ་རྗེ་ཆེན་པོ་དང། འབར་བ་ ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྟེ་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤ་ལ་ལྟར་སྔོ་བསངས། བཞིན་ཅུང་ཟད་ ཁྲོ་གཉེར་དུ་བྱས་པ། ཕྱག་གཡོན་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བར་བྱེད་བཞིན་པའོ། །འདི་དག་གི་འོག་ཏུ་རིག་པའི་རྒྱལ་མོ་ཆེན་མོ་བྲི་བར་བྱ་སྟེ། འདི་ལྟ་ སྟེ༑ བཅོམ་ལྡན་འདས་མཱ་མ་ཀཱི་དང། རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང། རྡོ་རྗེ་རྒྱལ་མ་དང། རྡོ་རྗེ་རྣམ་པར་རྒྱལ་མ་དང། དམར་པོ་ལྡན་མ་དང། གྲགས་ ལྡན་མ་དང། བི་ཤི་ནི་རྡོ་རྗེ་སྤྱན་མ་དང། རྡོ་རྗེ་ཁྲོ་གཉེར་མ་དང། རྡོ་རྗེ་ཁུ་ཚུར་མ་དང། རྡོ་རྗེ་མི་འཇིགས་མ་དང། རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་སྒྲ་ལྡན་མ་དང། རྡོ་རྗེ་དགེ་ལེགས་ [17A]༄༅། །མ་དང། རྡོ་རྗེ་འཛིན་མ་དང། རྡོ་རྗེ་མ་མོ་དང། རྡོ་རྗེ་གཞན་གྱིས་མི་ཐུབ་མ་དང། རྡོ་རྗེ་གནམ་ལྕགས་མ་དང། དུས་ཀྱི་རྡོ་རྗེ་མ་དང། རྡོ་རྗེ་གཙུག་ ཕུད་མ་དང། རྡོ་རྗེ་བཀའ་བསྒོ་ཆེན་མོ་དང། རྡོ་རྗེ་འོད་དང་རྒྱལ་བ་ལྡན་མ་དང། རྡོ་རྗེ་གཟུགས་ལྡན་མ་དང། རྡོ་རྗེ་སྤྱན་མ་ཞེས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་རྡོ་རྗེའི་ རིགས་ཀྱི་རིག་པའི་རྒྱལ་མོ་ཆེན་མོ་སྟེ་རྨ་བྱ་ལ་ཉེ་བར་འདུག་པ། ཨུཏྤ་ལ་ལྟར་སྔོ་བསངས། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། ཅུང་ཟད་བཞིན་ཁྲོ་གཉེར་དང་ ལྡན་པར་བྱས་པ་དང། དར་དང། རས་ཀྱི་ཤམ་ཐབས་དང། དར་ལའི་སྟོད་གཡོགས་མནབས་པ། གཡོན་པ་རྡོ་རྗེ་དང། གཡས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་ལ་ཕྱག་འཚལ་བཞིན་པ། ལྷས་བསྟོད་པའི་གཟུགས་འཆང་བའོ་།དེ་རྣམས་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ་རང་གི་གཟུགས་དང་ ཆ་བྱད་དང། དབྱིབས་བཞིན་དུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་ རལ་པའི་ཅོད་པན་འཆང་བ། འོད་དཔག་མེད་དབུས་སུ་བཞུགས་པ། དར་ལའི་སྟོད་གཡོགས་ཅན། དར་ལ་དང། རས་ཀྱི་ཤམ་ཐབས་ཅན། རྒྱན་ཐམས་ཅད་ཀྱིས་ [17B] ཕྱག་གཡོན་པས་པདྨའི་ཕྱག་རྒྱ་གཡས་པས་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་པ། པདྨའི་གདན་ལ་སེམས་དཔའ་ཆེན་པོའི་མཚན་གྱིས་བརྒྱན་ པར་བྱས་པའི་ལུས་ཅན། ཅུང་ཟད་དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་སྔོན་པོའི་འདབ་མའི་ཁ་ དོག་ཅན། པདྨའི་གདན་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་རབ་ཏུ་དང་བའི་སྐུ། དར་དང། རས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དམར་པོ་མནབས་པ་ ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ཕྱག་གཡོན་པས་རྔ་ཡབ་ཀྱིས་བྲེལ་བ། འབར་བས་འཁྲུགས་པའི་སྤྱན་ཅུང་ཟད་དེ་བཞིན་གཤེགས་ པའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ། །སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་ཆེན་པོ་པྲི་ཡང་ཀུ་ལྟར་སྔོ་བསངས་མ། ཀུན་ནས་འབར་ བའི་ཕྲེང་བས་འཁྲུགས་པ། རབ་ཏུ་དང་བའི་སྐུ། པདྨའི་གདན་ལ་གནས་པ། ཅུང་ཟད་འཛུམ་བཞིན་པ། དར་དང། རས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དམར་ པོ་མནབས་པ། ཕྱག་གཡོན་པས་ཨུཏྤ་ལ་ཡོངས་སུ་བཟུང་ནས་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ། ལུས་ཅུང་ཟད་འདུད་པ། ལང་ཚོ་ [18A]༄༅། །དང་པོ་ཅན། ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བའི་བཅོམ་ལྡན་འདས་མ་སྒྲོལ་མ་བྲི་བར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་གཡས་སུ་ཕྲེང་གཅིག་ ལ་བརྟེན་པའི་རིག་པའི་རྒྱལ་པོ་ཆེན་པོ་བཅོ་བརྒྱད་ལ། འདི་ལྟ་སྟེ། བཅོམ་ལྡན་འདས་ཕྱག་མཐའ་ཡས་པ་དང། ཕྱག་སྟོང་པ་དང་ཕྱག་བརྒྱ་པ་དང། ཕྱག་བཅུ་གཉིས་པ་ དང༑ ཕྱག་དྲུག་པ་དང། ཕྱག་བཞི་པ་དང། ཞབས་སྟོང་པ་དང། ཞབས་བརྒྱ་པ་དང། ཞབས་བཅུ་གཉིས་པ་དང། ཞབས་དྲུག་པ་དང། ཞབས་བཞི་པ་དང། རྟ་མགྲིན་ དང༑ དོན་ཡོད་ཞགས་པ་དང། འོད་ཟེར་སྟོང་གིས་རྣམ་པར་སྣང་བ་དང། མགྲིན་པ་དཀར་པོས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང། མཐའ་ཡས་རྣམ་རྒྱལ་ དང༑ རྣམ་རྒྱལ་ཆེན་པོ་དང། ལྷའི་མཐའ་དང། མཐའ་དཔག་ཏུ་མེད་པ་དང། ཡིད་ཀྱི་ཤིང་རྟ་དང། མི་འཇིགས་པ་སྦྱིན་པ་ཞེས་པ་རིག་པའི་རྒྱལ་པོ་ཆེན་པོ་འདི་རྣམས་ པདྨའི་རིགས་ཀྱི་གཙོ་བོ་སྲིད་པར་འཇུག་པ་ཉེ་བར་སྤྱོད་པར་བྱེད་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་ལུས་ཀྱིས་ཉེ་བར་བསྐོར་བའི་ལུས་ཕྱག་ན་པདྨ་ དང༑ གཡས་པས་མཆོག་སྦྱིན་པ། ཅུང་ཟད་སྒྲོལ་མ་ལ་ལྟ་བར་གྱུར་པའོ། །བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་ཉེ་ལོགས་སུ་གོས་དཀར་མོ་པདྨའི་གདན་ལ་ཉེ་ [18B] རབ་ཏུ་དང་བའི་སྐུ། རལ་པའི་ཅོད་པན་འཆང་བ། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ་ལྟ་བར་གྱུར་པ། ཕྱག་ན་པདྨ་རབ་ཏུ་རྒྱས་པ་དང། གཡས་པས་བགྲང་ ཕྲེང་བསྣམས་པའོ། །དེའང་གཡས་སུ་ཕྲེང་ཅིག་ལ་བརྟེན་པའི་པདྨའི་རིགས་ཀྱི་ལས་ཀྱི་གཙོ་མོ་བཅུ་བཞི་བྲི་བར་བྱ་བ་ལ། འདི་ལྟ་སྟེ། བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་དང་ དཀར་མོ་དང། དཀར་མོ་ཆེན་མོ་དང། དཔལ་མདུན་མ་དང། པདྨ་གོ་བོ་རིག་དང། གྲགས་ལྡན་མ་དང། སངས་རྒྱས་དཔའ་བའི་ཟླ་བ་མ་དང། ལོངས་སྤྱོད་ལྡན་མ་དང། བདེ་ ལྡན་མ་དང། གྲགས་པ་ལྡན་མ་དང། ཤེས་རབ་གོས་ཅན་མ་དང་སྟོབས་གཅིག་མ་དང། སྟོབས་མང་པོ་དང། སྟོབས་བཅུ་མ་དང། སངས་རྒྱས་ཀྱི་ཡུམ་དང། བྱང་ཆུབ་ ཀྱི་ཡན་ལག་གི་ཡུ་མ་ཞེས་པ་འདི་རྣམས་རིག་པའི་རྒྱལ་མོ་ཆེན་མོ་སྟེ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་གདན་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་ བརྒྱན་པ། ལྷའི་བུད་མེད་ཀྱི་ཆ་བྱད་འཆང་བ། རབ་ཏུ་དང་བའི་སྐུ། ཅུང་ཟད་སྒྲོལ་མའི་གཟུགས་བརྙན་ལ་ལྟ་བར་གྱུར་པའོ་།པདྨ་བསྣམས་ཤིང་གཡས་པས་མཆོག་སྦྱིན་ པ༑ རང་གི་གཟུགས་སུ་བྲི་བར་བྱའོ། །སྒྲོལ་མའི་འོག་ཏུ་ཅི་བགྱི་ཞེས་བྱ་བ་བཅོམ་ལྡན་འདས་ལས་འཕགས་མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་ཞལ་བཞི་པ། ཕྱག་བཞི་པ་པདྨའི་ [19A]༄༅། །གདན་ལ་གནས་པ། ལུས་བརྟན་པ། ནག་པོ་མཐར་བྱེད་པའི་གཟུགས་ཅན། ཁྲོ་གཉེར་དུ་བྱས་པ། མཆེ་བ་གཙིགས་པ། ཞལ་གཅིག་གིས་དྲག་ ཏུ་བཞད་པས་གདངས་བཞིན་པ། གཉིས་པ་དེ་བཞིན་གཤེགས་པ་ལ་ལྟ་བཞིན་པ། དང་པོས་སྒྲོལ་མ་ལྟ་བའོ། །ཕྱག་དང་པོས་རིན་པོ་ཆེ་མཐོང་བ་འབྱིན་པར་བྱེད་བཞིན་ པ༑ གཡོན་དང་པོས་ཞགས་པ་བསྣམས་པ། བཅོམ་ལྡན་འདས་མ་སྒྲོལ་མའི་བཀའ་ནོད་པར་བྱེད་བཞིན་པའོ། །དེའི་འང་གཡས་སུ་ཁྲོ་བོ་ཆེན་པོ་སྒྲོལ་མས་ནོན་པ་ཞེས་ བྱ་བ་ལྷ་ཆེན་པོ་ལ་ཉེ་བར་འདུག་པ། པདྨའི་ཆུ་བས་དཀྲིས་པའི་ལུས་ཅན། ཨུཏྤ་ལ་ལྟར་སྔོ་བསངས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་བཀའ་ནོད་པར་ བྱེད་བཞིན་པ་བྲི་བར་བྱའོ། །འཇུག་པ་དང། དབང་བསྐུར་བའི་ཆོ་ག་ཐམས་ཅད་སྔར་བརྗོད་པ་ཁོ་ནའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མའི་དཀྱིལ་འཁོར་ཆེན་པོའི་ཆོ་ གའོ༑༑ །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ ལྡན་འདས། རལ་པ་གྱེན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོར་རང་གི་སྙིང་པོ་སྦྱིན་པར་བགྱིའོ། །གང་གིས་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ [19B] །འཇིགས་པ་དང། ཉེ་བར་འཚེ་བ་དང། ནད་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ། །ཁྱོད་ཀྱིས་སྨྲོས་ཤིག་དེ་ནས་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་སྙིང་པོའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་འདི་ལས་དཀྱིལ་འཁོར་ཆེ། །དམ་པ་ཡང་དག་རབ་འཆད་བྱེད། ། དཀྱིལ་འཁོར་ཆེན་པོའི་རྣམ་པ་རུ། །ཕྱི་ཡི་དཀྱིལ་འཁོར་ཀུན་ཏུ་བྲི། །དེ་ཡི་དབུས་སུ་སྲད་བུ་མཉམ། །གྲུ་བཞི་ཡོངས་སུ་བསྐོར་བར་བྱ། །གཉིས་པར་འཇོམས་པ་པོ་སོང་སྟེ།། དཀྱིལ་འཁོར་དམ་པ་བྲི་བར་བྱ། །དཀྱིལ་འཁོར་བརྒྱད་ཀྱི་ཚུལ་གྱིས་ནི། །རི་མོ་བཞི་པོ་རྣམས་ཀྱང་ངོ། །པདྨ་འདབ་བརྒྱད་བྲི་བར་བྱ། །པདྨ་ཡི་གེ་ཟེའུ་འབྲུ་ལ། །འཇིག་རྟེན་མགོན་ པོ་དགོད་པར་བྱ། །པདྨའི་འདབ་མའི་ཕྲེང་བ་རྣམས། །སངས་རྒྱས་གཟུགས་བརྙན་ཀུན་ཏུ་བྲི། །དེ་རུ་སློབ་དཔོན་རབ་བཞུགས་ནས། །པདྨ་ཆེན་པོའི་ཕྱག་རྒྱ་མཆོག་དཀྱིལ་ འཁོར་གནས་ལ་ཉེར་འདུག་པས། །མཉམ་པར་གཞག་པས་མཉམ་པར་དགོད་།ཇི་ལྟར་ཆུ་ལ་པདྨ་གང། །གནས་ཀྱི་ཉེས་པ་མང་པོས་ཀྱང་།གོས་པར་མི་འགྱུར་དེ་བཞིན་ [20A]༄༅། །འདིར། །འགྲོ་ལ་ཆགས་པས་ཡང་དག་བྱེད། །ལན་གཅིག་འདི་གསུངས་དཔེར་བརྗོད་ནས། །དེ་ནས་ལྕགས་ཀྱུ་མཆོག་དག་གིས། །ཡང་དག་བཀུག་ ནས་པདྨ་ཆེ། །སྤྱན་རས་གཟིགས་དབང་གྲོལ་བར་འགྱུར། །དེ་ལ་འདི་ནི་པདྨའི་ལྕགས་ཀྱུ་ཆེན་པོའོ། །ཨོཾ་མཧཱ་པདྨོ་ཧཱུཾ་ཛ་ཧྲཱི་།དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་འོངས་ནས་སློབ་དཔོན་ལ་མཐོང་བ་སྦྱིན་པར་བྱེད་དོ། །ཡང་ན་འོད་ཟེར་གཏོང་བར་བྱེད་དོ། །དེ་ནས་འདི་ཉིད་ཀྱི་ཕྱག་རྒྱས་སློབ་མ་རབ་ཏུ་གཞུག་པར་ བྱ་སྟེ། དར་དཀར་པོས་གོས་དཀར་པོ་དང། གཙུག་ཏོར་དཀར་པོས་མགོ་བོ་དཀྲི་བར་བྱའོ། །འདི་ཉིད་འཇིག་རྟེན་དུ་རབ་ཏུ་བརྗོད་ནས་དེ་ནས་སྨྲོས་ཤིག་ཅེས་སོ། །དེ་ནས་པདྨ་ལག་ པ་གཡོན་དུ་བྱིན་ནས་གཡས་པས་ཆུ་སྣོད་བྱིན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཐམས་ཅད་པདྨ་ཆེ། །པདྨའི་དཀྱིལ་འཁོར་དམ་པ་ནི། །འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་དེ་ཉིད་ལྷན་ཅིག་བརྟག་པར་བྱ་ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་དང། ཏིང་ངེ་འཛིན་ཡང་བསླབ་པར་བྱའོ། །དེ་བཞིན་གཤེགས་པའི་པདྨ་ ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ། །དེ་ནས་པདྨའི་དཀྱིལ་འཁོར་འབྱུང་སྟེ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ནས་དབུས་ཀྱི་ཟེ་འབྲུ་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱ་བཟླས་ [20B] །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་པདྨའི་འདབ་མ་རྒྱས་པ་དེ་ལ་ཀུན་ཏུ་གཟིགས་པར་བྱེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཐོབ་ པར་བྱེད་དོ། །ཞེས་པདྨའི་དཀྱིལ་འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ་དེ་བཞིན་ཁོ་ནར་དཀྱིལ་འཁོར་བརྟག་པར་བྱས་ནས་དབུས་སུ་པདྨ་སྟོང་དགོད་དུ་གཞུག་ གོ་དེ་ནས་པདྨ་སྟོང་པོ་དེ་བཅོམ་ལྡན་འདས་ལ་དབུལ་བར་བྱ་སྟེ་ལན་རེ་ལན་རེ་ཡོངས་སུ་བཟླས་ནས་སོ། །དེ་ནས་སློབ་མ་རབ་ཏུ་བཅུག་ནས་དམ་ཚིག་བརྗོད་པར་བྱའོ། །བུ་དང་ སློབ་མའི་ཆེད་དུ་ཡང། །དམ་ཚིག་ཉམས་པར་མི་བྱ་སྟེ། །དམ་ཚིག་བདག་ལ་བརྗོད་པར་བྱ། །གང་ཕྱིར་པདྨའི་རྣམ་པ་ལས། །འདོད་པའི་འདོད་ཆགས་ཐམས་ཅད་དག་ དམ་ཚིག་གི་ནི་དཀྱིལ་འཁོར་རོ། །ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ་།མཆོད་པ་རྣམ་པ་བཞི་ཡིས་ནི། །སངས་རྒྱས་ཐམས་ཅད་ཡིད་ཀྱིས་མཆོད། །ལུས་ཀྱིས་སྤྱན་རས་ གཟིགས་མགོན་ལ། །དག་གིས་ཕྱག་ན་རྡོ་རྗེ་ལ། །ལས་ལས་ནམ་མཁའི་སྙིང་པོར་སྐྱེས། །ཇི་ལྟར་སྒྲུབ་ཐབས་ཆོ་གར་འགྱུར། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་རི་རབ་ལྷུན་པོའི་རིའི་རྩེ་མོར་འཁོད་པ་རང་གི་ཏིང་ངེ་འཛིན་གྱིས་ཀུན་ཏུ་གནས་པའི་སྐུ་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྐུ་བརྒྱད་དོ་ཞེས་སོ། ། [21A]༄༅། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རྟག་ཏུ་ཐམས་ཅད་དག་པའི་ཏིང་ངེ་འཛིན་གྱིས་རྒྱུན་ཏུ་བཟླས་བས་ཇི་སྲིད་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་མངོན་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་རྣམས་འཕྲོས་ནས་སྒྲུབ་པ་པོའི་པདྨའི་དབུས་སུ་འཁོད་དེ་སླར་ཡང་དེ་ ནས་སངས་རྒྱས་ཀྱི་སྐུ་གཞན་འབྱུང་སྟེ་སྒྲུབ་པ་པོ་ལ་མངོན་པར་དབང་བསྐུར་བ་གནས་ཤིང་བརྟན་པར་འགྱུར་རོ། །དེ་ནས་བདག་གི་དངོས་པོ་ཐམས་ཅད་སྤྱན་རས་གཟིགས་ དབང་ཕྱུག་དང་མཚུངས་པ་སྐད་ཅིག་དེ་ལ་བདེ་བ་དང་ལྡན་པ་དང། ཇི་སྲིད་དུ་འཕུར་བར་བྱེད་དོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་ཞིང་ཚེ་དཔག་ཏུ་མེད་པར་ འགྱུར་རོ་ཞེས་སོ། །དེ་ནས་སྒྲུབ་པ་གཞན་དང། ལས་ཆེན་པོ་ཐམས་ཅད་འབྱུང་སྟེ་འབུམ་བཟླས་པས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །འབུམ་ ཕྲག་གཉིས་བཟླས་པས་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་ལྷག་མ་མེད་པར་ཟད་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་པས་བསོད་ནམས་ཐམས་ ཅད་མངོན་དུ་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་དངོས་གྲུབ་ཐམས་ཅད་དང། དེ་བཞིན་གཤེགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་འབུམ་ཕྲག་སུམ་ [21B]མངོན་དུ་འགྱུར་རོ། །དེ་ནས་ཕྱག་རྒྱ་ཆེན་པོ་ནི་མཆོད་རྟེན་སྟོང་ཕྲག་བརྒྱ་བྱས་ནས་མཐར་ཆོ་གས་མཚན་ཐོག་ཐག་ཏུ་ བཟླས་པར་བྱའོ། །དེ་ནས་ཐོ་རངས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་སྙིང་གར་རབ་ཏུ་འཇུག་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སོ་སོར་རྙེད་དོ། །དེ་ནས་ཞལ་ དུ་རབ་ཏུ་འཇུག་པར་བྱེད་དོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་སོ་སོར་རྙེད་དོ། །མ་བསྒྲུབས་པར་ཡང་ལས་ཐམས་ཅད་དུ་འགྱུར་རོ་།ཐོག་མར་བརྗོད་པས་གཞན་གྱི་ གྲོང་དང། གྲོང་ཁྱེར་སྲུང་བ་དང། མཛེས་པར་སྤྱན་དྲངས་པས་ཐམས་ཅད་བྱའོ། །འབེབས་པ་ལ་ཙནྡན་གྱི་བདུག་པས་གདོན་འབེབས་སོ་།ཤི་རཱིཥཱའི་མེ་ཏོག་གིས་སེམས་ ཅན་དབང་དུ་བྱེད་དོ། །དྲི་བཟང་པོའི་མེ་ཏོག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ། །ས་དཀར་པོས་བུད་མེད་དོ། །དྲི་ཞིམ་པོའི་མེ་ཏོག་གིས་ཆོམ་རྐུན་རེངས་པའོ། ། ཡུངས་ཀར་དཀར་པོའི་སྦྱིན་སྲེག་གིས་རི་དྭགས་དང། བྱ་རེངས་སོ་།ཡུངས་ཀར་དཀར་པོ་གཏོར་བས་མིག་འཕྲུལ་སྟོན་པར་བྱེད་དོ། །རྨ་བྱའི་ནུ་མས་རྨི་ལམ་སྟོན་པར་བྱེད་ དོ༑ ༑དུས་གསུམ་དུ་བཟླས་པས་རྨི་ལམ་ངན་པ་འཇོམས་པར་བྱེད་དོ་།ཏིལ་གྱི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་རེངས་པར་བྱེད་དོ་།བྱ་གག་གི་གཤོག་པའི་སྦྱིན་ [22A]༄༅། །སྲེག་གིས་རྒྱལ་པོ་དབང་དུ་བྱེད་དོ། །རྒྱལ་པོ་འཁྱིལ་བའི་མེ་ཏོག་གི་སྦྱིན་སྲེག་གིས་འདོད་པ་ཐམས་ཅད་དབང་དུ་བྱེད་དོ་།བཅོམ་ལྡན་འདས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ནས་མཚན་མོ་བརྒྱད་སྨྱུང་བར་གནས་པས་བཟླས་པ་བྱའོ། །དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །རྒྱལ་པོའི་ བཙུན་མོའི་མཆོག་དབང་དུ་བྱེད་པ་ལ་བུད་མེད་ཀྱི་དབང་པོའི་སྤུའི་སྦྱིན་སྲེག་གིས་སོ། །བུ་མོ་དབང་དུ་བྱེད་པ་ལའང་ངོ། །དོན་གཞན་ལའང་སྦྱིན་སྲེག་དང་བཅས་པས་སྤྱན་ རས་གཟིགས་དབང་གི་མདུན་དུ་ཉི་མ་རེ་རེར་དུས་གསུམ་དུ་བཟླས་པ་བྱའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མ་ལས། ཆེན་པོ་ཐམས་ཅད་ཀྱི་རྒྱུ་འཕྲུལ་ལོ།། །། དེ་ནས་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་དེ་ཉིད་སྒོམ་བཞིན་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་མཉམ་པར་འཛིན་པའི་གསང་བའི་དཀྱིལ་འཁོར་གསུངས་སོ། ། ཁྲུ་ལྔ་པ་དང་སྒོ་བཞི་དང། །སྒོ་ཁྱུད་རྟ་བབས་ངེས་གནས་པ། །ཕྱི་རོལ་པདྨའི་རྣམ་པར་བྱ། །དེ་ནས་ཀུན་ནས་གྲྭ་རྣམས་སུའང། །དེ་ནི་ལེགས་པར་བསམས་བྱས་ནས། ། ནང་གི་དཀྱིལ་འཁོར་བྲི་བར་བྱ། །སྔར་བརྗོད་སྙིང་པོ་འདི་ཡིས་ནི། །ཟློས་བཞིན་འདི་ནི་བསྲུང་བ་དང། །དཀར་པོ་དམར་པོ་སེར་པོ་དང། །ནག་པོ་ལྗང་གུའི་ཚོན་སྣ་ [22B] ༑ཕྱེ་མ་འཇམ་པོ་རྣམས་ཀྱིས་ནི། །སྒྲོལ་མའི་རིག་པས་མངོན་སྔགས་པས། །བསྒྲུབ་བྱ་བཅོམ་ལྡན་འདས་ནི་བྱ། །ཁྲོ་བོའི་རྒྱལ་པོ་མདུན་དུ་སྟེ། །གཡོན་དུ་རལ་པ་ གཅིག་མ་བྱ། །གཡས་སུ་འདམ་སྐྱེས་ཕྱི་རོལ་གྱི། །སྒོ་ཁྱུད་སྙིང་པོར་ཇི་རིགས་གྲུབ། །ཡོངས་སུ་འདོད་པས་རྡོ་རིགས་བྱ། །དྲི་ཡི་ཕྱེ་མས་ཡོངས་སུ་བྱ། །རྡོ་རྗེ་ཁུ་ཚུར་སྟོབས་ པོ་ཆེ༑ ༑གང་དུ་འཇིག་རྟེན་གསུམ་ཆོ་ག་རྡོ་རྗེ་འཆང་ཆེན་འདོད་པ་ཡིས། །འདས་པས་རྣམ་པར་ཐིམ་པར་འགྱུར། །ཁུ་ཚུར་རྡོ་རྗེ་ཁུ་ཚུར་བཅས། །དེ་ནི་གཡས་ཀྱི་སྒོ་ཁང་ དུ༑ ༑སྟོབས་པོ་ཆེ་ནི་རབ་བཞག་ནས། །ཉ་ཡིས་མགྲིན་པར་སྟོབས་པོ་ཆེ། །ནུབ་ཕྱོགས་སུ་ནི་བྱ་བའོ། །གཡས་ཀྱི་ཕྱི་ཡི་སྒོ་ཁང་དུ་།དེ་བཞིན་དབང་ཕྱུག་ཆེན་པོ་བྱ། །དེ་ལ་ མདུང་གི་ཕྱག་རྒྱ་དགོད། །ཇི་འདྲའི་ཨུ་མ་བྲི་བར་བྱ། །ལྷོ་ཡི་གྲྭ་གཉིས་སུ་བྱ་བ། །ཕྱག་རྒྱ་རྣམ་པ་སྣ་ཚོགས་པའོ། །ནུབ་དང་བྱང་གི་གྲྭ་རྣམས་སུ། །ལོག་འདྲེན་ཕྱག་རྒྱ་རྡོ་རྗེ་ འོ༑ ༑བྱང་གི་གྲྭ་གཉིས་རྣམས་སུ་ནི། །མཁས་པས་རིགས་ཀྱི་ཕྱག་རྒྱ་བྱ། །ཤར་གྱི་གྲྭ་གཅིག་རྣམས་སུ་ནི། །མ་མོ་ཚོགས་ཀྱི་ཕྱག་རྒྱ་དགོད། །བཧྲྀང་གི་རི་ཊ་ལོག་འདྲེན་ བཅས། །དེ་ནས་ཇི་ལྟར་འབྱོར་པ་ཡི། །ཆོ་གས་ཇི་བཞིན་ལྷ་རྣམས་མཆོད། །ཁྲོ་བོ་སྟོབས་ཆེན་སྒྲོལ་མས་ནོན། །བཟླས་པས་བདག་ཉིད་བསྲུང་བར་བྱ། །ཀ་ར་བའི་ར་ཏ་ [23A]༄༅། །ལ་ནི། །བླངས་ནས་རང་གནས་སྨྱུང་གནས་པས། །མཁས་པས་བྱང་གི་སྒོ་ཁང་དུ། །གཙང་མ་གང་དུ་རབ་འཇུག་བྱ། །བློ་དང་ལྡན་པས་སྤྱན་དྲང་བྱ། ། ཁྲོ་བོའི་རྒྱལ་པོས་ཐམས་ཅད་ནས། །ཇི་ལྟར་རིག་པའི་ཆོ་ག་ཡིས་།ཚར་བཅད་རྗེས་སུ་འཛིན་པའི་མཆོག་གདོན་དང་ལུས་ཀྱི་ལས་རྣམས་ནི། །དེ་ཉིད་དུ་ནི་ངེས་པར་བྱ། ། ཚར་བཅད་དམ་ཚིག་བདེ་བ་འདྲི། །གདོན་འཕོ་བྱེད་དང་ཟ་བྱེད་དང། །གང་ཞིག་ལ་ལ་གསོད་པ་དང། །དེ་བཞིན་སྒྲིབ་པ་སྦྱང་བ་དང། །སེམས་ཅན་རྣམས་ནི་ཐམས་ཅད་ ཉིད༑ ༑སྒྲུབ་ཐབས་བྱ་དང་འཁྲུལ་འཁོར་ནི། །ཇི་འདྲ་བ་ཡི་བྱ་བ་དང། །མཁས་པས་ལས་ནི་སྟོང་དག་དང། །གདོན་རྣམས་བོད་པར་བྱེད་པ་དང། །རང་གི་རིགས་ དང་གཞན་རིགས་ཀྱི། །ཕྱག་རྒྱ་ཉེ་བར་མཚོན་པར་བྱ། །འདི་ཡི་དཀྱིལ་འཁོར་ཐམས་ཅད་ནས། །འབྱུང་པོའི་ཚོགས་ལ་སོགས་པ་ཀུན། །དེ་ནས་གཏོར་མ་བདུག་ པ་སོགས། །རྒྱས་པས་མངོན་པར་མཆོད་བྱར་གྱིས། །དེ་ཡིས་གདོན་མཐོང་དེ་མཆོད་བྱ། །ཕྱིས་ཀྱི་དབང་ལས་དུལ་བ་ཐོབ། །སྐྱེ་བོས་བཏུང་བ་སྦྱིན་སྲེག་ལ། །སོགས་ པ་རྣམ་པར་གཞོམ་པར་བྱ། །ཤི་ཥ་ལཱན་ཙ་ན་བླངས་ནས། །གདོན་ཐོབ་པ་ནི་འཕོ་བར་བྱ། །སྲིན་པོ་རྣམས་ཀྱིས་བྱིན་པའི་མཆུ་།མཐོང་བ་དེ་འདྲའི་མཚོན་རྣམས་ [23B] ༑ཤ་ཟ་རྣམས་ལ་རི་བོང་ཅན། །མིག་མི་འཛུམས་པར་འཛག་པ་ཡི། །འཇིགས་པ་མཐོང་ན་སྣ་ཚོགས་པ། །ཀུན་ཏུ་རྣམ་པར་ལྟ་བར་བྱེད། །སྐེམ་བྱེད་གདོན་གྱི་རྣམ་འགྱུར་ གང༑ ༑ནུས་དང་དཔུང་པ་བརྟེན་པ་ཡི། །དགྲ་བོ་རྣམས་ནི་ཐམས་ཅད་དུ། །ལྷ་དང་མཚོན་ཆའི་བྱ་བ་ནི། །པདྨ་བྱེད་དང་རལ་པ་དང། །དབྱུག་གུ་བགྲང་ཕྲེང་འཇིགས་པའི་ གནས། །རིལ་བ་སྤྱི་བླུགས་མི་ཐུབ་ཉིད། །ཕྱག་རྒྱ་བྲམ་ཟེ་ཅན་ཞེས་བཤད། །རྩེ་གསུམ་ཀུན་དང་ཟླ་ཕྱེད་དང། །རལ་པ་མིག་ལ་སོགས་པ་དང། །ཁྱུ་མཆོག་སྒྲ་དང་དྲག་པོ་ དང༑ ༑དབང་ལྡན་རྣམས་ཏེ་བདུན་དུ་གྲགས། །ཤཀྟི་གདེངས་ཀ་བ་དན་དང། །ཁྱིམ་བྱ་དེ་བཞིན་རྨ་བྱའི་མཇུག། ཕྱག་རྒྱ་གཞོན་ནུ་མ་ཅན་བཤད། །འཁོར་ལོ་དུང་དང་བེ་ ཅོན་ཉིད། །རལ་གྲི་ཕུབ་ཉིད་ནམ་མཁའ་ལྡིང། །མགོ་ཉིད་ཕྱག་རྒྱ་ཁྱབ་འཇུག་བཤད། །ཆེ་བ་སྤྲིན་ནི་ལྷ་ཆེན་པོའི། །བུམ་པ་གཏུན་ཤིང་དེ་བཞིན་དུ། །ངང་པའང་གཡོན་ གཞོགས་ཕྱག་རྒྱ་སྟེ། །ཕྱག་རྒྱ་ལ་ཧི་རི་ཀར་བཤད། །ནམ་གྲུ་རྣམས་དང་གཏོར་ཟན་དང། །རྒན་པོ་གཏུམ་པོ་མཐོང་བ་ནི། །ནམ་གྲུ་དཀར་པོ་རྣམས་ཀྱི་རྒྱ། །རང་གི་གཟུགས་ ཉིད་མཐོང་བ་ནི། །མདངས་འཕྲོག་རྣམས་ཀྱིའོ་ལྷུང་བཟེད་དམ་།འདེགས་པར་བྱེད་པ་གྲོལ་བའོ། །དེ་ནས་མཆོག་ཏུ་གསང་བའི་དཀྱིལ་འཁོར་འབྱུང་སྟེ་བྱེད་པ་ [24A]༄༅། །ཐམས་ཅད་དགེ་བ་ལ་ཤིང་གཅིག་གམ་ནི་དུར་ཁྲོད་གམ་ཁང་སྟོང་གཙང་མ་ཚྭ་སྒོ་མེད་པའི་ས་གཞི་མཐོང་ནས་སྒྲུབ་པ་པོ་ཁྲོས་པས་ས་ལ་མ་ ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་རེ་ཁ་གསུམ་དེར་བྱའོ། །ཀུན་ནས་ཁྲུ་བཞི་པ་ལ་དང་པོར་ཐལ་བའི་རེ་ཁའོ། །གཉིས་པ་རིའི་བཙག་གིས་སོ། ། གསུམ་པ་སོལ་བའི་ཕྱེ་མས་རབ་ཏུ་འབད་པས་བྲི་བར་བྱའོ། །བྱང་ངམ༑ ནུབ་ཏུའང་སྒོ་གཅིག་བྱེད་དུ་གཞུག་གོ། །སྒོའི་དབུས་སུའང་ལྷ་ཆེན་པོ་ལག་ན་མདུད་ཐོགས་པ་ བྱའོ༑ ༑སྣམ་བུའི་ནང་དུ་སངས་རྒྱས་བདེན་པར་རྨད་དུ་བྱུང་བའི་བདག་ཉིད་ཅན་བྱའོ། །སངས་རྒྱས་གཡས་ཀྱི་གཞོགས་སུ་སྒྲོལ་མས་ནོན་པ་རྣམ་པར་དགོད་པར་བྱའོ། ། གཡོན་དུ་དཔའ་མོ་ཆེན་མོ་སྟོབས་མོ་ཆེ་མ་རལ་པ་གཅིག་མ་བཞག་ནས་བདེ་བར་གཤེགས་པའི་སྐུ་རྒྱབ་ཏུ་དགོད་པར་བྱ་བ་ནི་ཀླུའི་རྒྱལ་པོ་མཐའ་ཡས་དང། དེ་བཞིན་ དུ་འཇོག་པོ་དང། དཔའ་བོ་ཆེན་པོ་སྟོབས་ཀྱི་རྒྱུའང་དགོད་པར་བྱའོ། །དེ་བཞིན་དུ་པདྨ་དང། པདྨ་ཆེན་པོ་དང། དུང་སྐྱོང་དང། རིགས་ལྡན་སྟོབས་པོ་ཆེའི་ནང་དུ་ མངོན་པར་བརྗོད་པའོ། །ལྷ་དེ་རྣམས་ནི་འཁོར་དང་བཅས་པ་སྣམ་བུ་གང་བར་དགོད་པར་བྱའོ། །འདི་ཐམས་ཅད་ནས་མ་མོའི་ཚོགས་རྣམ་པར་མེད་པར་བྱ་སྟེ་དཔལ་ [24B] །སྒོ་རུ་སྤྲེའུ་དང། ར་དང། བུམ་རྣམ་ཡང་སྒོའི་སྤྱན་པ་ར་བ་ཡི་ཡང་ངོ། །ནག་པོའི་བརྒྱད་པ་ལ་ལྷ་རྣམས་ལྟོ་འཕྱེ་ཆེན་པོ་ལས་མ་འདས་པ་ཡང་དག་ པར་མཆོད་དེ་སྟོང་ཕྲག་བཟླས་པར་བྱའོ། །ཤེས་རབ་ཅན་སྔགས་ཀྱི་རྒྱལ་པོ་གྲུབ་པར་འགྱུར་རོ། །རིམས་དང། གདོན་ཐམས་ཅད་ལས་འབྱིན་པ་དང། རྩོད་པའང་རྣམ་ པར་འཇོམས་པར་བྱེད་དོ། །རང་གནས་སུ་འཇུག་གོ། དེ་ནས་གསང་སྔགས་འྡིའང་རྟག་ཏུ་བཟླས་པའི་གུ་གུལ་གྱི་ཆུ་འམ། ཀུ་ཤས་གཞན་གྱིས་མི་ཐུབ་པ་དང། ཞི་བ་ ཅན་དང། རྒྱས་པ་ཅན་དང། མངོན་པར་མཛེས་པ་ཅན་ཉིད་སྤྱད་པ་ཇི་ལྟར་འདོད་པ་བཞིན་རབ་ཏུ་བྱས་པར་གྲུབ་སྟེ་ཐམས་ཅད་འཇོམས་པ་སྒྲོལ་མས་ནོན་པ་གང་ཡིན་ པ་དོན་གསང་བའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་རོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་མངོན་པར་ཤེས་པ་སྟེ་དེ་བཞིན་ གཤེགས་པ་རིན་ཆེན་ཏོག་ལ་མངོན་སུམ་དུ་ཐོས་པ་དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཧ་ལ་ཧ་ལ་ཞེས་བྱ་བའི་སྙིང་པོ་རལ་པ་གྱེན་ [25A]༄༅། །བརྫེས་ཀྱི་རྒྱུད་ཕྱི་མར་སེམས་ཅན་གྱི་དོན་གྱི་ཕྱིར་དང། སྒྲོལ་མའི་མཐུ་བསྟན་པའི་ཕྱིར་དང། ཐབས་ལ་མཁས་པའི་སྙིང་རྗེ་བདག་གིས་བཤད་ པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་སྨྲོས་ཤིག། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། མཧཱ་པུ་རུ་ཥ་རི་ཥ་བཧེ་བྷྱ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་མཧཱ་ སྠཱ་མ་པྲཱཔྟ་མཻ་ཏྲི་ཡ་མཉྫུ་ཤྲཱི་བཛྲ་པཱ་ཎི་པྲ་བཧྲྀ་ཏི་བྷྱོ་མཧཱ་ས་ཏྭེ་བྷྱ། དེ་རྣམས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་སྙིང་པོ་ འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པ་སྲིད་པའི་ལམ་རྣམ་པར་འཇོམས་པར་བྱེད་པ་བརྗོད་པར་བགྱིའོ། །སཏྱ་ཐེ་དཾ། ཧེ་ བོ་དཧི་སཏཱ། མཧཱ་སཏ། ཧེ་ཧ་ལེ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། པ་ར་མ་མེ་ཏྲི་ཙིཏྟ་ཧི་ཏ་ཙིཏྟ་ཀཱ་རུ་ཎི་ཀཱ་མཱཾ། ག་མ་བི་ཡ་ཏི། མཧཱ་བི་ཡ་ཏི། དཧུ་རུ་དཧུ་རུ། དཧུ་རུ་ཙ་ལེནྟྲ། བ་ལ་ ནམ་སྟེ་སྟུ། སརྦ་སཏ། བྷཱ་ཡ་པྲ་ཏ། ཧ་རི་ཧ་རི་ཧ་རི་བཱ་ཧནོ་རྦྦ་པ། བྷ་བའན་ཁ། ཏུ་རུ་ཏུ་རུ། གྷུ་རུ་གྷུ་རུ། སུ་རུ་སུ་རུ། སུ་པྲ་ཤཱ་སི། པཱ་མ་ལ་མཱུརྟི། ཨཱརྱ་ཨ་བ་ལོ་ཀི་ ཏེ་ཤྭ་རཱ་ཡ། ཀྲྀཥྞཱ་ཛི་ན། ཛ་ཊཱ་མུ་ཀུ་ཊཱ་བ་ལ་མུ་ཏྲཱ་ལ་མ་ལ། བ་ལ་མ་ལ་མ་ལ། ཀ་ལ་ཀ་ལ། ན་ལ། ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ། ཧེ་བོ་དཧི་སཏཱ། པྲི་ཡ་བོ་དཧི་སཏཱ། མཧཱ་བོ་ [25B] ན་མ་ཏེ་རུ། ཀུ་རུ་ཀུ་རུ། ཧྲྀ་ད་ཡཾ། མ་ནུ་སྨ་ར། ཨི་དཾ་ཙ་མེ། ཀཱརྱཾ་ཀུ་རུ་སཱཧཱ། འདི་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཧ་ལ་ཧ་ལ་ཞེས་བྱ་བའི་སྙིང་པོ་སྟེ་ཉི་མ་སོ་སོར་ཐོ་རངས་ལངས་ནས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བྱས་ཏེ་དྲི་དང། མེ་ཏོག་ལ་སོགས་པ་མངོན་ པར་བཀྲམ་ནས་དེ་ནས་ལན་བཅུ་གསུམ་བརྗོད་པར་བྱའོ། །དེ་ནས་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །ཟླ་བ་དྲུག་ཁོ་ནར་བྱས་པས་ཇི་ལྟར་འདོད་པ་བཞིན་དུ་ཡིད་ཀྱི་ཤིང་ རྟ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ་གལ་ཏེ་མཚམས་མེད་པ་བྱས་པས་ཀྱང་ མ་གྲུབ་པ་ན་དེའི་ཚེ་ང་མཚམས་མེད་པ་བྱས་པ་དང། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པར་གྱུར་ཅིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་སྐྱེས་པ། བཅོམ་ལྡན་འདས་མའི་ རྟོག་པ་ཆེན་པོའི་རྒྱུད་ཕྱི་མར་འཇིགས་པ་ཐམས་ཅད་ཀྱི་རིག་པ་སྲིང་མོ་བཞི་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ [26A]༄༅། །གཟིགས་པར་གྱུར་པ། རྟོག་པ་བཞིར་སྐྱེས་པ། ཐུང་ངུའི་གཟུགས་ཅན། ནམ་མཁའ་ལ་འགྲོ་བ། ས་འོག་དང། མི་སྣང་བ་དང་རོ་ལངས་དང་ འཐབ་རྩོད་དང། རྐང་པས་རབ་ཏུ་བགྲོད་པ་དང། རྒྱས་པ་ཅན་དང། མངོན་སྤྱོད་ཅན་དང། དབང་དུ་བྱེད་པ་དང། སྐལ་པ་བཟང་པོ་ཉིད་རབ་ཏུ་སྦྱིན་པ་པོ་ཚངས་པ་དང་ ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསུངས་པ་ལས་བཟློག་པ། རང་བཞིན་གྱི་མཚན་ཉིད་ཅན་གྱིས་ལྷག་པའི་ཆ་ཁྱིམ་དུ་སྐྱེས་པ་ཀུན་ཏུ་ སྟོན་པར་བྱེད་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའི་མཁྱེན་པའི་མཐུའི་དོན་གྱིས་ཆེད་སྟོང་ཕྲག་པས་ཀྱང་སྟོང་ཕྲག་བརྒྱ་པོ་དེས་ཀྱང་ལན་གཅིག་གཞོམ་པ་ ཙམ་དང། དཔེ་ཙམ་དུ་བྱང་ཆུབ་སེམས་དཔའི་ཡུལ་འཇིག་རྟེན་དུ་མའི་འབྱུང་གནས་རང་བཞིན་དུ་གནས་པ་ལ་ལྟོས་ནས་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་བཅོམ་ལྡན་ འདས་མ་འཕགས་མ་སྒྲོལ་མའི་རྗེས་སུ་སྒྲུབ་པ་འདི་རྣམས་གསུངས་པ་ནི། བཅོམ་ལྡན་འདས། ཡིད་དབང་དུ་གྱུར་པ་དངོས་གྲུབ་རབ་ཏུ་སྩོལ་བར་མཛད་པར་གྱུར་ཏོ། ། ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏཱ་ཡ། ཨོཾ་ཛ་ཡེ་སཱཧཱ། རྒྱལ་མ་ཞེས་བྱ་བའོ། །ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་ [26B] ཨོཾ་བི་ཛ་ཡ་སཱཧཱ། རྣམ་པར་རྒྱལ་བ་ཞེས་བྱ་བའོ། །ཏདྱ་ཐཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོཾ་ཨ་ཛི་ཏེ་སཱཧཱ། མི་ཐུབ་མ་ཞེས་ བྱ་བའོ༑ ༑ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨོཾ་ཨ་པ་ར་ཛི་ཏེ་སཱཧཱ། གཞན་གྱིས་མི་ཐུབ་མ་ཞེས་བྱ་བའོ་ཞེས་པ་དེ་ལྟ་བུ་སྲིང་མོ་བཞིའོ། །ལྔ་པ་མིང་པོ་ནི་ ན་མོ་ཨ་མི་ཏཱ་བྷཱ་ཡ། ཏདྱ་ཐཱ། ཨ་ཧ་ཏེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤརཱ་ཡ། ཨོཾ་ཀི་ནི་ཀི་ནི་སརྦ་ཏ་ཐཱ་ག་ཏཱ་ཨུཏྦྷ་པ་ཤཱནྟེ། བ་ར་དེ། ཨུཏྟ་མ་ཏ་ཐཱ་ག་ཏཱ་ཨུཏྦྷ་བ་ཧཱུཾ་ཕཊ་སཱཧཱ་ མིང་པོ་གཏུམ་བུ་རུ་ཞེས་པའོ། །སྔགས་ཀྱི་རྒྱལ་པོ་ཡོངས་སུ་བསྒྲགས། །མདོར་ན་ང་རྒྱལ་ཅན་རློམ་པ། །ཕྱི་མའི་རྒྱུད་ཀྱི་ལས་རྣམས་ནི། །ཇི་ལྟ་ཇི་ལྟར་རབ་སྦྱར་བ། །དེ་ ལྟ་དེ་ལྟར་སྒྲུབ་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རང་གི་རྫུ་འཕྲུལ་ཡང་དག་པར་བསྟན་པར་འདོད་པས། སྟན་ལས་ལངས་ནས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ་རང་གི་རྡོ་རྗེ་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་ བཞེངས་ཏེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ། བདག་ཀྱང་རྟོག་པའི་རྒྱལ་པོ་རྒྱུད་ཕྱི་མ་འདིར་ [27A]༄༅། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་མཐུ་ཀུན་ཏུ་བསྟན་པའི་དོན་དུ་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོད་རྟེན་རྣམས་ཀྱིས་བཅོམ་ལྡན་འདས་ མ་འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་སྦྱིན་པར་བགྱིའོ། །དེ་ལ་རྗེས་སུ་ཡི་རང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་མའི་དུས་ཀྱི་ཚེ་མཆོག་གི་གྲུབ་པ་དང་ མཆོག་གི་ལས་བྱེད་པ་ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ཁྱད་པར་དུ་འགྲུབ་པར་འགྱུར་རོ། །འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པ་པོས་གང་རྟུལ་བ་ལས་བྱུང་བ་འདི་ རྣམས་རིགས་དང། ཕ་རོལ་གནོན་པར་བྱེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་ དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཕྱག་ན་རྡོ་རྗེ། གསུངས་ཤིག་དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཕྱག་ན་རྡོ་རྗེ་སྙོམས་ པར་ཞུགས་པ་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་སྣང་བར་བྱས་སོ། །དེ་ནས་ཕྱག་ན་རྡོ་རྗེས་ཕྱག་གི་སོར་མོ་རབ་ཏུ་བརྐྱང་སྟེ་རྡོ་རྗེ་ རབ་ཏུ་འཇོམས་པ་ཞེས་བྱ་བ་དང། རྡོ་རྗེ་ཁུ་ཚུར་དང། རྡོ་རྗེ་དམར་པོ་དང། རྡོ་རྗེ་མཐར་ཕྱིན་དང། རྡོ་རྗེ་ནག་པོ་སྟེ་གཡོན་པའི་ཕྱོགས་ལས་བྱུང་བ་འདི་རྣམས་བཅོམ་ [27B] །དེ་ནས་དེ་རྣམས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང། སྤྱན་རས་ གཟིགས་དབང་ཕྱུག་ལའང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུའི་སྤུན་ལྔ་པོ་རྣམས་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ་སེམས་ཅན་རྣམས་ཀྱི་བསོད་ནམས་འབྱུང་བར་ འགྱུར་བ་དང། དངོས་གྲུབ་སྦྱིན་པར་བྱེད་པ་སྒྲོལ་མའི་རྟོག་པར་དོན་ཆེན་པོ་སྦྱིན་པ་ཕྱག་ན་རྡོ་རྗེའི་རིགས་ལས་བྱུང་བ་པདྨའི་ཕྱག་ལ་མངའ་བདག་ཏུ་གྱུར་པའོ། །དེ་ནས་ཕྱག་ན་རྡོ་ རྗེས་དཀྱིལ་འཁོར་གསུངས་པར་གྱུར་ཏོ། །གཅིག་གཉིས་གསུམ་བཞི་ལྔ་དང་ནི། །ཇི་སྲིད་ཁྲུ་ནི་བརྒྱད་ཀྱི་བར། །ནོར་འདོད་པ་ཡིས་ཁྲུ་གཅིག་སྟེ། །བུ་འདོད་པ་ཡིས་ཁྲུ་གཉིས་ སོ༑ ༑དགྲ་ཉམས་བྱེད་པས་ཁྲུ་གསུམ་མོ། །བཟླས་པ་ཉིད་ཀྱིས་ཁྲུ་བཞིའོ། །ལྔ་པ་དངོས་གྲུབ་ཐམས་ཅད་ལ། །བརྒྱད་པ་མཁའ་ལ་འགྲོ་བ་ཡིས། །ས་འོག་དོན་དང་འབབ་ཆུ་དང། ། རྒྱ་མཚོ་དང་ནི་དངོས་གྲུབ་[?]གནས། །ཁྱིམ་དུའང་རུང་སྟེ་གཙང་མ་ཡི། །གཞན་དུ་གཡོགས་པར་བྱས་པ་དང། །ལས་ལ་ཤིས་པ་གང་རུང་གིས། །ཐིག་གིས་དཀྱིལ་འཁོར་ཐིག་ གདབ་བྱ། །གྲུ་བཞི་པ་ལ་གྲྭ་བཞི་པ། །སྒོ་བཞི་རྟ་བབས་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་ཆེ་གསུམ་བྱས་པ་ཡིས། །སྟེང་གི་ཆ་རུ་བཅོམ་ལྡན་འདས། །སངས་རྒྱས་པདྨའི་ [28A]༄༅། །གདན་གནས་པ། །ཆོས་སྟོན་པར་ནི་མཛད་བཞིན་པ། །གཡས་སུ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་དབྱུག་པ་སྤྱི་བླུགས་ཕྱག། གཡོན་དུ་ འཕགས་པ་ཕྱག་རྡོ་རྗེ། །རྡོ་རྗེའི་ཕྱག་གམ་དེ་གཞོགས་སུ་།ཁྱབ་འཇུག་དུང་དང་འཁོར་ལོ་སྟེ། །བེ་ཅོན་ཕྱག་ན་འཁོར་ལོའོ་།དབུས་ཀྱི་ཆ་རུ་གྲུ་ལ་ཞོན། །གྲུ་ཡི་སྲོག་ཤིང་ སྒྲེང་བའོ། །དང་པོར་རྡོ་རྗེ་རབ་འཇོམས་དང། །སྒྱུ་འཕྲུལ་དང་ནི་ཏུམ་བུ་རུ། །གཉིས་པར་རྡོ་རྗེ་ཁུ་ཚུར་དང། །རྒྱལ་མར་བཅས་པའོ་གསུམ་པ་རུ། །ལུས་དམར་དང་ནི་ རྣམ་རྒྱལ་བཅས། །བཞི་པར་རྡོ་རྗེ་བསགས་མཐའ་དང། །མི་ཐུབ་མར་བཅས་ལྔ་པ་རུ། །ལྟོ་ནག་གཞན་མི་ཐུབ་དང་བཅས། །ལྗང་གུ་དཀར་པོ་དམར་པོ་དང། །སེར་པོ་ ནག་པོ་གོ་རིམས་བཞིན། །ལྷ་རྣམས་དགོད་པར་བྱས་ནས་ནི། །དཀར་པོའི་གོས་དང་དཀར་པོའི་རྒྱན། །བེ་ཅོན་རྡོ་རྗེ་གཏུན་ཤིང་དང། །གཞུ་དང་རལ་གྲི་མཚོན་ཆའི་ ཕྱག༑ དབུས་སུ་ཟླ་ཉི་པདྨ་ལ། །ལྷ་རྣམས་མངོན་སུམ་དགོད་པར་བྱ། །གྲུ་ཡི་འོག་ཏུ་མེ་དང་ནི། །ཆུ་ཡི་གཏེར་ནི་གནས་པར་བྱ་།དུང་དང་ཉ་དང་ཆུ་སྲིན་གྱིས། །རྣམ་པར་ བརྒྱན་པའི་ཤར་དང་ལྷོ། །ནུབ་དང་བྱང་དུ་དབང་པོ་དང་།གཤིན་རྗེ་ཆུ་ལྷ་ལུས་ངན་རྣམས། །བཞོན་པ་བཅས་ཤིང་ཕྱག་རྒྱར་བཅས། །ལེགས་པར་དཀྲིས་པའི་བུམ་པ་ནི། ། [28B] །ཡལ་འདབ་ཀྱིས་ནི་ཉེ་བར་མཛེས། །གྲྭ་རྣམས་སུ་ནི་དགོད་པར་བྱ། །འདིར་ནི་བུམ་པ་ལྔ་པ་ནི། །རིན་ཆེན་གྱིས་བརྒྱན་འཇམ་པ་ཡི། །གོས་ཀྱིས་ མགྲིན་པ་དཀྲིས་པ་དང། །ས་ཧ་ཀ་རའི་ཡལ་འདབ་ཀྱིས། །ཁ་ནི་དགབ་པར་བྱས་པ་དང། །གདུགས་སྒྲེང་མེ་ཏོག་ཕྲེང་བ་དབྱངས་།ཤར་གྱི་སྒོ་རུ་དགོད་པར་བྱ། །དཀྱིལ་འཁོར་ ཕྱི་རུ་རྒྱ་མཚོ་བཞི། །དུང་དང་པདྨ་ལ་སོགས་ཀྱིས། །རི་ཡི་རྩེ་མོ་ཡིས་ཀྱང་བྱ། །རྒྱལ་མཚན་རྣམས་འཁྲུགས་བླ་རེ་བྲེས་།ཨིནྡྲ་ནཱི་ལ་གསེར་དང་ནི། །དངུལ་དང་ཟངས་དང་ ལྕགས་རྣམས་ཀྱི། །ཕྱེ་མས་དཀྱིལ་འཁོར་བྲི་བར་བྱ། །ལྷ་ཡི་མེ་ཏོག་བདུག་པས་བདུག་རྣམ་པ་སྣ་ཚོགས་གཏོར་མས་མཆོད། །དུས་ཀྱིས་ནོན་པའི་མེ་ཏོག་འབྲས། །དབྱིག་ གསེར་སྣ་ཚོགས་རིན་ཆེན་དང། །བཟའ་བ་ཕྱི་རོལ་གཅལ་དུ་དགྲམ་།རི་བོའི་སྟེང་དུ་རབ་འཇུག་བྱ། །སྙིང་པོ་ཕྱེ་མས་སྤྱན་དྲང་སོགས། །ལས་རྣམས་ཀུན་དང་གཤེགས་སུ་ གསོལ། །དེ་ནས་གང་གིས་དཀོན་མཆོག་གསུམ། །དད་པས་བྱང་ཆུབ་སེམས་བསྐྱེད་དེ། །བུད་མེད་སྐྱེས་བ་གཞོན་ནུ་ཡི། །བསྙེན་གནས་བྱས་པ་གོས་ཀྱིས་ནི། །གདོང་ནི་ཉེ་ བར་བཅིངས་པ་ཡིས། །དམ་ཚིག་གིས་ཀྱང་མཉན་པར་གྱིས། །དབྱིག་དང་གསེར་གྱི་མེ་ཏོག་གིས། །ལག་པ་ཡིས་ཀྱང་དོར་བར་བྱ། །དེ་ནི་གང་དུ་ལྷུང་གྱུར་པ། །དེ་ཡི་རིགས་ [29A]༄༅། །འགྱུར་དེ་ནས་ནི། །གདོང་ཕྱེ་ལྷ་རྣམས་བསྟན་པར་བྱ་།སྔགས་དང་ཕྱག་རྒྱ་རྣམས་ཀྱང་འགྱུར། །ཡང་ན་ཉིན་དང་མཚན་མོ་རུ། །དཀྱིལ་འཁོར་དེ་བྲི་ མཉེས་པར་འགྱུར། །དེ་ནས་གཟུགས་བརྙན་འབྱུང་སྟེ་ཨ་ཤཏྠ་དང། ནྱ་གྲོདྷ་དང། ཨུ་དུམ་བཱ་ར་ཞི་བ་ཅན་དང། །ཙཱུ་ཏ་དང། ཙམ་པ་ཀ་དང། ན་ག་གེ་སར་གྱིས་རྒྱས་པ་ཅན་ དང༑ བིལ་བ་དང། ཨ་རིཥྚ་དང། ཀོ་ཋ་ཡིས་མངོན་སྤྱོད་ཅན་ནོ་།དབང་དུ་བྱེད་པ་དང། སྐལ་བ་ངན་པ་རྣམས་ལ་བད་ཀན་མཐར་བྱེད་དང། ཤ་སྨ་ལི་དང། དའི་རྒྷ་བིཏྟའོ། ། སྨྱོ་བར་བྱེད་པ་ལ་ཙནྡན་དང། མྱ་ངན་མེད་པའི་ཤིང་དང་སྦྲང་རྩི་དང། མྱོས་བྱེད་རྣམས་སོ། །སྐལ་པ་བཟང་པོ་ཉིད་ལ་ཨ་སྠི་དཏྟ་ལས་བྱུང་བ་རྣམས་སོ། །ལས་ཐམས་ ཅད་པ་ལ་གསེར་ལས་བྱུང་བའོ། །རྒྱལ་སྲིད་འདོད་པས་ནི་དངུལ་ལས་བྱུང་བའོ། །ཟངས་ནི་སྐལ་བ་བཟང་པོའི་ཆེད་དུའོ། །ལྕགས་ལས་བྱུང་བ་ནི་མངོན་སྤྱོད་ཅན་ནོ། །ཉམས་ པར་བྱེད་པ་ལ་ཙམ་པ་ཀ་དང། ནཱ་ག་གེ་སར་དང། བ་གུ་ལ་དང། ཨ་ཏི་མུཀྟ་ཀའོ། །ནོར་འདོད་པ་ཡིས་ནི་སྣ་མ་དང། ཡུ་ཐི་ཀ་དང། མལླི་ཀ་དང། མྱོས་བྱེད་དང། གསེར་ ཤིང་དང། མཱ་ལི་ཀ་རྣམས་སོ། །སྐལ་བ་བཟང་པོ་འདོད་པས་ནི་པདྨ་དང། ཀུ་མུ་དའོ། །ཞི་བ་ཅན་ལ་ཨུཏྤལ་དང། སོའུ་གནྡྷེ་ཀའོ། །རྒྱས་པ་ཅན་དང། གཞན་ལ་ཡང་དྲི་ [29B] །རྒྱས་པ་ཅན་གང་ལ་དྲིས་དམན་པའི་མེ་ཏོག་གོ། །མངོན་སྤྱོད་ཅན་དང། ཉམས་པར་བྱེད་པ་ལ་སོགས་པ་ལ་ནི་ཙནྡན་ལ་སོགས་པའི་དྲི་འཕྲོག་པའོ། །ཞི་ བ་ཅན་དང། རྒྱས་པ་དང། དབང་དུ་བྱེད་པ་དང། སྐལ་བ་བཟང་པོ་ཉིད་ལ་དེ་ལྟ་བུའི་བདུག་པ་ལག་པ་སྦྱར་ནས་སྙིང་པོའི་སྔགས་འདི་རྣམས་ཀྱི་ལས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་ མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཤྩ་ཏུརྞཱཾ་བྷ་གི་ནཱི་ནཱཾ། ན་མོ་དེ་བ་ཏུམ་བུ་རུ་སཱརྠ་ཀཱ་ཧ་ཡ། ཛམ་བྷ་ནི། ཛམ་བཧི་ཀ་རོ་ཏི་ཨ་མི་ཏྲཾ། སྟྭཾ་བྷ་ནི་སྟམ་བི་ཀ་རོ་ཏྱ། མི་ཏྲཾ་ མོ་ཧ་ནི། མོ་ཧཱི་ཀ་རོ་ཏྱ་མི་ཏྲཾ། ཨན་དྷ་ནི། ཨིནྡྷི་ཀ་རོ་ཏྱ་མི་ཏྲཾ། ཛ་ཡེ་ཨཱ་གཙྪ་བི་ཛ་ཡ་ཨཱ་གཙྪ་ཛམ་བྷ་ནི་ཨ་གཙྪ་སྟམ་བྷ་ནི་ཨཱ་གཙྪ། བ་ལི་བ་ལི། བུཥྤ། དྷཱུ་པ། ཨུ་པ་ཧཱ་རཾ། པྲ་ ཏི་གྲྀཧྞ་ཐཱ། ས་མཱ་ཡ་ཡུ་པཱ་ལཱ་ཡཱ་ཐཱ། སུ་ཊུ་ཊུ་སུསླ་བཛྲ་བྷཉྫ་ནཱི་ཡ་སཱཧཱ། རིག་པ་འདི་ནི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་འགྱུར་ཏེ། འདི་ལྟ་སྟེ། ནམ་མཁའ་ལ་འགྲོ་བ་དང་ཕུག་ ཏུ་རབ་ཏུ་འཇུག་པ་དང། གཏེར་འཕོ་བར་བྱེད་པ་དང། རིག་པ་འཛིན་པ་ཉིད་དང། མིག་སྨན་ལྡོང་རོས་སྒྲུབ་པ་དང། དབང་དུ་བྱེད་པ་དང། ཉམས་པར་བྱེད་པ་དང། གཞན་ རབ་ཏུ་འཛོམས་པ་དང། རང་གི་ཡུལ་སོ་སོར་སྐྱོང་བ་དང། དུག་དང། ཕོ་ཉ་དང། ནད་འགོ་བ་དང། མཆེ་བ་རབ་བསྣམས་ལ་ཡང་དག་པར་གནས་པ་དང། སེམས་ཅན་ [30A]༄༅། །ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་བ་དང། ཁྲོས་པས་རྒྱལ་པོའི་ཁབ་རབ་ཏུ་སྒྲུབ་པ་སྟེ་དེ་ལྟ་བུ་ལ་སོགས་པའི་ལས་གཞན་རྣམས་ཀྱང་རང་གི་འདོད་པས་ བསྒྲུབ་པར་བྱའོ། །སྲིང་མོ་བཞིའི་སྙིང་པོ་རྫོགས་སོ།། །།དེ་ནས་སླར་ཡང་དཀྱིལ་འཁོར་གསུངས་པ། ཁྲུ་བཞི་པ་གྲུ་བཞི་པ་སྒོ་བཞི་པ་ཀུན་ནས་རྟ་བབས་ཀྱིས་ བརྒྱན་པ། གཤིན་རྗེ་དང། ཆུ་ལྷ་དང། ལུས་ངན་རྣམས་བཞེན་པ་དང་བཅས་མཚོན་ཆ་དང་བཅས་པའི་སྒོ་སྐྱོང་དང་གསུམ་བྱེད་དུ་གཞུག་གོ། །བྱང་གི་རབ་ཏུ་ཐོབ་པར་བྱ་སྟེ་ཆ་ གསུམ་བྱས་ནས་སྟེང་གི་ཆ་རུ་བཅོམ་ལྡན་འདས་མ་སྒྲོལ་མའོ་།འཕགས་པ་ཕྱག་ན་རྡོ་རྗེའང་ཕྱག་གཡོན་པས་རྡོ་རྗེ་དང་གཡས་པས་མཆོག་སྦྱིན་པ། ཀུན་ནས་འབར་བ་བྲི་ བར་བྱའོ། །རྡོ་རྗེ་འཛིན་པའི་གཡོན་དུ་རྡོ་རྗེ་ལྕགས་ཀྱུ་ལྕགས་ཀྱུ་ལག་ན་ཐོགས་པ། གཞན་དུ་རྡོ་རྗེ་ལྕགས་སྒྲོག་ལྕགས་སྒྲོག་ལག་ན་ཐོགས་པ། ཐམས་ཅད་ཀྱང་རིའི་རྩེ་མོ་ལ་ ཡང་དག་པར་གནས་པར་བྱའོ། །དབང་ལྡན་གྱི་ཕྱོགས་ལ་བརྟེན་པའི་ལྷ་ཆེན་པོ་ཆུང་མ་དང་བཅས་པ། ཁྱུ་མཆོག་དང་བཅས་པ་ཡང་དག་པར་བྲིའོ། །གཞན་རྣམ་པ་གསུམ་ རིམ་གྱིས་མཚོན་ཆ་དང། གནས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །བཧྲིང་གི་རི་ཏི་དང། ནག་པོ་ཆེན་པོ་རྣམས་སོ། །ནུབ་ཏུ་མི་སྦྱིན་དང། ཏུམ་བུ་རུ་དང། འོད་སྲུང་དང་ [30B]ཆུ་སྣོད་ཕྱག་ན་བསྣམས་པའོ། །ཁྲོན་པ་དང། སྲོག་ཤིང་སྒྲེང་བ་དང། ཏ་ཏ་སྤུ་བྲིའོ། །སྟོད་གཡོགས་ལྗང་གུ་ཅན་ལག་ན་ བེ་ཅོན་ཐོགས་པ་ཅོད་པན་གྱིས་བརྒྱན་པ་ཕྱག་ན་ཏོག་སྐྱོང་བསྣམས་པ། རྣ་བ་ལ་རྒྱ་སྐྱེགས་ཀྱིས་བརྒྱན་པའོ། །རྒྱལ་བ་དཀར་པོ་ཕྱག་ན་རྡོ་རྗེ་ཐོགས་པ་སྟོད་གཡོགས་དང། སྨད་གཡོག་ ཅན་ནོ། །རྣམ་པར་རྒྱལ་བ་ལུས་དམར་པོ་ཕྱག་ན་གཏུན་ཤིང་ཐོགས་པ། གོས་དམར་པོའི་སྟོད་གཡོགས་ཅན། གསེར་གྱི་ཁ་དོག་ཅན་གྱི་གཞུ་ཕྱག་ན་བསྣམས་པའོ། །གཞན་གྱིས་ མི་ཐུབ་པ་ནག་མོ་གོས་ཁྲ་བོའི་སྟོད་གཡོགས་ཅན། གོས་ནག་པོའི་ཤམ་ཐབས་ཅན། ཕྱག་ན་རལ་གྲི་ཐོགས་པ་གྲུ་ལ་ཞོན་པའོ། །དེ་ནས་ཟླ་བ་དང། ཉི་མ་དང། ལྷ་རྣམས་དང་ ནང་དུ་པདྨ་རབ་ཏུ་གཏོར་བ་བྲི་བར་བྱའོ། །བྱང་གི་སྒོ་རུ་ལོག་འདྲེན་ཆེན་པོ་གཡས་ཀྱི་གཞོགས་སུ་ཆུ་བོ་རབ་མེད་ཁོར་ཡུག་ཏུ་རྡོ་རྗེ་དང། དུང་དང། ལ་ད་དང། དཔལ་བེའུ་རྣམས་ ཀྱང་ཀུན་ཏུ་བྲིའོ། །དེ་ལྟར་ཐམས་ཅད་ཡང་དག་པར་བྲིས་ཏེ་དེ་ནས་ཇི་ལྟར་འབྱོར་བའི་གཏོར་མ་དང། ཐུག་པ་རྣམ་པ་ལྔ་དང་བཟའ་བ་རྣམ་པ་ལྔ་དང། ཀཏཉྩ་མང་པོ་དང། བཟའ་ དཀྲིས་པའི་བག་ཟན་དང། ཛམྦུ་ལི་ཀ་དང། ཞོ་དང། བུ་རམ་དང། མར་དང། སྦྲང་རྩི་ཇི་ལྟར་རིགས་པ་དབུལ་བར་བྱའོ་།ཆུའི་བུམ་པ་བཞི་ཇི་ལྟར་འདོད་པའི་ཡལ་འདབ་ཀྱིས་ [31A]༄༅། །ཁ་བཀབ་པ་དང། བུམ་པ་དྲིའི་ཆུ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་ས་བོན་ཐམས་ཅད་དང། སྨན་ཐམས་ཅད་དང། ཡལ་འདབ་དང། གོས་ཀྱིས་ མགྲིན་པ་དཀྲིས་པ། དབྱིག་དང། གསེར་དང། རིན་པོ་ཆེ་རྣམས་དང་ཡལ་འདབ་ཀྱིས་བརྒྱན་པའི་བུམ་པ་རྣམ་པ་ལྔ་ལྔ་རྣམས་དང་ཕྱི་རུ་རིན་པོ་ཆེ་རྣམས་ཀྱིས་མངོན་ པར་བཀྲམ་པའོ། །དེ་ལྟ་བུ་ལ་སོགས་པའི་བཀྲ་ཤིས་པ་རྣམས་བྱས་ནས་ཕྱི་ནས་བཟླས་པར་བྱའོ། །དེ་ནས་སྔོན་དུ་སློབ་མ་རབ་ཏུ་གཞུག་པར་བྱ་སྟེ། འདི་ལས་གཞན་པའི་ སྔགས་སུ་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤ་ཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཤྩ་ཏུརྦྷ་གི་ནཱི་ནཱཾ་མ་མ་ཛ་ཡཱ་ཡ། མཱ་ཧེ་ཏི་སཱཧཱ། སྔགས་འདི་རྣམ་པ་བརྒྱད་ ཀྱིས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །མེ་ཏོག་དང། ཡུངས་ཀར་དང། ལན་ཚྭ་དང། ཆུ་དང། ཐལ་བས་དྲི་མེད་ཉིད་སུན་འབྱིན་པའི་ཆ་བྱད་ཀྱིས་ཀྱང་ངོ། །ན་མོ་རཏྣ་ ཏྲ་ཡཱ་ཡ། ན་མ་ཤྩནྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ན་མོ་བི་ཛ་ཡཱ་ཡ། ཧ་ཧ། དྷ་ལི། ཀུ་མཱ་ར་ནི་བིཥྣུ་མུ་ཁེ་ར་ཊེ་ཤ་སཱཧཱ། རིག་པ་འདི་འབུམ་བཟླས་པས་སྔོན་དུ་ བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་གྱི་གནམ་ལྕགས་ཕོག་པའི་ཤིང་བླངས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པར་གྱུར་ནས་གང་དུ་མཆོད་རྟེན་རིང་ [31B]ཀྱང་མེ་ཏོག་དང། ཡལ་འདབ་ཀྱིས་ཁ་བརྒྱན་པ་བཞག་པར་བྱའོ་།དེ་ནས་ཀུ་ཤ་བཏིང་ཞིང་བཀྲམ་པའི་དཀྱིལ་འཁོར་ ལྕགས་གསུམ་བཅིངས་པའི་ཕུར་བུའམ། རྐང་པ་གཡོན་པ་ལག་པ་གཡོན་པས་མནན་ཏེ་ཇི་སྲིད་དུ་སྔགས་མི་སྣང་བར་གྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །ལག་པ་གཏང་བར་ཡང་ མི་བྱའོ། །དེ་ནས་ཕུར་བུ་དེ་དགོན་པར་གདབ་པར་བྱ་སྟེ་ཕུར་བུ་ཁྱིམ་དུ་འབྱུང་ངོ། །ཆོ་ག་འདི་ཉིད་ཀྱིས་བཏབ་ནས་ཕུར་བུ་རྐང་པ་གཡོན་པས་ཡང་དག་པར་མནན་ནས་དབང་དུ་གྱིས་ ཤིག་གྲོང་ཁྱེར་འཇིག་པའི་ལག་པ་བཙིར་བས་ཕྱག་རྒྱ་ཐམས་ཅད་དང། དུག་བྱས་པ་རྣམས་ཀྱང་འཇོམས་པར་བྱེད་དོ། །སྐྱེ་བོའི་ནང་དུའང་གདབ་པར་བྱ་སྟེ་ཐམས་ཅད་དུ་འགྱུར་ རོ༑ ༑གཞན་ལའང་ཇི་ལྟར་འདོད་པ་བཞིན་དུ་ལས་རྣམས་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏཱ་ཡེ། ན་མཤྩ་ཏ་སྲྀ་ཎཱཾ། བྷ་གི་ནཱི་ནཱཾ་ན་མསྟུམ་ [?]ཆུ་[?]སརྦ་བ་ཧ་སྱ། མཧཱ་ཀརྞ་སྱ། པི་ཙི་བ་ཙི། ཨ་མུ་ཀཱ་ཡ། བྷརྒ་པྲ་པ་ཏཱནྟུ་སཱཧཱ། ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ སྔགས་འདི་ཐོད་པར་ཁྲག་གིས་བྲི་བར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པར་བྱས་ནས་ཆུ་ལ་དོར་བར་བྱའོ། །རྣམ་པ་ཐམས་ཅད་པའི་ངག་ཏུ་འགྱུར་རོ། །ན་མོ་རཏྣ་ [32A]༄༅། །ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ན་མཤྩ་ཏི་སྲྀ་ཎཱཾ་བྷ་གི་ནཱཾ་ནཱཾ་ན་མོ་ཛམྦྷ་ནི་ཙཱ་ཊུ་ཙཱ་ཊུ་ཙ་ཊུ་སཱཧཱ། རིག་པ་འདིས་རྒྱལ་གྱི་ཟླ་བ་ ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་ན་ལེ་ཤམ་གསུམ་ཁར་བཅུག་སྟེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ན་ལེ་ཤམ་གཅིག་ཁར་རབ་ཏུ་བཅུག་སྟེ་གང་མིག་མི་འཛུམས་ པར་ལྟ་བར་བྱེད་པ་དེ་དབང་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། ན་མཤྩ་ཏི་སྲྀ་ཎཱཾ་བྷཱ་གི་ནཱི་ནཱཾ། ན་མསྟུམྦུ་རུ་མཧཱ་སཱརྠ་བཱ་ ཧཱ་ཡ༑ ན་མོ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་སཱཧཱ། །རིག་པ་འདིས་ཇི་ལྟར་འདོད་པ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ནས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ནས་མར་མེ་དང། རྒྱལ་མཚན་དང། ཕྲེང་བ་ལ་སོགས་པ་ཕུལ་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཆུ་རང་ཉིད་ ཀྱིས་བླངས་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ་ཐུན་གཅིག་ཏུ་བཟླས་པར་བྱའོ། །དེ་འཐུངས་ཤིང་ཁྲུས་བྱས་ནས་ཆོ་ག་དེ་ཉིད་ཀྱིས་ཐོ་རངས་དགེ་འདུན་གྱིས་བསྟན་པའི་སློང་མོ་ ཟོས་ནས་དེ་ལྟ་བུ་བརྒྱད་ཟློས་ཤིག། དེ་ནས་ཕྱོགས་བཞིར་རིག་པའི་གནས་རྣམས་ཁ་རུ་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱཡ་ [32B] མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ན་མཤྩ་ཏི་སྲྀ་ཎཱཾ་བྷཱ་གི་ནཱི་ནཱཾ། ཏནྟྲི་མི་ལི་མི་ལི་སཱཧཱ། རིག་པ་འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་ལག་པ་གཡས་པས་ ཁུ་ཚུར་བྱས་ནས་ཉི་མ་བཅུ་གསུམ་དུ་བཟླས་པར་བྱའོ། །དུག་དང་མཆེ་བས་ཤི་བ་ཐམས་ཅད་སློང་བ་འཇུག་པར་བྱེད་དོ། །ཁུ་ཚུར་གྱིས་གདོན་རྣམས་འབེབས་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ན་མཤྩ་ཏི་སྲྀ་ཎཱཾ་བྷ་གི་ནཱི་ནཱཾ་ན་མ་སྟུམྦུ་རུ། སརྦ་མཧཱ་ཡ། སུ་ཊུ་སུ་ཊུ་བཛྲ་པྲ་བྷཉྫ་ནཱི་ཡེ་སཱཧཱ། སྔགས་ འདིས་བ་བྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས་དེར་བཱ་ཤ་ཀའི་ཡམ་ཤིང་ཞོ་དང། སྦྲང་རྩི་དང་མར་གྱིས་བཏགས་པ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། ནག་པོའི་བརྒྱད་ པ་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔ་པའི་བར་དུའོ། །གང་འདོད་པ་དེ་འགུགས་པར་བྱེད་དོ། །འདིས་ཀྱང་ཁྲོས་པས་རྒྱལ་པོའི་ཕོ་བྲང་རབ་ཏུ་བསྒྲུབས་པར་བྱ་སྟེ་ཀུན་ཏུ་རྒྱུ་རབ་ཏུ་ ཞུགས་ནས་དེ་ལ་སོལ་བས་མངོན་པར་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ཁྲོ་བ་དང་བྲལ་བར་འགྱུར་རོ། །དེ་ནས་ཕྱག་རྒྱ་ རབ་འཆད་བྱེད། །དགེ་བའི་ལག་པ་ལས་ཀུན་ལ། །ལས་གང་ཅུང་ཟད་བྱ་བ་དེ། །ཀུན་ལ་ལག་པ་གཡོན་སྦྱར་བྱ། །མཐེ་བོང་ཅན་ལ་བཟུང་བ་ཡི། །ཕྱག་རྒྱ་ལྷ་ཡིར་ཡོངས་ [33A]༄༅། །སུ་བསྒྲགས། །སྡིགས་མཛུབ་ཅན་ནི་གནོད་སྦྱིན་ལ། །དྲི་ཟ་ལ་ནི་གུང་མོ་སྟེ། །འབྱུང་པོ་རྣམས་ལ་མིང་མེད་དོ། །ཀླུ་ལ་ལག་པ་མཐེའུ་ཆུང། །སྲིན་ པོ་རྣམས་ལ་མཐིལ་དུ་འོ། །དབྱུག་པའི་ཕྱག་རྒྱ་ཡི་དྭགས་རྣམས་།ཕྱག་རྒྱ་རྣམ་པ་བརྒྱད་དུ་བཤད། །མཐེ་བོང་རྡོ་རྗེ་རབ་འཇོམས་པ། །སྡིགས་མཛུབ་རྡོ་རྗེ་ཁུ་ཚུར་ཏེ། །གུང་ མོ་རྡོ་རྗེ་ལུས་དམར་ལ། །མཐེ་ཆུང་ནག་པོའི་ཡན་ལག་ཅན། །མཐེ་བོང་ཏུམྦུ་རུ་ཞེས་འདི། །རང་གི་གཟུགས་ཀྱིས་རང་རང་ལ། །ཕྱག་རྒྱ་ལྔ་པོ་རྣམ་པར་དགོད། །དེ་ ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མགོ་བོས་ཕྱག་བཙལ་ནས་འདི་སྐང་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཐུགས་རྗེ་ཆེན་པོ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་རྟོག་པའི་རྒྱལ་པོ་ཆེན་པོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མས་ཇི་ལྟར། བཅོམ་ལྡན་འདས་ རིག་པའི་སྔགས་ཀྱི་སྤྱོད་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆེད་དུ་ཇི་ལྟར་བྱ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ་ལེགས་སོ། །དེས་ན་གང་རིག་པ་འཛིན་པ་བཀྲུས་བཞིན་པ་རིག་པ་དེ་རྗེས་སུ་དྲན་པར་བྱས་ནས་རིག་པ་མེད་པར་ཁྲུས་བྱ་བ་དང་རྣམ་པར་དབེན་པའི་ཕྱོགས་མ་ [33B] སྟོབས་ཆུང་བར་འགྱུར་རོ། །གང་ལམ་དུ་འགྲོ་བ་གྲོང་བའི་ཆོས་ཀྱིས་གོས་པ་རྣམས་ལ་ཡིད་ཀྱིས་བཟླས་བ་བྱེད་དོ། །རྟག་ཏུ་ སེམས་གཡོ་བ་དང། ནད་མང་བར་འགྱུར་རོ། །གང་ཡང་ཡང་ནས་ཡང་དུ་རིག་པ་ཐུན་མོང་དུ་འཕོ་བ་དང། གནས་མ་ཡིན་པ་རྣམས་ལ་རབ་ཏུ་སྦྱོར་བར་བྱེད་པ་དང། སྦྱིན་སྲེག་ དང་བྲལ་བས་བཟླས་པ་བྱེད་པ་ནི་རྟག་ཏུ་དོན་ཉམས་པ་དང་གྲོགས་ཉམས་པར་ཡང་འགྱུར་རོ། །གང་ཞིག་སླར་ཡང་རིག་པ་འཛིན་པ་རང་གི་རིག་པ་ལ་བརྙས་པ་བྱེད་པ་དང་ ལྷ་ལ་སྤྱོད་པར་བྱེད་པ་ནི་ལོག་པར་འདྲེན་པ་དང་སྐྲག་པར་བྱེད་དོ། །རྟག་ཏུ་འཇིག་རྟེན་དགའ་བར་མི་འགྱུར་རོ། །རྟག་ཏུ་ཡོངས་སུ་བརྙས་པར་འགྱུར་རོ། །རྟག་ཏུའང་རིག་པ་འཛིན་ པས་སངས་རྒྱས་དང། བྱང་ཆུབ་སེམས་དང། རང་སངས་རྒྱས་དང། འཕགས་པ་ཉན་ཐོས་ཀྱིས་གསུངས་པའི་རིག་པའི་སྔགས་རྣམས་མེ་ཏོག་དང། བདུག་སྤོས་ལ་སོགས་པ་ རྣམས་ཀྱིས་མཆོད་པར་བྱ་བཀུར་སྟིར་བྱའོ། །དམ་ཚིག་མེད་པ་དང་སྲོག་གཅོད་པར་བྱེད་པ་དང། སྔགས་བྱེད་པ་དང། དགེ་སློང་མ་སུན་འབྱིན་པར་བྱེད་པ་དང། མཚམས་ མེད་པ་བྱེད་པ་དང། ཚུལ་དང་བྲལ་བས་དགེ་འདུན་གྱི་རྫས་ལ་ཡོངས་སུ་ལོངས་སྤྱོད་པ་དང། འབྲུའི་ཆང་དང། བཅོས་པའི་ཆང་ལ་ཡོངས་སུ་འགྲོ་བ་དང། དགེ་སློང་དམ་ [34A]༄༅། །དགེ་སློང་མ་གསོད་པར་བྱེད་པ་དང། ཟས་ལ་རྐང་པས་རྫི་བར་བྱེད་པ་དང། དམ་ཚིག་མེད་པར་ཁྲོ་བས་ཟས་རྫི་བར་བྱེད་པ་དང། འཐོར་བར་བྱེད་པ་ དང༑ དམ་ཚིག་མེད་པ་ཤི་བ་མཐོང་ནས་འགྲོ་བར་མི་བྱེད་པ་དང་དམ་ཚིག་མེད་པ་དང། དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཕྱག་རྒྱ་དང། སྔགས་སྦྱིན་པར་བྱེད་པ་དང་ དེ་ལའང་དམ་ཚིག་མེད་པར་སྨན་རྐང་པས་རྫི་བར་བྱེད་པ་དང་དམ་ཚིག་ལས་ཉམས་པར་བྱེད་པ་དང། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། ལྷ་གཞན་ རྣམས་ལའང་དྲི་མེད་ཉིད་ཀྱིས་འགོམ་པར་བྱེད་པ་དང། དམ་ཚིག་མེད་པར་དུང་དང། འཁོར་ལོ་དང། རྩེ་གསུམ་ཁ་གདེངས་དང། བེ་ཅོན་དང། མདུང་དང། རྡོ་རྗེ་དང་ ཕུབ་དང། གཞུ་དང། གཤོལ་དང། གཏུན་ཤིང་དང། མདའ་དང་མདུང་ཐུང་དང། གླང་པོ་ཆེ་དང། ཁྱུ་མཆོག་དང། བོང་བུ་དང། ཕག་དང། ཤ་ར་བྷ་དང། སེངྒེ་ དང༑ བྱ་གག་དང། རྨ་བྱ་དང། མ་ཧེ་དང། རྔ་མོ་དང། ངང་པ་དང། མི་དང། ལྷའི་བཞོན་པ་དང། མཚོན་ཆ་སྣ་ཚོགས་པ་རྣམས་ཀྱང་འགོམ་པར་བྱེད་པ་དང། སྣ་ ཚོགས་བྱེད་པ་མཐོང་ནས་རྐང་པས་གནོན་པར་བྱེད་པ་དང། རྣམ་པ་གཞན་དུ་ལོག་པར་འདྲེན་པ་དང། དངོས་གྲུབ་སྟེར་བར་མི་བྱེད་དོ་།བཟའ་བའི་ཆོ་གའང་འདིར་ [34B] ཤ་དང། པརྤ་ཊ་དང། ཛམ་བུ་ལི་ཀ་དང། ཉ་དང། སྤུ་པ་ལི་ཀ་མང་པོ་དང། ཏིལ་གྱི་ཐུག་པ་དང། ལྷ་བཤོས་དང། དྲི་མེད་ཉིད་བཟའ་བའང་སྤང་བར་བྱའོ། །ལྷའི་ དྲི་མེད་ཉིད་གནོན་པ་དང། པདྨ་གནོན་པ་དང། ཆུ་ལ་གནས་པ་དང་ལྡན་པ་དང། ཨུཏྤལ་གནོན་པ་དང། ནགས་ཀྱི་བདག་པོ་གཅོད་པ་དང། རྩ་བ་འབྱིན་པར་བྱེད་པའང་སྤང་ པར་བྱའོ། །རིག་པ་རྗེས་སུ་དྲན་པར་བྱེད་པ་ཉིད་ཀྱིས་རྟག་ཏུ་གོས་གཙང་མ་བགོས་པས་བྱ་བ་ཐམས་ཅད་ལ་བསྟན་པ་ཉིད་དང། གཞན་རིག་པའི་ཆོ་ག་ཐམས་ཅད་ལ་མཆོད་པར་ བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སླར་ཡང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་ཁྱེད་རྣམས་ཉོན་ཅིག། བཅོམ་ལྡན་འདས་མ་འཕགས་ མ་སྒྲོལ་མའི་རིག་པའི་ཡི་གེ་རྣམས་ཐབས་དང་བཅས་པས་བདེ་བླག་ཏུ་སྒྲུབ་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་ ཡིད་ཀྱིས་གྲུབ་པའི་སྔགས་ཀྱི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏཱ་ཡ་མཧཱ་སཏཱ་ཡ། གྷུ་ནི་གྷུ་ནི་ལ་ལ་ལ་སིདྡྷ་སིདྡྷ། པ་རཱ་ཀྲ་མ་ སཱཧཱ༑ ཨ་མི་ཏ་བྷཱ་སུཏ་སཱཧཱ། སརྦེ་ཤྩ་ཨཱརྱ་ཨ་བ་ལོ་ཀི་ཏེ་སཱཧཱ། འདི་ནི་འཕགས་པ་ཟླ་བ་མ་ཞེས་བྱ་བ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ནུ་མོ་སྟེ་ལས་ཐམས་ཅད་བྱེད་ [35A]༄༅། །པའོ༑ ༑སྒྲུབ་པ་པོས་རྟག་ཏུ་གཙུག་ཕུད་བཅིང་བ་དང་ཕྱག་རྒྱ་བཅིང་བའང་བྱའོ། །བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ། །དེ་ལ་ འདི་ནི་ཐོ་རངས་ལངས་ནས་གཙང་མར་གྱུར་པས་དཀྱིལ་འཁོར་བྱས་ནས་མེ་ཏོག་ལ་སོགས་པ་གཏོར་ཏེ་ལྔ་བརྩོན་པས་བརྒྱད་བརྒྱར་བཟླས་པར་བྱའོ། །མངོན་པར་འདོད་པའི་ དོན་རྫོགས་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་དབང་དུ་བྱེད་དོ། །དེ་ནས་དཀྱིལ་འཁོར་དུ་རྩེ་ཏྲཱི་ཛི་ཀཾ་རབ་ཏུ་གཏོར་ནས་གང་འདོད་པ་དེ་སྐྲོད་པར་བྱེད་པར་འགྱུར་རོ། །བཀླགས་ པས་གྲུབ་པ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བར་འགྱུར་རོ། །ཡང་འདིར་རྣམ་གྲངས་ཀྱི་གཏེར་འདིར་དེ་དག་གཅིག་ཏུ་རེག་པ་དེ་དྲན་པར་བྱེད་དོ། །དེ་ནས་ གཤེད་བྱེད་སྐྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་གི་མེ་རབ་ཏུ་སྦར་ཏེ་དར་ཆེན་པོས་བསྐོར་ལ་ཇི་ལྟར་སྐྱེས་པའི་ཁྲག་གིས་སྦྱིན་སྲེག་གྱིས་ཤིག། ཉི་མ་ བདུན་པ་ལ་འཇིགས་པའི་ང་རོ་ཅན་གྱི་གཤེད་བྱེད་མཚན་མོ་ཕྱེད་ནས་ལངས་པར་བྱེད་དོ། །ཡང་དག་པར་བསྔགས་པས་ཇི་ལྟར་བརྗོད་པའི་གནས་སུའང་བྱིན་གྱིས་བརླབས་ པ་སྦྱིན་པར་བྱའོ། །འདི་ནི་བཅོམ་ལྡན་འདས་མའི་བྱིན་གྱིས་བརླབས་པས་ཇི་ལྟར་བདེ་བར་མངོན་པར་བདེ་བར་བྱེད་དོ། །དེ་ནས་གནས་ཁ་ཅིག་ཏུ་མི་རྣམས་འཆི་བ་དང་ [35B] གནས་ཁ་ཅིག་ཏུ་ལྕགས་སྒྲོག་བཅིངས་པ་མཐོང་ངོ། །དེ་ལྟར་གཤེད་བྱེད་དེ་རྣམ་པར་རྒྱུ་བར་བྱེད་དོ། །དེ་ཞི་བའི་དོན་དུ་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །མཆོག་ཏུ་ཞི་བར་འགྱུར་རོ། །དགྲ་རྣམས་བསྐྱེད་པར་བྱེད་པར་འདོད་ན་དུར་ཁྲོད་དུ་སོང་ནས་དུར་ཁྲོད་ཀྱི་ཤིང་ གི་མེ་རབ་ཏུ་སྦར་ཏེ་ཡུངས་ཀར་དཀར་པོ་ལ་ཏིལ་ནག་པོའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིང། །འགྲོ་བར་བྱེད་དོ། །དེ་ནས་རིམས་ཀྱིས་འཛིན་པར་ འདོད་ན་དུར་ཁྲོད་ཀྱི་མེ་ལ་དུར་ཁྲོད་ཀྱི་ཐལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། རིམས་ཆེན་པོས་འཛིན་ནོ། །ཞི་བའི་དོན་དུ་ཆུ་ལ་བརྒྱ་རྩ་བཟླས་ཏེ་མགོ་བོར་སྦྱིན་པར་ བྱའོ༑ ༑རིམས་ལས་གྲོལ་ལོ། །མགོ་བོ་ཟུག་རྔུས་འཛིན་པར་འདོད་ན་བ་བྱུང་གི་གཟུགས་བརྙན་ལ་མི་རུས་ཀྱི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་ལ་མགོ་བོར་ཕུར་བུས་གདབ་ བོ༑ མགོ་བོ་ཟུག་རྔུ་ཆེན་པོས་འཛིན་ནོ། །ཕུར་བུ་བཏོན་པས་ཞི་བར་འགྱུར་རོ། །དབང་པོ་ལ་བཏབ་ན་མ་ནིང་དུ་འགྱུར་རོ། །བཏོན་ན་ཐར་རོ། །སྙིང་གར་བཏབ་ན་གཟར་ཆེན་པོར་ འགྱུར་རོ། །བཏོན་ན་ཐར་རོ། །སེང་ལྡེང་གི་ཕུར་བུ་ཤ་དང་ཁྲག་གིས་བཏགས་པ་སྲད་བུས་དཀྲིས་པ་ལ་བརྒྱད་བརྒྱ་བཟླས་པ་མི་རུས་ཀྱི་ཕུར་བུའི་མགོ་བོར་གདབ་པར་བྱའོ།། [36A]༄༅། །དགྲའི་སྒོར་བཏབ་ན་ཐོ་རངས་འབྲོས་པར་བྱེད་དོ། །ཇི་སྲིད་ཕུར་བུ་བཏོན་པར་མ་གྱུར་གྱི་བར་དུ་གང་དུའང་གནས་པར་མི་བྱེད་དོ། །རྒྱལ་པོ་སྐྱེད་པར་འདོད་ ན་ལྷ་ཆེན་པོའི་ཁང་པར་སོང་ནས་ལྷ་ལ་དུག་དང། ཁྲག་གིས་བྱུགས་ཏེ་ཤ་ཆེན་པོའི་བདུག་པ་དབུལ་བར་བྱའོ། །ནིམྦའི་འདབ་མས་ཀྱང་མཆོད་པར་བྱའོ། །དེ་ནས་དུག་དང་ ཁྲག་དང། སྐེ་ཚེ་རྣམས་གཅིག་ཏུ་བྱས་ནས་བརྒྱད་བརྒྱར་སྦྱིན་སྲེག་གྱིས་ཤིག། བརྒྱད་བརྒྱ་དང་བོས་རང་གི་ཤའོ། །གཉིས་པས་མེ་ཏོག་གོ། གསུམ་པས་བཙུན་མོའི་ འཁོར་རོ། །བཞི་པས་མཚོན་ཆ་ཆེན་པོའོ། །ལྔ་པས་གླང་པོ་ཆེའོ། །དྲུག་པས་མ་ཧེ་སྟེ་ཁྲོ་བོ་ཆེན་པོས་དཀྲིས་པའི་ལས་སོ་།བློ་བཟང་པོ་ཉིད་ཉམས་པར་བྱེད་པར་འདོད་ན་ ནིམྦའི་ཤིང་གིས་མེ་སྦར་ནས་ནིམྦའི་ལོ་མ་དང། དུར་ཁྲོད་ཀྱི་ཐལ་བ་ཕན་ཚུན་བསྲེས་པས་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། སྐད་ཅིག་ལ་ཉམས་ པར་འགྱུར་རོ། །དེ་ནས་ལྐུགས་པར་བྱེད་པར་འདོད་ན་ཀ་ས་མ་ཡའི་གཟུགས་བརྙན་བྱས་ནས་ཟངས་ཀྱི་ཕུར་བུ་ལ་བརྒྱད་བརྒྱ་བཟླས་ཏེ་དགྲ་བོ་ཡིད་ལ་བྱས་ནས་ཁ་ལ་ ཕུར་བུ་གདབ་པར་བྱའོ། །ལྐུགས་པར་འགྱུར་རོ། །ཕུར་བུ་བཏོན་ན་ཐར་རོ། །མངོན་སྤྱོད་ཅན་རྫོགས་སོ།། །།མ་བསྒྲུབས་པར་ལས་རྣམས་འབྱུང་ [36B] །མ་བླངས་པར་བཟའ་བ་རྙེད་དོ། །བརྒྱད་བརྒྱར་བཟླས་ནས་མགོ་བོ་ལ་བྱུགས་བས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། གོས་ལ་ལན་བདུན་མངོན་པར་སྔགས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར་རོ། །མིག་སྨན་ལ་མངོན་པར་སྔགས་ནས་མིག་ལ་བསྐུས་ན་ཁྲོ་བོས་དཀྲིས་པ་རྣམས་ཀྱིས་མཐོང་ན་ དགའ་བར་འགྱུར་རོ། །ལམ་དུ་ཟློས་བཞིན་པར་སོང་ན་ཆོམ་རྐུན་རྣམས་ཀྱིས་འཇོམས་མི་ནུས་སོ། །སོར་མོ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་རེངས་པར་འགྱུར་ རོ༑ ༑གསེག་མ་ལ་བརྒྱད་བརྒྱར་བཟླས་ནས་ཆུ་ལ་གཏོར་ན་ཆུ་ལ་རྒྱུ་བ་ཐམས་ཅད་རེངས་པར་བྱེད་པར་འགྱུར་རོ། །བཅིངས་པ་ལམ་འགག་པ་ལ་བཟླས་ན་ཐར་རོ། །ཀ་ར་བའི་རའི་ ལྕུག་མ་ལ་ལན་བདུན་བཟླས་པས་དཀྱིལ་འཁོར་དུ་ཉེ་བར་བྱུགས་ནས་ས་ལ་མཚོན་ཆ་སྦྱིན་པར་བྱའོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ཁྱོར་བའི་ཆུ་ལ་སྔགས་ནས་སྟེང་ དུ་གཏོར་བར་བྱ་སྟེ་དུས་མ་ཡིན་པའི་ཆར་རེངས་པར་བྱེད་དོ། །ཐལ་བ་ལ་བརྒྱད་བརྒྱར་བཟླས་ན་ཐལ་བ་འདེབས་པར་འགྱུར་རོ། །ལྕགས་ཀྱི་ཕྱེ་མ་རྡོའི་ར་བར་འགྱུར་རོ། །སྒྲོན་ མ་གསུམ་གྱིས་མེའི་ར་བར་འགྱུར་རོ། །བིལ་བའི་འདབ་མས་བིལ་བའི་ར་བར་འགྱུར་རོ། །བརྒྱད་བརྒྱར་བཟླས་པའི་ཆུས་ཆུའི་ར་བར་འགྱུར་རོ། །མདོར་བསྡུས་ན། བཅོམ་ལྡན་ [37A]༄༅། །འདས་གཙུག་ཏོར་གྱི་རྒྱལ་པོ་རྟོག་པ་གཞན་གྱི་ཆོ་གས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་བྱེད་དོ། །རིག་པ་བསྒྲུབས་པ་ལས་མཆེམས་མེད་ པ་ལས་གྲོལ་ནས་བྱང་ཆུབ་ཀྱི་སེམས་རྙེད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ། ཨ་ནཱ་བ་ལོ་ཀི་ཏེ་མུརྡྷ་ནི་ཏེ་ཛོ་རཱ་ཤི་ཧཱུཾ། ཛཱ་ལ་ཛཱ་ལ། དྷ་ཀ་དྷ་ཀ། ད་ར་བི་ད་ར། ཚིནྡ་ཚིནྡ། ཧཱུཾ་ཧཱུཾ་ ཕཊ་ཕཊ་སཱཧཱ། གཟི་བརྗིད་དང། ཕུང་པོར་རྣམ་པར་བཤད་དེ་འདབ་མ་ཆུང་དུའི་རྒྱབ་ཏུ་གནས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱི་རྒྱུད་ཆུང་དུ་ལས་བྲིས་ པ་འདབ་མ་སོ་སོར་ལ་རྫོགས་པར་བྱ་བའི་ཕྱིར་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་རས་བྱེད་དུ་བཅུག་ནས་སམ། ཡང་ན་དཔའ་བོའི་རིན་གྱིས་ཉོས་པ་སྟེ་ཇི་ལྟར་རྙེད་པའི་ རས་ཁ་ཚར་མ་བཅད་པ་སྐྲ་དང་བྲལ་བ་ལ་རི་མོ་མཁན་གསོ་སྦྱོང་ཅན་དབང་བོ་མ་ཚང་བ་མིན་པས་ཁ་ཤར་དུ་ཕྱོགས་པས་རས་རྣམས་འཕྲུལ་འཁོར་ལ་བཞག་སྟེ་དེའི་མདུན་དུ་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་དང་ཁྱད་པར་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་བར་བྱས་ནས་དེ་ནས་ཨརྒའི་ ཤིང་གིས་མེ་རབ་ཏུ་སྦར་ནས་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་རལ་པ་གཅིག་མའི་སྙིང་པོས་རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་དུ་སྟོང་ [37B] རས་རིས་འདྲི་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་ནས་ཚེས་གྲངས་དང། བྱེད་པ་དང་རྒྱུ་སྐར་དང། ཡུད་ཙམ་དགེ་བ་ལ་སྣོད་སར་པར་ བཞག་པ་ཁ་དོག་མ་འདྲེས་པ་ཤིན་ཏུ་སོ་སོར་བཏགས་པའི་ཁ་དོག་གི་ཆུས་སྦྱར་ནས་བ་ལང་གི་སྤུའི་པིར་གྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་ནི་སྣ་ཚོགས་པའི་གནས་རབ་ཏུ་བསྔགས་ པ༑ བྱའི་ཚོགས་སྐད་འབྱིན་པ། དཔག་བསམ་གྱི་ཤིང་དང་མཚུངས་པ་བྱའོ། །དེ་བཞིན་གཤེགས་པ་འོད་དཔག་མེད་འདྲིར་གཞུག་པར་བྱའོ་།ཆོས་སྟོན་པར་མཛད་བཞིན་པ་ སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པའི་སྐུ། མཛེས་པར་སྣང་བཞིན་པའི་ལུས། གཙུག་ཏོར་ནས་འོད་ཟེར་ཆེན་པོ་གསེར་གྱི་ཁ་དོག་ཅན་ འཕྲོ་བ། པདྨ་དཀར་པོ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་དཀར་པོ་རྒྱན་གྱིས་རྣམ་པར་བརྒྱན་པ། ཁ་དོག་ལྔ་པའི་གོས་ ཀྱི་སྟོད་གཡོགས་བགོས་པ། ཕྱག་ན་རྔ་ཡབ་ཐོགས་པའོ། །གཞན་དུ་རྒྱུ་སྐར་མེ་བཞི་ལ་འཕགས་པ་དྲི་མ་མེད་པ་འགྲོ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འདྲིར་གཞུག་པར་བྱ་ སྟེ༑ བཅོམ་ལྡན་འདས་ཀྱི། གཡས་ཕྱོགས་སུ་ཐམས་ཅད་དཀར་པོ། གསེར་གྱི་རྒྱན་གྱིས་བརྒྱན་པ། རལ་པའི་ཚོགས་དང། ཕྱག་ན་རིལ་བ་སྤྱི་བླུགས་དང། དབྱུག་གུའི་ [38A]༄༅། །ཤིང་བསྣམས་པ། མཆོད་ཕྱིར་ཐོགས་ཕྲག་པ་ལ་འཕྱང་བ། གོས་དཀར་པོ་བགོས་པ། མཆོག་ཏུ་སྐྱེས་པ། སྒྲུབ་པ་པོའི་སྟེང་དུ་ཕྱག་བརྐྱང་བ། ཕྱག་ བཞི་པ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་འཕགས་པ་དྲི་མ་མེད་པར་འགྲོ་བཅུང་ཟད་མངོན་པར་ལྷགས་པའོ། །བཅོམ་ལྡན་འདས་ལས་ཅུང་ཟད་དམན་པའི་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ་།དེའི་གཡས་ཀྱི་གཞོགས་སུ་བྲི་ཡང་ཀུ་ལྟར་སྔོ་བསངས། གསེར་དང། རིན་པོ་ཆེས་རབ་ཏུ་གསལ་བར་ བྱེད་པའི་ལུས་ཅན། ཅོད་པན་གྱིས་བརྒྱན་པ། རྣམ་པར་བཀྲ་བའི་གོས་བགོས་པ། རིན་པོ་ཆེའི་སྟོད་གཡོགས་ཅན། ལུས་ཅུང་ཟད་འདུད་པ། བཅོམ་ལྡན་འདས་ལག་པ་ཁ་ སྦྱོར་བྱས་པས་ཨུཏྤ་ལ་སྔོན་པོ་ཡོངས་སུ་གཟུང་པ། ཕྱག་མཆོག་ཏུ་སྐྱེས་པ། དང་པོར་བཅོམ་ལྡན་འདས་ལ་རྟོག་པར་བྱེད་བཞིན་པའི་སྒྲོལ་མ་འདྲིར་གཞུག་པར་བྱའོ། །དེའི་ འོག་ཏུ་པདྨའི་མཚོ་བྱའོ། །དེ་ནས་རྩ་བའི་པདྨ་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱའོ། །གཡོན་དུ་འཕགས་པ་དྲི་མ་མེད་ པར་འགྲོ་བའོ། །གཞན་དུ་བཅོམ་ལྡན་འདས་མ་སྒྲོལ་མའི་གཡས་སུ་ཀླུའི་རྒྱལ་པོ་མཐའ་ཡས་མགོ་བོ་བདུན་པ། ཕྱག་ན་པདྨའི་སྡོང་པོ་བསྣམས་པ། ཐམས་ཅད་དཀར་བ་ [38B] རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །གཡོན་དུ་ཀླུའི་རྒྱལ་པོ་རྒྱ་མཚོ་སྔོ་བསངས། ཕྱག་ན་པདྨའི་སྡོང་བུ་བསྣམས་པ་ འདི་འདྲ་བ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་རྩ་བ་དང་ཉེ་བར་དཀར་མོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིན་པོ་ཆེའི་སྟོད་གཡོགས་ ཅན༑ རིན་པོ་ཆེ་དང། ཙངྒ་ཊཀ་ཕྱག་ན་བསྣམས་པ། པུས་མོ་ས་ལ་བཙུགས་པའི་ལྷ་མོ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་མ་སྒྲོལ་མའི་གཡས་ཀྱི་གཞོགས་སུ་རྩ་ བ་དང་ཉེ་བར་འཁོད་པའི་ཐམས་ཅད་དཀར་མོ། གཞོན་ནུའི་གཟུགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཐལ་མོ་ཁ་སྦྱར་དུ་བྱས་པ། བཅོམ་ལྡན་འདས་མ་དང་ བཅོམ་ལྡན་འདས་ལ་ངེས་པར་རྟོག་བཞིན་པའི་བདེ་ལྡན་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་སྒྲུབ་པ་པོ་སྤྱན་རས་གཟིགས་ དབང་ཕྱུག་ལ་ལྟ་བར་གྱུར་པ། གོས་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། དབྱིབས་དང། རྣམ་པའི་ཁྱད་པར་ཇི་འདྲ་བ་པུས་མོ་གཉིས་བཙུགས་པ། ལག་པ་ སྤོས་ཕོར་ཐོགས་པ་བྱའོ། །ལྷའི་བུ་རྔ་བོ་ཆེ་རྡུང་བར་བྱེད་བཞིན་པ་བྱའོ། །སྤྲིན་ལས་གློག་དང་བཅས་པ་བྱའོ། ཕྱོགས་བཞི་དང། ཕྱོགས་བྲལ་དུའང་བྱའོ། །གཡས་སུ་རས་ [39A]༄༅། །རིས་ཀྱི་སྟེང་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མེ་ཏོག་འཐོར་བར་བྱེད་བཞིན་པ་འདྲིར་གཞུག་པར་བྱའོ། །སྟེང་དུ་ཟླ་བ་དང། ཉི་མ་རྒྱན་ཐམས་ཅད་ ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །སྟེང་དུ་དུང་དང། རྔ་བོ་ཆེ་དག་གོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་ནག་མོ་གསུས་པ་འཕྱང་པ། རྒྱན་ ཐམས་ཅད་པ། མཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གོ་ཞེས་བྱ་བའི་ཕགས་པས་དཀྲིས་པ། གཙུག་ཕུད་ལ་ཐོད་པའི་ཕྲེང་བ་འཕྱང་བ། རྡོ་བ་ལ་ རབ་ཏུ་བཞུགས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་བཞི་པ་གཡས་ཀྱི་ཕྱག་གིས་དགྲ་སྟ་ཡོངས་སུ་བསྣམས་པ། ཕྱག་གཡོན་པའི་དང་པོས་ཁྲག་གིས་ཡོངས་སུ་ གང་བའི་སྣོད་དང། ཕྱོགས་དང་ལྡན་པའི་ལུས་ལ་སྨིན་མ་དང་སྐྲར་ལྡན་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྱས་པ། སེན་མོ་རིང་པོ་ཅན། གླང་པོ་ ཆེའི་པགས་པས་སྟོད་གཡོགས་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་བཀའ་རབ་ཏུ་ནོད་པར་བྱེད་བཞིན་པར་གྱུར་པའི་འཕགས་མ་སྒྲོལ་མའི་སྲིང་མོ་འདྲིར་གཞུག་ པར་བྱའོ། །དེ་ལྟར་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་དག་པ་དང། སྐྱོང་བ་དང། ཚད་མ་ཉིད་ཀྱི་ཡན་ལག་རྣམ་པར་སྤངས་པ། རིན་པོ་ཆེ་དང། ཆུ་ [39B] གཞན་དུའང་རུང་སྟེ་གཙང་མའི་གན་དུའོ། །དེ་ནས་དུ་བ་འཐུལ་བས་ནི་དབང་དུ་བྱེད་དོ། །གང་ཐབས་ཅིག་གསང་སྔགས་བྱེད་པ་དེའོ། །ལྷ་ཐམས་ཅད་གསལ་ བར་བྱེད་པར་འདོད་པས་དཀར་པོའི་བརྒྱད་པའང་རུང་སྟེ་ལས་བརྩམས་པར་བྱའོ། །གཙང་མའི་སའི་ཕྱོགས་སུ་གཞུའི་ཚད་ཀྱིས་ཐང་ལ་ཡོངས་སུ་བྱུག་པར་བྱ་སྟེ་དེའི་དབུས་སུ་ སོ་ཕག་གཞག་པར་བྱའོ། །ཕྱོགས་བཞི་རྣམས་སུ་ས་ལས་བྱུང་བའི་རྩ་བ་ནག་པོ་མེད་པའི་ཆུའི་བུམ་པ་བཞི་ལ་བརྒྱད་བརྒྱར་སྔགས་པ་བཞག་པར་བྱའོ། །གཞོན་ནུ་མས་བཀལ་ པའི་སྲད་བུ་ཚོན་སྣ་ལྔ་ལས་ལེགས་པར་དཀྲིས་པའོ། །དྲི་ཞིམ་པོའི་ཕྱེ་མས་དཀྱིལ་འཁོར་བྱས་ཕྱོགས་བཞིར་ཆང་དང། ཤ་མེད་པའི་གཏོར་མ་དབུལ་བར་བྱའོ། །དྲི་བཟང་ པོའི་མེ་ཏོག་གི་མཆོད་པ་བྱའོ། །གུ་གུལ་གྱི་བདུག་པ་དབུལ་ལོ་།ཟངས་ཀྱི་སྣོད་མར་གྱིས་བཀང་བ་གཞན་ནས་འགྲམ་གྱི་ཕྱེ་མ་རྣམས་ལ་ཉེ་བར་གནས་པར་གཞག་པར་བྱའོ།། ཤར་དུ་མངོན་པར་ཕྱོགས་པས་ཕྱི་རོལ་ཏུ་དཀྱིལ་འཁོར་དུ་རལ་པ་གཅིག་མ་ལ་མཆོད་པ་དང། གཏོར་མ་དབུལ་བར་བྱའོ། །དེ་ནས་ཀུ་ཤ་ལྗང་ཁུ་བླངས་ནས་གོས་དཀར་ པོ་གཅིག་འཆང་བར་བྱས་ཏེ་ཇི་སྲིད་དུ་རྐང་པ་གཉིས་ཀྱི་བར་དེ་སྲིད་དུ་བྱབས་པར་བྱའོ། །དེ་ནས་མར་གྱི་སྣོད་ཀྱི་སྟེང་དུ་ཀུ་ཤ་དེས་དོར་བར་བྱའོ། །དེ་ནས་མར་ཆུང་དུ་དེ་ལ་གལ་ [40A]༄༅། །ཏེ་དྲི་མ་དང། སེན་མོ་དང། སྐྲ་མཐོང་ན་གང་དང་གང་གཅིག་ཏུ་བྱའོ། །ཇི་སྲིད་དུ་རང་འདོད་པ་དང། སྨྲ་བ་ལྷག་པར་སྐྱེས་ཀྱི་བར་དུའོ། །དེ་ནས་ བུམ་པ་རེ་རེ་བླངས་ཏེ་ཟློས་བཞིན་པས་གཞག་པར་བྱའོ། །སྦྱངས་པའི་སྣོད་ངེས་པར་གནས་པ་བྱས་ནས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱེད་ དུ་གཞུག་གོ། འདི་ལའང་འདིའི་སྐུ་མཉེ་སྦྱིན་པར་བྱའོ། །པྲི་ཡང་ཀུ་དང། ནཱ་ག་གེ་སར་དང། སྦྲང་རྩི་ཅན་དང། དུ་རུཥྐ་རྣམས་གཅིག་ཏུ་བྱས་ནས་ལན་བདུན་མངོན་པར་ སྔགས་པ་བྱས་ཏེ་བསྐུ་བར་བྱའོ། །བའི་མར་དང་བསྲེས་པའི་བཟའ་བ་མཆོག་བཟའ་བར་བྱའོ། །ནད་མེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྲད་བུ་སྔོན་ པོར་བཙོས་པ་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་བཅིང་བར་བྱ་སྟེ་མིག་གི་ནད་ཞིའོ། །མགྲིན་པ་ལ་བཅིངས་ནས་སྐྱུགས་པ་སེལ་བར་བྱེད་དོ། །སྲད་བུ་ འདི་ཉིད་ཀྱི་རས་ཡུག་འཐག་ཏུ་གཞུག་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པ་གྱད་ཀྱི་ལུས་ལ་བཅིང་བར་བྱ་སྟེ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་ རོ༑ ༑ཁྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བཅོམ་ལྡན་འདས་མ་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་པ་བྱས་ནས་བའི་མར་གྱིས་སྒྲོན་མེ་དབུལ་བར་ [40B] ༑དེ་ནས་བྱང་ཆུབ་ཤིང་གི་མེ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལན་བདུན་མངོན་པར་སྔགས་པའི་སྲ་རྩི་པོག་གི་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་ སྲེག་གྱིས་ཤིག། ཉི་མ་བདུན་ལ་གང་འདོད་པ་དེའི་ནད་ཡུན་རིང་པོར་ཉེ་བར་ཞི་བར་བྱེད་དོ། །བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་པར་འདོད་པས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་ འགྲམ་གཅིག་གིས་བླངས་ནས་རྣམ་པ་སྣ་ཚོགས་པའི་སེངྒེ་དང་སྟག་གི་མདོག་ཅན་གྱི་བགེགས་རྣམས་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ། །དེ་ནས་ནག་པོའི་བརྒྱད་པ་ལ་ མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གཙང་མའི་ཕྱོགས་སུ་ཁྲག་སྒྲུབ་པར་བྱེད་པ་ཉེ་བར་ཐོགས་ཏེ་ལས་བརྩམས་པར་བྱའོ། །དེའི་འོག་ཏུ་ཕྱོགས་བཞིར་རྒྱ་སྐྱེགས་ཀྱི་ལོ་མ་ ལ་འདུག་པའི་བགེགས་རྣམས་གཞག་པར་བྱའོ། །བགེགས་རྣམས་ཀྱི་དབུས་སུ་བགེགས་ཆེན་པོ་ལོག་པར་འདྲེན་པ་གཞག་པར་བྱའོ། །ལན་གཅིག་མངོན་པར་སྔགས་ བའི་ཚོན་སྣ་ལྔའི་ཕྱེ་མ་དེ་རྣམས་ཀྱིས་ཐོག་མར་དཀྱིལ་འཁོར་བདུན་བྱའོ། །མེ་ཏོག་དམར་པོ་དང། དྲི་དམར་པོས་མངོན་པར་མཆོད་པར་བྱའོ། །ཕྱོགས་བཞིར་མར་གྱི་མར་མེ་ དབུལ་བར་བྱའོ། །རྒྱ་སྐྱེགས་ཀྱི་ཁུ་བ་ཕྱོགས་བཞིར་གཏོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པའམ། བརྒྱད་བརྒྱར་མངོན་པ་ [41A]༄༅། །སྔགས་པའི་སྲད་བུ་དམར་པོས་བགེགས་ཐམས་ཅད་ལ་གཡས་སྐོར་དུ་དཀྲི་བར་བྱའོ། །དེ་ནས་བགེགས་ཀྱི་རྒྱལ་པོ་ཆེན་པོ་བཅིང་བར་བྱ་སྟེ་དེ་རྣམས་ཀྱི་ དབུས་སུ་ཨུ་དུམ་ཝཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བགེགས་བཅིང་བར་བྱའོ་ཞེས་བརྗོད་ནས་སཱཧཱའི་ཡི་གེས་བེའུ་ལྕི་བ་ལ་ཞོ་དང། སྦྲང་རྩི་དང། མར་གྱིས་བཏགས་ པའི་མཚན་མོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་སྒྲུབ་པ་པོ་དེའི་བགེགས་དང། ལོག་པར་འདྲེན་པ་ཐམས་ཅད་བཅིང་བར་འགྱུར་རོ། །རིག་པ་ཐམས་ཅད་སྒྲུབ་ པར་བྱེད་བཞིན་པ་ན་བགེགས་མེད་པར་འགྱུར་རོ། །དེ་རྣམས་ནི་དེ་རྣམས་ཀྱིས་བྱབས་པས་ལོག་པར་འདྲེན་པ་ཆེན་པོ་གཅིག་ཏུ་བཞག་ནས་བགེགས་རྣམས་ཐམས་ཅད་ལ་ མེ་ཏོག་ཐམས་ཅད་དབུལ་ལོ། །སྲུང་བ་ཐམས་ཅད་ཀྱང་ངོ། །བདུག་པ་ནི་ལོག་འདྲེན་ཆེན་པོ་རྣམས་ལ་ཀ་ར་པཱི་ར་དམར་པོ་དང། ཙནྡན་དམར་པོ་དབུལ་ལོ། །བགེགས་ཐམས་ ཅད་དང། ཉེ་བར་འཚེ་བ་ཐམས་ཅད་ལ་མཆོད་ཡོན་དབུལ་ལོ། །ལོག་པར་འདྲེན་པ་དང་བཅས་པ་ལ་གུ་གུལ་དང་མར་བསྲེས་པས་མཆོད་ཡོན་དབུལ་ལོ། །དེ་ནས་ལྟེ་བའི་ཚད་ དུ་དོང་བརྐོ་བར་བྱའོ། །དེར་སོ་སོ་སོ་སོར་བཅུག་ནས་སླར་ཡངས་པའི་སར་བྱའོ། །དེ་ལྟར་རིག་པ་འཛིན་པའི་བགེགས་ཐམས་ཅད་མེད་པར་འགྱུར་རོ། །རིང་བསྲེལ་དང་ [41B]དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཨུ་དུམ་ཝཱ་རའི་ཡམ་ཤིང་ གིས་མེ་རབ་ཏུ་སྦར་ཏེ་ཚངས་པའི་ཡམ་ཤིང་གིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། ཉི་མ་བརྒྱ་ཕྲག་གཅིག་གམ། ཉི་མ་བརྒྱ་ཕྲག་གཉིས་སུ་ཙཱ་རུ་བཟའ་བས་ ཡིད་གཞུངས་པར་འགྱུར་རོ། །ཁྲུ་བཞིའི་ཚད་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྦྱིན་སྲེག་གྱིས་ཤིག། བྲམ་ཟེ་དབང་ དུ་འགྱུར་རོ། །ཙཱ་རུའི་སྲེག་བླུགས་གྱིས་ཤིག་རྒྱལ་རིགས་དབང་དུ་འགྱུར་རོ། །ཞོའི་སྲེག་བླུགས་གྱིས་ཤིག་རྗེ་རིགས་དབང་དུ་འགྱུར་རོ། །ནས་ཀྱི་སྲེག་བླུགས་གྱིས་ ཤིག། དམངས་རིགས་དབང་དུ་འགྱུར་རོ། །ཐམས་ཅད་དུ་བསྒྲུབ་བྱ་སྒྲུབ་པའི་དོན་དུ་ཉི་མ་བརྒྱ་ཕྲག་གཅིག་གོ་དགྲ་ལ་བལྟས་ནས་བཟླས་པར་བྱ་སྟེ་རེངས་པར་འགྱུར་རོ། ། མ་ཤ་ཀའི་ཡམ་ཤིང་ཞོ་དང། སྦྲང་རྩི་དང། མར་གྱིས་བཏགས་པ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་གང་ལ་ལྟས་ནས་བཟླས་པ་དེ་ལས་སུ་མི་ རུང་བར་འགྱུར་རོ། །ཆུ་ལ་ལན་བདུན་མངོན་པར་སྔགས་པས་དུག་ཐམས་ཅད་སེལ་བར་བྱེད་དོ། །དུག་ཐམས་ཅད་ལ་འདོད་པས་བྱབ་པར་བྱའོ། །ཞུན་མཁན་གྱི་རིལ་ [42A]༄༅། །པུ་ལ་ལན་བདུན་མངོན་པར་སྔགས་ནས་མིག་དག་པར་བྱ་སྟེ་མིག་ནད་ཉེ་བར་ཞི་བར་བྱེད་དོ། །བྱིས་པ་གདོན་གྱིས་ཟིན་པ་ལ་སྲད་བུ་ལ་ལན་བདུན་ མངོན་པར་སྔགས་པ་བྱས་ནས་བཅིང་བར་བྱ་སྟེ་གྲོལ་བར་བྱེད་དོ་།ནད་པ་ལ་བཅིང་བར་བྱ་སྟེ་གདོན་ཐམས་ཅད་མཐུ་མེད་པར་འགྱུར་རོ། །ཐལ་བ་ལ་ལན་བདུན་བཟླས་ པས་དཀྱིལ་འཁོར་བཅིང་བའི། །བུ་མ་ཐོན་པ་ལ་ཏིལ་མར་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་བདེ་བར་བཙའ་བར་འགྱུར་རོ། །རྨོངས་པ་མངལ་གྱི་དུས་ཚོད་ལ་འདས་པ་ ལ་ཁྲུས་བྱས་ནས་རྒྱུད་མཚུངས་པའི་མར་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་བཏུང་བར་སྦྱིན་ནོ། །བཟའ་བ་མཆོག་དང་ལྡན་པ་བཟའ་བར་བྱའོ། །བུ་སྐྱེ་བར་ བྱེད་དོ༑ ༑དེ་ནས་བུ་མོ་མང་པོ་ཅན་གྱི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཐལ་བ་དེ་བུམ་པ་བཞི་ཆུས་ཀུན་ཏུ་བཀང་ནས་བརྒྱད་བརྒྱར་མངོན་པར་སྔགས་ པ་དཀྱིལ་འཁོར་དུ་གསུམ་གཞག་པར་བྱའོ། །སྐལ་བ་བཟང་པོར་འགྱུར་རོ། །འདིའི་བུ་འཆི་བའང་མེད་དོ། །ཤུ་དག་ལ་བརྒྱད་བརྒྱར་མངོན་པར་བཟླས་ཏེ་ལག་པ་ གཡོན་ལ་བཅིངས་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ་།གཞན་གྱིས་མི་ཐུབ་པའི་མེ་ཏོག་ཐུན་གསུམ་དུ་སྟོང་ཕྲག་སྦྱིན་སྲེག་གྱིས་ཤིག་ཕྱོགས་གཅིག་ལ་ [42B] །གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་སྔགས་པ་བྱས་ནས་མདུད་པ་བདུན་བྱའོ། །ལག་པ་ལ་བཅིངས་ནས་བརྟན་ པ་དང། གཡོ་བའི་དུག་མཐུ་མེད་པར་འགྱུར་རོ། །དེ་ནས་མི་བཟད་པའི་སྦྲུལ་གྱི་མཆེ་བའི་དུག་ལ་སཱཧའི་ཡི་གེའི་བར་དུ་ཁྱོར་བའི་ཆུ་བླངས་ནས་བརྒྱད་བརྒྱར་སྔགས་ཏེ་བཏུང་བ་ སྦྱིན་པར་བྱའོ། །དུག་ཉལ་བའང་སློང་བར་བྱེད་དོ། །དེ་ནས་མ་ལངས་ན་ཕྱོགས་བཞི་རྣམས་སུ་མངོན་པར་སྔགས་པ་བྱས་ཏེ་བཏུང་བ་སྦྱིན་པར་བྱའོ། །འཇོག་པོས་ཀྱང་མཆེ་བའི་ དུག་སློང་བར་བྱེད་དོ། །སྟན་གནྟི་ཀ་ལ་ལན་བདུན་མངོན་པར་སྔགས་པ་ས་ལ་བྱུག་པ་སྦྱིན་པར་བྱའོ། །མ་བཅིངས་པར་ཡང་དེ་ཉིད་དུ་སྐེམ་པར་བྱེད་དོ། །ཚོར་བ་མེད་པར་བྱེད་དོ། ། ཡམས་ཀྱི་ཉེ་བར་འཚེ་བ་རྣམས་ལ་གྲོང་ངམ། གྲོང་ཁྱེར་གྱི་དབུས་སུ་མཚན་མོ་ཕྱེད་ནས་བ་ལང་གི་པགས་པའི་ཚད་ཀྱི་ཐང་ལ་ཉེ་བར་བྱུགས་པར་བྱ་སྟེ་དཀར་གསུམ་གྱེ་གཏོར་ མ་བྱིན་ནས་དྲི་དང། མེ་ཏོག་ལ་སོགས་པའི་གཏོར་མ་བྱིན་ཏེ་ལོ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཉི་མ་གསུམ་ གྱིས་གྲོང་གསུམ་གྱི་དང། ཉི་མ་བདུན་གྱིས་ཁང་པའི་ཡམས་ཉེ་བར་ཞི་བར་བྱེད་དོ། །དེ་ནས་ཉེ་བར་ཞི་བར་མ་གྱུར་ན་འདིར་ཉི་མ་བདུན་དུ་བད་ཀན་མཐར་བྱེད་ཀྱི་ཡམ་ཤིང་ [43A]༄༅། །གིས་མེ་སྦར་ནས་ཨཀྵའི་ཏིལ་མར་གྱིས་བཏགས་པའི་འབྲས་ཡོས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཉི་མ་གསུམ་ལ་འཕྲལ་གྱི་ཡམས་ ཉེ་བར་ཞི་བར་བྱེད་དོ། །ཐལ་བས་འགྲམ་བཅིངས་ཏེ་ཟློས་བཞིན་པས་གང་མཐོང་བ་དེ་དགའ་བར་འགྱུར་རོ། །གང་མ་བསྒྲུབས་པར་ཡང་བཅོམ་ལྡན་འདས་མ་འཕགས་མ་ སྒྲོལ་མའི་རས་རིས་ཀྱི་སྤྱན་སྔར་འགྱུར་རོ། །ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཟླ་བ་ཉ་ལ་གཟུགས་བརྙན་ལ་དང་པོར་ ནག་པོའི་ཕྱོགས་ལ་མཆོད་པ་རྒྱ་ཆེན་པོ་བྱ་སྟེ་ཨརྒྷའི་ཡམ་ཤིང་གིས་མེ་སྦར་ནས་ཞོ་དང། སྦྲང་རྩི་དང། མར་གྱིས་བཏགས་པས་ཐུན་གསུམ་དུ་མཛུབ་མོའི་ཚད་ཀྱི་ སྦྱིན་སྲེག་སྟོང་ཕྲག་བརྒྱད་ཇི་སྲིད་བཅོམ་ལྔ་པའི་བར་དུ་གྱིས་ཤིག་དེ་ནས་གྲུབ་པར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བས་སྟོང་ཕྲག་གསུམ་བཟླས་པར་བྱའོ། །སྟོང་ཕྲག་གསུམ་ དུ་བཟླས་པ་བྱ་སྟེ་ལས་གཞན་རྣམས་སུ་འགྱུར་རོ། །འདིས་སྔོན་དུ་བསྙེན་པ་བྱས་པས་གྲུབ་པར་འགྱུར་རོ། །དེ་ནས་རྒྱལ་པོའམ། རྒྱལ་པོའི་བློན་པེ་དབང་དུ་བྱེད་པར་ འདོད་ན་བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་བྱང་ཆུབ་ཤིང་གི་ཡམ་ཤིང་ལ་ཨིངྒུ་དི་ཏིལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ [43B] ཉི་མ་བདུན་ལ་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གྲུལ་བུམ་དབང་དུ་འགྱུར་རོ། །ཏིལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འབྱུང་པོ་དབང་དུ་འགྱུར་ རོ༑ ༑དུར་ཁྲོད་དུ་རོ་བསྲེགས་པའི་དུམ་བུ་ཅན་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཤ་ཟ་དབང་དུ་འགྱུར་རོ། །ཝ་ཊའི་ཤིང་གི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ ཤིག། གནོད་སྦྱིན་དབང་དུ་འགྱུར་རོ། །བལ་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། འོ་ཐུག་དང། ཙཱ་རུ་དང་ཏིལ་གྱི་ཐུག་པ་རྣམས་ཀྱི་སྦྱིན་སྲེག་གྱིས་ཤིག་ རིགས་བཞི་དབང་དུ་བྱེད་ཅིང་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ལྷ་ཆེན་པོ་རྗེས་སུ་འབྲང་བའི་གདོན་དབང་དུ་འགྱུར་རོ། །མཚན་ མོ་གཙང་མར་ལངས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་དང། བཟླས་པ་གྱིས་ཤིག་ཕྱོགས་གཅིག་ལ་འཆིང་བ་ལས་གྲོལ་བར་འགྱུར་རོ་།ཟླ་བས་འཆིང་བ་ཆེན་པོ་ལས་གྲོལ་ བར་བྱེད་དོ། །ཏིལ་དང། པཎྜྱི་ཀའི་སྦྱིན་སྲེག་གིས་ཁྲོ་བ་ཉེ་བར་ཞི་བར་བྱེད་དོ། །ཡང་ན་ཏིལ་གྱི་སྦྱིན་སྲེག་གིས་སོ། །གོས་འདོད་པས་དའུར་བའི་མྱུ་གུའི་སྦྱིན་སྲེག་གྱིས་ཤིག་ གོས་ཟུང་བརྒྱ་རྙེད་དོ། །ཐུན་མོང་བའི་སྐྱེས་བུ་དབང་དུ་བྱེད་པ་ལ་གོ་བེ་ཏྲམ་གྱིས་སྦྱིན་སྲེག་གྱིས་ཤིག་སྦྲང་བུ་མཆུ་རིངས་ཀྱི་མཆུ་བཅིང་བ་ལ་སཱ་ལའི་འདབ་མའི་སྦྱིན་སྲེག་ [44A]༄༅། །གྱིས་ཤིག་སྟག་གི་མཆུ་བཅིང་བ་ལ་གི་རི་ཀརྞི་ཀའི་སྦྱིན་སྲེག་གྱིས་ཤིག་སེང་གེའི་མཆུ་བཅིང་བ་ལ་སིང་ཧ་ཀརྞཱི་ཀའི་སྦྱིན་སྲེག་གྱིས་ཤིག་སྦྲུལ་ རྣམས་ལ་ནཱ་ག་གེ་སར་གྱི་སྦྱིན་སྲེག་གྱིས་ཤིག། ཞི་བའི་དོན་དུ་སཱ་ལའི་ལོ་མ་དང། འོ་མ་ཅན་གྱི་ཡམ་ཤིང་གིས་ཇི་ལྟར་མངོན་པར་འདོད་པའི་དོན་ཐམས་ཅད་ལ་ཞོ་དང་ སྦྲང་རྩི་དང། མར་གྱིས་བཏགས་པ་ཐུན་གསུམ་དུ་ཉི་མ་བདུན་ནམ་ཟླ་བ་ཕྱེད་དུ་སྦྱིན་སྲེག་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མ་ལུས་དང། བྱང་ཆུབ་སེམས་ དཔའ་རྣམས་ལ་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། །མ་གྲུབ་པ་སྒྲུབ་པར་བྱེད་དོ། །གཞན་གྱིས་བསྒྲུབས་པའང་རྣམ་པར་འཇོམས་པར་བྱེད་དོ། །ཀླུ་ལ་ སོགས་པའི་གདོན་རྣམས་ལ་ཕྱོགས་བཅིང་བ་དང། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བཟླས་པ་ཉིད་ཀྱིས་བྱེད་དོ། །མཚན་མོ་བདུན་དུ་ཐུན་གསུམ་དུ་ཚེར་ མའི་སྦྱིན་སྲེག་གྱིས་ཤིག། དགྲ་བཅོམ་པར་བྱེད་དོ། །ནིམ་པའི་ཡམ་ཤིང་ཚ་བའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་མཚན་མོ་ བདུན་གྱིས་སྐྱེ་བར་འགྱུར་རོ། །སྐྲ་ལས་ཁྱད་པར་དུ་ཕུང་བར་བྱེད་པ་ལ་ཨ་རིཥྚའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་སྐྱེས་པའི་ཤ་དང། སྨྱོ་ [44B]མི་འགྱུར་རོ། །གི་ཝང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་སྒོ་རུ་དང། ཤུ་དག་ལ་ སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་ལག་པ་ལ་བཅིངས་ནས་གང་བླངས་པ་དེ་རྙེད་དོ། །གདོན་འབྲོས་པར་བྱེད་པས་མིའི་རུས་པ་བླངས་ནས་སོར་བརྒྱད་པའི་ཚད་ བྱས་ནས་བརྒྱད་བརྒྱར་མངོན་པར་སྔགས་པ་གདོན་གྱི་གནས་སུ་གདབ་པར་བྱ་སྟེ་གདོན་འབྲོས་པར་བྱེད་དོ། །མེ་ཏོག་དང། དྲི་དང། འབྲས་བུ་ལ་སོགས་པ་བརྒྱད་བརྒྱར་ མངོན་པར་སྔགས་པར་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་བྱེད་དོ། །རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་ཡམ་ཤིང་གི་སྟོང་ཕྲག་བརྒྱད་སྦྱིན་སྲེག་ གྱིས་ཤིག་ཉི་མ་གསུམ་ནས་བགེགས་མེད་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་ཐབས་ཐམས་ཅད་བྱེད་དོ། །ཐམས་ཅད་དུ་གསོ་སྦྱོང་ཅན་གྱི་རས་རིས་ཀྱི་སྤྱན་ སྔར་བསྒྲུབ་པར་བྱ་སྟེ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ་།སྟོང་ཕྲག་བླངས་ནས་གཡས་ཀྱི་གཞོགས་སུ་བཞག་སྟེ་རེ་རེ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་ མ་ལ་སྦྱིན་སྲེག་བྱའོ། །བར་སྐབས་འདིར་རས་རིས་རབ་ཏུ་འགུལ་བར་བྱེད་པ་དང། མར་མེའི་རྩེ་མོ་འཕེལ་བར་བྱེད་པ་དང། ནམ་མཁའ་ལ་ལྷའི་རྔ་བོ་ཆེའི་སྒྲ་ [45A]༄༅། །སྒྲོགས་པ་དང། དྲི་ཞིམ་པོའི་རླུང་ལྡང་བ་དང། ས་རབ་ཏུ་གཡོ་བའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་བྱང་ ཆུབ་སེམས་དཔའ་དང། རིག་པའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རིལ་བ་སྤྱི་བླུགས་དང། དབྱུག་གུའི་ཤིང། གཡང་གཞི་ནག་པོ་ཐོགས་པ། རལ་པའི་ཅོད་ པན་འཕྱང་བ་འབྱོན་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་བྱུང་སྟེ་རྣམ་པར་འཕྲོ་བའི་འོད་ཟེར་དེ་རྣམས་ཀྱིས་སེམས་ཅན་དམྱལ་ བ་དང༑ དུད་འགྲོ་དང། ཡི་དྭགས་ཐམས་ཅད་ཡུད་ཙམ་གྱི་ཚོར་བ་ལས་ཉམས་སོ། །རང་ཉིད་ཐུགས་རྗེ་ཆེན་པོ་ཅན་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བའི་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །སྒྲུབ་པ་པ་པུས་མོ་གཉིས་བཙུགས་པས་ཤར་དུ་བཞག་པའི་རྣམ་རྒྱལ་བུམ་པས་མཆོད་ཡོན་དབུལ་ལོ། །དེ་ ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། མཆོག་ཅི་འདོད་པ་དེ་སྦྱིན་པར་བྱེད་དོ། །གང་བླངས་པ་དེ་རྙེད་དོ། །རིག་པ་འཛིན་པའི་འཁོར་ ལོས་བསྒྱུར་བ་ཉིད་དང། རྒྱལ་སྲིད་ཆེན་པོ་དང། ཚེ་རིང་པོ་ཉིད་དང། ཐོས་པ་འཛིན་པ་ཉིད་དམ། ལུས་ལ་དབང་པོ་མ་ཚང་བ་མེད་པ་ཉིད་དང། གསོ་དཀའ་ [45B] གཏེར་འཕོ་བར་བྱེད་པ་དང། ཕུག་ཏུ་འཇུག་པར་བྱེད་པའམ། རིག་པ་ཐམས་ཅད་ཀྱི་དངོས་གྲུབ་བམ། མི་སྣང་བ་ཉིད་དང། ས་ཆེན་པོའི་དབང་ ཕྱུག་གམ། གང་བླངས་པ་དེ་རྙེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་འདོད་པ་དེར་ཡང་འགྲོའོ། །འདིས་ཚེ་བསྐལ་པར་འགྱུར་རོ། །དེའི་ ཚེ་བཅོམ་ལྡན་འདས་མ་སྒྲུབ་པར་བྱེད་པ་ནི་རིག་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཉིད་དང། མང་དུ་འདོད་པ་དང། ཐོགས་པ་མེད་པ་དང། ལྷ་དང། ཀླུ་དང། གནོད་ སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་མིའམ་ཅི་ཐམས་ཅད་ཀྱིས་མངོན་པར་འདོད་པ་སྒྲུབ་པ་བདུན་པ་ལ་མཚམས་མེད་པ་བྱེད་པས་ཀྱང་འགྲུབ་ པར་འགྱུར་རོ་ཞེས་པ་དེ་ལྟ་བུ་ཁོ་ནས་ཀུན་ཏུ་རྟོགས་པར་བྱའོ་ཞེས་པ་སྒྲུབ་པ་ཆེན་པོ་དང་པོའི་ཆོ་ག་བཅོམ་ལྡན་འདས་མ་སྒྲོལ་མའི་རྩ་བ་དང་པོ་ལས་བཏུས་པ་རྫོགས་ སོ༑༑ ༑༑རས་རིས་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བརྒྱད་པའམ། ཆོ་འཕྲུལ་གྱི་ཕྱོགས་བཅུ་པ་ལ་ ལས་བརྩམས་པར་བྱ་སྟེ། ལོ་མ་དང། ནས་ཟན་དང། མེ་ཏོག་དང་འབྲས་བུ་དང། ཙཱ་རུ་དང། འདམ་པ་དང། ཞོ་དང། འོ་མ་དང་ཕྱེ་དང། དྲི་ཟའི་བཟའ་བའམ་ [46A]༄༅། །སློང་མོ་བླངས་པའི་བཟའ་བས་ཀྱང་རུང་སྟེ་གསོ་སྦྱོང་ཅན་གྱིས་བྱམས་པ་དང། སྙིང་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སེམས་ ཅན་རྣམས་ཀྱི་དོན་རྗེས་སུ་བསམས་ནས་ཉི་མ་སོ་སོར་འཕེལ་བཞིན་པའི་མཆོད་པ་བྱེད་ཅིང་ཀུ་ཤ་བཏིང་བའི་མལ་སྟན་ལ་ཁྲུས་ལན་གསུམ་བྱེད་ཅིང་གོས་ལན་གསུམ་དུ་ བརྗེས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་ཉི་མ་རེ་རེ་ལ་ཇི་ལྟར་འབྱོར་བས་འཕེལ་བར་བྱེད་བཞིན་པས་སློང་མོ་བཟའ་བར་བྱའོ་།རྐང་པ་གཡོན་པས་བགྲོད་པ་ལ་སོགས་ པ་བྱེད་ཅིང་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པས་དཀར་པོའི་བརྒྱད་པའམ། བཅུ་བཞི་པ་ལ་སྒྲུབ་པ་བརྩམ་པར་བྱ་སྟེ་དགེ་སློང་ གི་དགེ་འདུན་འདྲ་བ་རྣམས་ཀྱིས་བཙལ་བར་བྱའོ། །དེ་ནས་རས་རིས་ཀྱི་ཕྱོགས་བཞིར་ས་ལས་བྱུང་བ་བུམ་པ་རྩ་བ་དང། ནག་པོ་མེད་པ་བཞི་བཅུ་དང་བཅས་པ། ཨ་ མྲའི་ཡལ་འདབ་ཀྱིས་ཁ་བཀབ་པ། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་སྤྱན་སྔར་ཁྲུ་བཞི་པའི་ཚད་ལ་ཟངས་དང། གསེར་ དང༑ དངུལ་ལས་བྱུང་བའམ། ས་ལས་བྱུང་བའི་བུམ་པ་ཆེན་པོ་རྣམ་པ་སྣ་ཚོགས་པའི་འདབ་མ་དང། འཁྲི་ཤིང་གིས་སྤྲས་པ་དག་པའི་ཆུས་ཡོངས་སུ་གང་བ་སྨྲ་ [46B] སྨན་ཐམས་ཅད་དང། རོ་དང། དྲི་དང་རིན་པོ་ཆེའི་སྙིང་པོ་མེ་ཏོག་གིས་ཕོན་པོས་ཁ་བཏབ་པ་དུ་གུ་ལའི་རས་མ་ཉམས་པས་མགྲིན་པ་བཅིངས་པྀ། རྣམ་པར་ རྒྱལ་བ་ཞེས་བྱ་བའི་བུམ་པ་གཞག་པར་བྱའོ། །རས་རིས་ཀྱི་གཡོན་གྱི་གཞོགས་ན་གནས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཞག་པར་བྱའོ། །དེ་ནས་ དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་བཅུ་དྲུག་རས་རིས་ལ་དབུལ་བར་བྱའོ། །མདུན་དུ་དྲི་བཟང་པོའི་ཙནྡན་གྱི་ཆུས་ཡོངས་སུ་བཀང་བ་དང། འོ་མས་བཀང་བའི་བརྒྱད་པོ་དེ་རྣམས་སོ། ། བའི་མར་གྱིས་མར་མེ་བརྒྱད་དབུལ་བར་བྱའོ། །ཙཱ་རུ་དང། འོ་ཐུག་དང། ཏིལ་གྱི་ཐུག་པ་དང། ཟན་དྲོན་དང། པཎྜ་ཀ་དང་བཅའ་བར་བྱ་བ་རྣམས་ཀྱིས་ཁམ་ཕོར་བཀང་ ནས་རས་རིས་ཀྱི་ཕྱོགས་བཞིར་དབུལ་བར་བྱའོ། །ཐམས་ཅད་དུ་རས་རིས་ལ་བྲིས་པའི་ལྷ་རྣམས་ལ་དཀར་གསུམ་གྱི་གཏོར་མ་དང། ལྷ་བཤོས་དང། ཕྱི་རོལ་ཏུ་གཏོར་མ་ དབུལ་བར་བྱའོ། །དེ་ནས་འབྲུ་ཐམས་ཅད་དང། འབྲས་བུ་ཐམས་ཅད་ཇི་ལྟར་རྙེད་པས་རས་རིས་ཀྱི་ཕྱོགས་བཞིར་གཏོར་མ་དབུལ་ལོ། །ཨ་ག་རུ་ནག་པོའི་བདུག་སྤོས་ དབུལ་བར་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡིད་རྩེ་གཅིག་པས་ཕྱོགས་སུ་ལས་བརྩམ་པར་བྱའོ། །འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦད་ནས་ [47A]༄༅། །ཨ་ག་རུ་ནག་པོའི་ཡམ་ཤིང་ལ་ཞོ་དང། སྦྲང་རྩི་དང། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།སེམས་ཅན་ཐམས་ཅད་ཀུན་ཏུ་ གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་།དེའང་ཏིང་ངེ་འཛིན་ལས་ལངས་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལྷའི་སྤྱན་གྱིས་ཀུན་ཏུ་ གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། རིགས་ཀྱི་བུ་ཉོན་ཅིག། རིག་པའི་རྒྱལ་མོ་ཆེན་མོ་མ་བསྒྲུབས་པར་ཡང་ལས་ཐམས་ཅད་ འགྱུར་བ་རྗེས་སུ་དྲན་པ་ཙམ་གྱིས་བདག་ཉིད་སྲུང་བ་ལ་ལན་གཅིག་བརྗོད་པས་གཙུག་ཕུད་བཅིངས་པ། གཉིས་བཟླས་པས་སྲུང་བ་ཆེན་མོ་དང། གསུམ་བཟླས་པས་དཀྱིལ་ འཁོར་བཅིངས་པ། བཞི་བཟླས་པས་མཆུ་བཅིང་བ་དང། ལྔ་བཟླས་པས་རྐང་གཉིས་པ་དང། རྐང་བཞི་པ་སྲུང་ཞིང་དབང་དུ་བྱེད་པ་དང། དྲུག་བཟླས་པས་དུར་ཁྲོད་དུ་འཇུག་ པ་དང༑ བདུན་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཞི་བ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཨ་རིཥྚ་དང། འོ་ མ་ཅན་གྱི་ཤིང་གི་ཡམ་ཤིང་གི་མེ་རབ་ཏུ་སྦར་ནས་འབྲས་ཡོས་ཀྱི་སྲེག་བླུགས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཉི་མ་གསུམ་ལ་གཅིག་གིས་དང་ [47B] ཕྱོགས་ཀྱི་གྲོང་དང། གྲོང་ཁྱེར་གྱི་དང། ཟླ་བས་ཡུལ་འཁོར་ཆེན་པོ་ཞི་བར་འགྱུར་རོ་།རྒྱས་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་འོ་མ་ཅན་གྱི་ ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་འབྲུ་དང། འབྲས་ཐུག་པོ་ཆེའི་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཉི་མ་བདུན་ཕྲག་གསུམ་གྱིས་རྒྱས་པར་ འགྱུར་རོ། །ཉི་མ་བདུན་གྱིས་རྒྱས་པ་ཆེན་པོར་འགྱུར་རོ། །ཨ་མྲའི་ཡམ་ཤིང་གི་མེ་རབ་ཏུ་སྦར་ནས་དའུར་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། སྨྲ་བ་རྣམས་ལ་སྨྲ་ བའི་མཆོག་ཏུ་འགྱུར་རོ། །ཉི་མ་ཤར་བ་ནས་ཇི་སྲིད་ནུབ་ཀྱི་བར་དུ་ཨརྒའི་ཤིང་གི་མེ་ལ་མིང་ནས་སྨོས་ཏེ་ལག་པ་གཡོན་པས་ལན་བདུན་དུ་ཕུ་བ་མའི་སྦྱིན་སྲེག་གྱིས་ཤིག་དབང་ དུ་འགྱུར་རོ། །བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་བརྒྱ་པ་དང། ཤ་ཏ་བ་རི་དང། ཤུ་དག་དཀར་པོ་དང། ཡུངས་ཀར་དང། ནས་རྣམས་ཐུན་གསུམ་ དུ་སྟོང་ཕྲག་བརྒྱད་ལན་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་གྱིས་ཤིག་ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་དབང་དུ་བྱེད་དོ། །མར་གྱི་སྦྱིན་སྲེག་གིས་རྐང་གཉིས་པ་དང། རྐང་ བཞི་པ་དབང་དུ་བྱེད་དོ། །རྒྱལ་པོའི་ཨརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཚ་བའི་ཏིལ་མར་གྱིས་བཏགས་པའི་རྒྱ་སྐྱེགས་ཀྱི་ལོ་མ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ [48A]༄༅། །ཉི་མ་བདུན་ལ་དམག་སྡེ་འཇིག་པར་བྱེད་དོ། །སེང་ལྡེར་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཀུ་ཤ་ལྗང་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཕྱོགས་ ཀྱི་དགྲའི་འགྲོ་བ་གཅོད་པར་བྱེད་དོ། །འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་ཤིང་གི་ཡམ་ཤིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཟླ་བ་ གཅིག་ལ་འོག་གི་ལྷ་མོ་རྣམས་དབང་དུ་བྱེད་དོ། །ཙཱ་རུ་བཟའ་ཞིང་ཀླུའི་ཤིང་གི་མེ་རབ་ཏུ་སྦར་ནས་ནཱ་ག་གེ་སར་ལ་མར་གྱིས་བཏགས་པ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་ སྲེག་གྱིས་ཤིག། ཉི་མ་སོ་སོར་འཕེལ་བཞིན་མཆོད་པ་བྱ་སྟེ་ཉི་མ་བདུན་ནམ། ཟླ་བ་གཅིག་ལ་སྟེང་དུ་འགྲོ་བའི་ལྷ་མི་རྣམས་དབང་དུ་བྱེད་དོ། །ཙཱ་རུ་བཟའ་ཞིང་བྱང་ ཆུབ་ཤིང་གི་ཡམ་ཤིང་གི་མེ་རབ་ཏུ་སྦར་ནས་ཞོ་དང། སྦྲང་རྩི་དང། མར་གྱིས་བཏགས་པའི་ཡུངས་ཀར་རྒྱལ་པོའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ ཤིག༑ ཉི་མ་གསུམ་ལ་རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ། །གང་སྨྲས་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ། །འདོད་པས་ཉེ་བར་བཞག་པ་ནི་མ་གཏོགས་སོ། །བྱང་ ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྤར་ནས་ཨ་མྲའི་འདབ་མ་རྣམས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་ཁྱིམ་གྱི་གནོད་པ་ཉེ་བར་ཞི་བ་བྱེད་དོ། །རས་ [48B]བྱུགས་ཏེ་ནས་ཀྱི་རིལ་བུ་སྟོང་ཕྲག་བརྒྱད་ལ་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་སྔགས་པའི་མཚོན་རྣོན་པོས་བཏུབ་ཅིང་ བཏུབ་ཅིང་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཇི་སྲིད་རྐང་པའི་བར་མིང་ནས་སྨོས་ནས་ཁུ་ཚུར་བཅིངས་ཏེ་འདུག་པའི་སྟེང་དུ་ལག་པས་དབུལ་ལོ། །དེ་ནས་ཁྱིམ་མེད་པར་ཀུན་ ཏུ་སྣང་བའི་ཆེད་དུ་རྟོག་པར་བྱའོ། །དེའི་མདུན་དུ་ཁུ་ཚུར་དགྲོལ་བར་བྱ་སྟེ་ཞི་བ་ཉིད་དབང་དུ་འགྱུར་རོ། །དེ་ལྟར་ཉི་མ་བདུན་ལ་འབངས་ཉིད་ཀྱིས་ཉེ་བར་གནས་སོ། །ཨ་རིཥྚའི་ཡམ་ ཤིང་གིས་མེ་རབ་ཏུ་སྦར་ནས་ཤིང་ཏཱ་ར་བརྟའི་ཞོགས་པ་རྣམས་ལ་ལན་བདུན་བཟླས་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཕྱོགས་ཀྱི་བཟའ་བ་རྒྱུན་མི་འཆད་ པར་སྐྱེའོ། །པཱ་ལ་ཤའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཨ་པ་མརྒའི་ཡམ་ཤིང་གིས་བཏགས་པ་ཐུན་གསུམ་དུ་མིང་ནས་སྨོས་ཏེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་ བདུན་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ། །བ་བྱུང་གི་གཟུགས་བརྙན་བྱས་ནས་ལན་བདུན་མངོན་པར་སྔགས་པ་བྱས་པའི་མཚོན་རྣོན་པོས་མགོ་བོ་ནས་བརྩམས་ནས་རྐང་པའི་ བར་དུ་གཏུབས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ཉི་མ་བདུན་ལ་ང་རྒྱལ་ཆེན་པོ་དབང་དུ་འགྱུར་རོ། །དཀར་པོའི་བཅོ་ལྔ་ལ་ས་ལ་མ་ལྷུང་བའི་བ་བྱུང་གིས་བ་ལང་གི་ [49A]༄༅། །པགས་པའི་ཚད་ཀྱི་ཐང་ཉེ་བར་བྱུགས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་གསེར་རམ། དངུལ་ལམ། ཟངས་ཀྱི་སྣོད་ དུ་སེར་སྐྱ་རྒྱུད་མཚུངས་པའི་འོ་མ་གཞོན་ནུ་མས་བསྲུབས་པའི་མར་བླངས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཨ་ཤྭ་ཏྠའི་འདབ་མའི་ནང་ལ་སྣོད་བྱས་གཡས་སུ་བསྐོར་བ་བཞི་ རབ་ཏུ་བཞག་ནས་ལག་པ་གཡོན་པས་མནན་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །ཉི་མ་བརྒྱད་པ་ལ་ལག་པ་གཡས་པའི་མིང་མེད་ཀྱི་སོར་མོས་དཀྲུགས་ཏེ་ཇི་ སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བཏུང་བར་བྱ་སྟེ་གོ་ཆ་བཅིང་བའང་བཅོམ་ལྡན་འདས་མ་ཉིད་ཀྱིས་བྱའོ། །ཡིད་གཞུངས་པར་འགྱུར་རོ། །རལ་པ་གྱེན་ བརྫེས་ཀྱི་རྒྱུད་ཕྱི་མར་ཟླ་བའི་ཆོ་གའི་ཉེ་བར་སྤྱོད་པའོ་།སྒྲོལ་མའི་སྒྲུབ་ཐབས་ཀྱི་རིག་པ་ཐམས་ཅད་ལ་ས་ལ་མ་ལྷུང་བའི་སེར་སྐྱའི་བ་བྱུང་གིས་གཙང་མའི་ཕྱོགས་སུ་དཀྱིལ་ འཁོར་གྲུ་བཞི་པ་བྱའོ། །བ་བྱུང་དེས་ཡང་དག་པར་རྫོགས་པར་བྱ་སྟེ། དཀྱིལ་འཁོར་དེར་སངས་རྒྱས་ཀྱི་གཟུགས་བརྙན་གཞག་པར་བྱའོ། །དེ་ནས་བིལ་བའི་མགོ་བོའི་ འདབ་མ་རྣམས་བྱས་ནས་ཏིལ་དང། ཏིལ་གྱི་ཐུག་པ་དང། ཏིལ་མར་དང། སྨྱོ་བྱེད་དང། འོ་ཐུག་དང། བུ་རམ་དང། གང་བ་ཅན་དང། ནས་ཟན་བཟའ་སྟེ་མ་རྙེད་ [49B] དེར་ལྷ་དང། ནུབ་ཏུའང་ཕྱོགས་བཞིར་སྔར་བརྗོད་པའི་གནོད་སྦྱིན་མོ་རྣམས་ཀྱི་མིང་སྨོས་ནས་བརྗོད་པར་བྱའོ། །འོངས་པ་དང་དྲི་དང། མེ་ཏོག་ དང། བདུག་པ་དང། གཏོར་མ་སོ་སོར་བཞེས་པ་དང། འདི་ལྟ་བུའི་མིང་གི་རིག་པ་བཟླས་སོ། །དེར་བུ་རམ་དང། གང་བ་དང། འོ་ཐུག་ཀྱང་ཤར་གྱི་ཕྱོགས་སུ་གཞག་པར་བྱའོ།། དྲི་ཟ་རྣམས་ལ་གཏོར་མ་དང། ཏིལ་དང། ཏིལ་གྱི་ཐུག་པ་དང་ཆང་གིས་བཀང་བ་ཅན་ལྷོ་ཕྱོགས་སུ་གཞག་པར་བྱའོ། །གནོད་སྦྱིན་དང། གྲུལ་བུམ་རྣམས་གཏོར་མ་ལ་ འོ་མས་བཀང་བ་དང། འོ་ཐུག་ནུབ་ཀྱི་ཕྱོགས་སུ་བཞག་པར་བྱའོ་།ཀླུ་དང། འདབ་བཟང་རྣམས་ལ་གཏོར་མ་རྩབ་མོས་བཀང་བ་དང་ཞོས་བཀང་བ་དང། ཟན་ཡང་བྱང་གི་ ཕྱོགས་སུ་གཞག་པར་བྱའོ། །གནོད་སྦྱིན་མོ་རྣམས་ལ་གཏོར་མ་དང་དར་བས་བཀང་བ་དང། ཆུ་དང་བསྲེས་པའོ། །བཅོམ་ལྡན་འདས་མ་ལ་དཀར་གསུམ་གྱི་གཏོར་མ་ ཕུལ་ནས་མེ་ཏོག་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱའོ། །དེའི་ཕྱོགས་བཞི་རུ་གུ་གུལ་གྱི་བདུག་པ་དབུལ་ལོ། །ཨ་ག་རུ་དང། ཏུ་རུཥྐ་དང། ག་པུར་རམ། དྲིའི་སར་ཛ་རའི་ གཏོར་མ་འམ། ཟན་དྲོན་དང་ཕྱེ་ཕྱོགས་བཞིར་གཞག་པར་བྱའོ་།ཡོད་བཞིན་པ་མ་ཡིན་པས་ཇི་ལྟར་འབྱོར་པ་དང། ཇི་ལྟར་ཡོད་པའི་གཏོར་མ་དབུལ་བར་བྱའོ། །བཅོམ་ [50A]༄༅། །ལྡན་འདས་མ་ལའང་མར་གྱི་མར་མེ་དབུལ་ལོ། །དེ་ནས་མྱུར་དུ་རིལ་བ་སྤྱི་བླུགས་གཡས་ཀྱི་གཞོགས་སུ་གཞག་པར་བྱའོ། །རས་རིས་སམ་ བདུན་པའམ། ཀུ་ཤ་བླངས་ནས་ལན་བརྒྱར་མངོན་པར་སྔགས་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་རིག་པ་བཞི་ལན་ཉི་ཤུ་རྩ་གཅིག་ཏུ་བོར་བར་བྱའོ། །བརྒྱད་བརྒྱར་མཚོན་ ལས་རྒྱལ་བར་འགྱུར་རོ། །དེའི་མིང་ནས་སྨོས་པ་ཉིད་ཀྱིས་དུས་གསུམ་དུ་བཟླས་པར་བྱའོ། །དེ་ནས་མཚུངས་པར་འདོར་བཞིན་པ་བྱས་པ་ལ་བཅོམ་ལྡན་འདས་ལ་གང་ མེ་ཏོག་དང། བདུག་པ་དང། མར་མེའང་དོར་ནས་རྣམ་པ་གཞན་གྱི་གཏོར་མ་ཐམས་ཅད་བླངས་ཏེ་འཕང་བར་བྱའོ། །རྫིང་སྐམ་པོ་དང། ཁྲོན་པར་གཞུག་པར་བྱའོ།། ཡང་ན་གཞན་ཡང་གཙང་མའི་ཕྱོགས་བླ་ག་བ་དང་བཅས་པར་ཡང་རུང་སྟེ་རྣམ་པར་དོར་བར་བྱའོ། །གང་དུ་ཝ་དང། ཅེ་སྤྱང་དང། ཁྱི་རྣམས་ཀྱིས་མི་ཟ་བ་རོ། །རྐང་པ་ དག་ཀྱང་རུང་སྟེ་མནན་པར་མི་བྱའོ། །ཡང་ན་མེས་ལེགས་པར་བསྲེག་པར་བྱ་བ་ཉིད་དོ། །དཀྱིལ་འཁོར་གྱི་སྒྲུབ་པ་ཐམས་ཅད་ལའང་གཏོར་མ་གཤེགས་པའི་ཆོ་ གའོ༑ ༑ཕྱི་ནས་ཟླ་བ་ལས་བྱུང་བའི་དཀྱིལ་འཁོར་ཕྱོགས་སུ་ལྔ་བྱས་པ་ཞེས་པ་བཏགས་པ་མ་ཡིན་པ་ལ་སངས་རྒྱས་ཀྱི་གཟུགས་བརྙན་བྱས་ནས་རང་གནས་སུ་གཞག་ [50B] །འདི་རྣམས་བྱབ་པའི་ཐབས་སོ། །ཆོ་ག་བཞིན་ཐམས་ཅད་དུ་རྫོགས་པའི་རིག་པ་དང། སྙིང་པོས་ལས་ཆེན་པོ་ཐམས་ཅད་ཇི་སྲིད་པར་དེ་བཞིན་ཁོ་ནར་ས་ལ་མ་ལྷུང་བའི་ བ་སེར་སྐྱའི་བ་བྱུང་གིས་སྔར་བརྗོད་པའི་ཆོ་གས་དཀྱིལ་འཁོར་བྱས་ནས་དེ་བཞིན་ཁོ་ནས་གཏོར་མ་གཞག་པར་བྱའོ། །བདུག་པ་དང་མེ་ཏོག་ཀྱང་ཇི་སྐད་གསུངས་པ་བཞིན་ ཕུལ་ནས་བྱབ་པར་བྱའོ། །སྲད་བུ་བཅིང་བར་བྱའོ། །བདག་ཉིད་བསྲུང་བར་བྱའོ། །གང་ཞིག་ལས་ཆེན་པོར་རྒྱས་པར་བྱེད་པར་འདོད་པས་ཆོ་ག་དེ་ཉིད་ཀྱིས་བ་སྒྲུབ་པར་བྱའོ། །སྔ་ མ་ཁོ་ན་དེ་སྲིད་དུའོ། །ཇི་ལྟར་རྙེད་པའི་གོས་སྐྲ་དང་བྲལ་བ་ལ་སངས་རྒྱས་ཀྱི་གཟུགས་བརྙན་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །གཟུགས་བརྙན་ཞལ་ནུབ་ཏུ་ ཕྱོགས་པ་དེའི་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །ཕྱག་བཞི་པ་གི་ཝང་དཔལ་བེའུ་བྱའོ། །ཇི་སྲིད་ དུ་བསྒྲུབ་པར་བྱ་བའི་རིག་པ་དེའང་དེའི་དབུས་སུ་རྒྱ་སྐྱེགས་ཀྱི་མདོག་ཏུ་སྣང་བ་གུར་གུམ་གྱིས་བྲིས་པར་བྱའོ། །དཔྲལ་བར་ཡང་རུང་སྟེ་གསེར་ལས་བྱུང་བའི་དར་ཐོད་བྱའོ། ། བྱང་ཆུབ་སེམས་དཔའི་གཡས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་གསེར་དང། སྔོ་བསངས་ན་བཟའ་དཀར་པོ་མནབས་པ། མཆོད་ཕྱིར་ཐོགས་པ་ཅན། ཨུཏྤ་ལ་སྔོན་པོ་ཕྱག་ན་ [51A]༄༅། །ཐོགས་པ། གཡས་པས་མཆོག་སྦྱིན་པ། དེའི་གཡས་སུ་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་ཕྱག་བཞི་པའོ། །རྨ་བྱ་ཆེན་མོའི་བར་དུ་རྨ་བྱའི་རྒྱལ་པོ་གསེར་ དུ་སྣང་བ་ཞེས་བྱ་བ་གསེར་ལས་བྱུང་བའི་གཤོག་པ་ཆེན་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །རིག་པ་རྨ་བྱ་ཆེན་མོ་ནི་དཀར་ཞིང་དག་པ་འདྲིར་གཞུག་པར་ བྱའོ༑ ༑འདིའི་གཡས་ཀྱི་ཕྱོགས་སུ་ཛམྦུའི་གླིང་རྩེ་མོ་གསུམ་པ་ཤིང་རྟའི་གདོང་གི་རྣམ་པའོ། །ནུབ་ཏུ་ནུབ་བ་ལང་སྤྱོད་ཀྱི་གླིང་ཟླུམ་པོར་འདྲིར་གཞུག་པར་བྱའོ། །བྱང་ གི་ཕྱོགས་སུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི་མཉམ་པ་བྱའོ། །ཤར་དུ་ལུས་འཕགས་པོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟའི་བདག་པོ་འཁོར་དང་བཅས་པ་འདྲིར་ གཞུག་པར་བྱའོ། །འཛམ་བུའི་གླིང་གི་གཞོགས་སུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་བདག་པོ་བྱའོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གཞོགས་སུ་རྒྱལ་པོ་ཆེན་པོ་མིག་ མི་བཟང་ཀླུ་རྣམས་ཀྱི་བདག་པོ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྟེང་དུ་གསེར་གྱི་སྟན་ལ་གོས་དཀར་པོ་ཅན་བ་ལང་གི་མིག་ཅན་བྱའོ། །འཕགས་པ་ཀུན་དགའ་བོ་བཅོམ་ ལྡན་འདས་ཀྱི་གཞོགས་སུ་ཐལ་མོ་སྦྱར་བ་བྱས་པ་པུས་མོ་གཉིས་ས་ལ་བཙུགས་པ་བྱའོ། །གཡས་ཀྱི་གཞོགས་ཀྱི་གཅིག་གི་རྒྱབ་ཏུ་ཕྱག་ན་རྡོ་རྗེ་ཕྱག་ན་རྔ་ཡབ་ཐོགས་ [51B] །སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཁོར་ཡུག་ཐམས་ཅད་དུ་མེ་ཏོག་དང། འབྲས་བུ་ཕྲ་མོ་རྣམས་སོ། །སངས་རྒྱས་ཀྱི་ཤར་གྱི་ཕྱོགས་སུ་ཤར་གྱི་ལུས་འཕགས་ཀྱི་གླིང་ ངོ༑ ༑བྱང་གི་སྒྲ་མི་སྙན་གྱི་གཞོགས་སུ་རྒྱལ་པོ་ཆེན་པོ་ངལ་སོས་པོ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་འཁོར་དང་བཅས་པ་འདྲིར་གཞུག་པར་བྱའོ། །དེ་ནས་དཀར་པོའི་ཚེས་གཅིག་ནས་ བརྩམས་ཏེ་ཚངས་པར་སྤྱོད་པ་བསྙེན་གནས་ཡན་ལག་བརྒྱད་པ་དང། འོ་མ་དང། ཟན་བཟའ་ཞིང་དུས་གསུམ་དུ་ཀུན་ཏུ་རུའི་བདུག་པ་སྲེག་ཅིང་རས་རིས་དེ་ལ་རིག་པ་ལན་ཉི་ ཤུ་རྩ་གཅིག་ཏུ་བརྗོད་པར་བྱའོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིག་པའི་དངོས་གྲུབ་བདག་ལ་གྱུར་ཅིག་ཉི་མ་ཕྱི་མ་གསུམ་ལ་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་བཅོ་ལྔ་ལ་ དགའ་བར་འགྱུར་རོ། །དཀར་པོའི་ཕྱོགས་ལ་ས་བོན་བཏང་བ་ལས་ཁང་པ་ཅན་གྱིས་ཉེ་བར་སྦྱར་བ་དང། བྲམ་ཟེ་གཞོན་ནུས་བཀལ་བའི་སྲད་བུ་དང། གཞོན་ནུ་མས་བྱས་ པ་ཉེ་བར་བླངས་ཏེ་སངས་རྒྱས་ཀྱི་གཟུགས་ཀྱི་ཞབས་ཀྱི་དྲུང་དུ་བྱའོ། །ལྕགས་ལྔ་རྒྱ་ཤུག་གི་ཚིག་གུའི་ཚད་ཀྱི་གསེར་དང་དངུལ་དང། ཟངས་དང། ཚོན་མོ་སྟེང་སྟེ་ ནག་པོ་དང། ལྕགས་རྣམས་སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཞབས་དྲུང་དུ་བྱའོ། །རིག་པ་གྲུབ་པ་ལ་ལྕགས་དེ་རྣམས་ལ་དབུལ་བར་བྱའོ། །ཡང་ན་སངས་རྒྱས་ལ་ [52A]༄༅། །མཆོད་པའི་ལས་རྣམས་སོ། །དེ་ནས་ས་ལ་མ་ལྷུང་བའི་བ་བྱུང་བ་སེར་སྐྱ་ལས་བྱུང་བས་བ་ལང་གི་ལག་པའི་རྣམ་པ་ཤར་དུ་མགོ་བོ་བསྟན་པར་ཉེ་ བར་བྱུགས་ནས་ཁའི་རྩ་བར་ཤར་གྱི་ལུས་འཕགས་ཀྱི་གླིང་ཟླུམ་པོ་བྱའོ། །ལྷོའི་རྐང་པ་གཉིས་སུ་འཛམ་བུའི་གླིང་ཟུར་གསུམ་པ་ལྷོ་ནུབ་ཏུ་རས་རིས་ཀྱི་སྤྱན་སྔར་ནུབ་ བ་ལང་སྤྱོད་ཀྱི་གླིང་ཟླུམ་པོ་བྱའོ། །ནུབ་ཀྱི་རྐང་པའི་མདུན་དུ་བྱང་སྒྲ་མི་སྙན་གྱི་གླིང་གྲུ་བཞི་མཉམ་པར་བྱའོ། །གནོད་སྦྱིན་གྱི་ཕྱོགས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ ཞལ་ནུབ་ཏུ་ཕྱོགས་པ་གཞག་པར་བྱའོ། །དེའི་གཡོན་གྱི་གཞོགས་སུ་བཅོམ་ལྡན་འདས་མ་སྒྲོལ་མ་འདྲིར་གཞུག་པར་བྱའོ། །རི་མོར་བྱས་སམ། ས་ལས་བྱུང་བ་ གཞག་པར་བྱའོ། །དེ་ནས་སངས་རྒྱས་ལ་གུས་པ་དང་བཅས་པས་དྲི་དང། མེ་ཏོག་ལ་སོགས་པ་སེར་པོ་ཇི་ལྟ་བ་དང། ཚད་མེད་པའི་མར་གྱི་མར་མེ་རྣམས་དབུལ་བར་ བྱའོ༑ ༑བཅོམ་ལྡན་འདས་མའི་སྤྱན་སྔར་མར་གྱི་མར་མེ་དབུལ་བར་བྱའོ། །གླིང་བར་རྣམས་སུ་སྦྲང་རྩིས་བཀང་བ་དང། མར་གྱི་མར་མེ་འམ། ཏིལ་མར་གྱི་མར་མེ་དབུལ་ བར་བྱའོ། །ཤར་གྱི་ཕྱོགས་སུ་ཙནྡན་བཏགས་པའི་བདུག་པ་དྲི་ཟ་རྣམས་ལ་དབུལ་བར་བྱའོ། །བུ་རམ་གྱིས་བཀང་བ་དང། ཕྱེའི་སྐྱོ་མ་དང། འོ་ཐུག་རྣམས་ལྷོའི་ [52B] འབྲས་ཡོས་དང། ཡུངས་ཀར་དང། ཏིལ་དང། འབྲས་ཐུག་པོ་ཆེ་རྣམས་བསྲེས་པ་དང། ཏིལ་གྱི་ཐུག་པ་དང། ཆད་གིས་བཀང་བའང་གྲུལ་བུམ་རྣམས་ ལ་དབུལ་བར་བྱའོ། །ནུབ་ཀྱི་ཕྱོགས་སུ་མར་དང། གུ་གུལ་གྱི་བདུག་པ་དབུལ་ཞིང་འོ་མས་བཀང་བ་དང། འོ་ཐུག་རྣམས་ཀྱང་ཀླུ་དང་འདབ་བཟང་རྣམས་ལ་དབུལ་བར་ བྱའོ༑ ༑བྱང་གི་ཕྱོགས་སུ་ཀུན་ཏུ་རུའི་བདུག་པ་དང། རྩབ་མོ་དང། ཞོ་ཟན་ཡང་གནོད་སྦྱིན་རྣམས་ལ་དབུལ་བར་བྱའོ། །ཀུནྟུ་རུ་ཀ་མ་རྙེད་ན་ཙནྡན་བཏགས་པའམ། སྲ་ཙི་ པོག་ཀྱང་རུང་ངོ། །ཕྱེའི་སྐྱོ་མ་དང། སྦྲང་རྩིས་བཀང་བའང་ཕྱོགས་བཞིར་རབ་ཏུ་གྲགས་ཤིང་ཇི་སྐད་བརྗོད་པའི་ཡུལ་འཁོར་སྲུང་ལ་སོགས་པའི་བཟའ་བ་ཤེས་པའི་གནས་ ཀྱིས་བརྟགས་པར་བྱས་པ། ཆུ་ཀླུང་འཁྱིལ་བས་བཀང་བའི་བུམ་པ་རེ་རེ་འབྲུ་དང། ཇི་ལྟར་རྙེད་པའི་རྒྱ་ཤུག་དང། ཨུ་དུམ་ཝཱ་ར་དང། ཁ་སྟུ་ར་དང། རྒུན་འབྲུམ་ལ་སོགས་ པ་རྣམས་དབུལ་བར་བྱའོ། །ས་བོན་ཐམས་ཅད་ཀྱང་ཉུང་དུ་ཉུང་དུ་ལྷག་མ་དང་བཅས་པ་བྱའོ། །དེ་ལ་གལ་ཏེ་རིག་པ་བསྒྲུབ་པ་བྱ་བཞིན་པ་ལ་ཤར་གྱི་ཕྱོགས་སུ་ཙེ་སྤྱང་མོའི་ སྒྲ་གྲག་པར་འགྱུར་ན་དེ་ལ་གནས་ནས་འདས་པས་ཤར་གྱི་ཕྱོགས་གང་ཡིན་པར་གཏོར་མ་ལྷག་མ་དང་བཅས་པར་བཞག་སྟེ་རྟག་ཏུ་གཏོར་བར་བྱའོ། །གལ་ཏེ་ལྷོའི་ [53A]༄༅། །ཕྱོགས་སུ་གཏོར་མ་ལྷག་མ་དང་བཅས་པ་བཞག་པ་ཙམ་གྱིས་གནས་དེར་འཇིགས་པ་འཇིགས་པས་གཏོར་བར་བྱའོ། །དེ་བཞིན་དུ་ནུབ་དང། བྱང་ གི་ཕྱོགས་སུ་གཏོར་བར་བྱ་སྟེ་འདི་ནི་ཡོངས་སུ་སྤྱོད་པ་པོས་བྱའོ་།རིག་པ་སྒྲུབ་པ་པོས་རིག་པ་ཀུན་ཏུ་སྒྲུབ་པ་ལ་དྲང་བར་བྱའོ་།རིག་པ་འཛིན་པའི་སྔ་མའི་རྩ་བར་ཁ་ ཤར་དུ་ཕྱོགས་ཏེ་ཀུ་ཤ་བླངས་ནས་ཉེ་བར་འདུག་ཅིང་ཉེ་བར་འདུག་ནས་རིག་པ་འཛིན་པས་གླིང་བཞི་རྣམས་ཀྱི་ཕྱི་རོལ་ཏུ་ཕྱོགས་བཞིར་ཁོར་ཡུག་གི་རིའི་ངོས་བཞི་ལ་ ཟླུམ་པོ་སེར་སྐྱའི་བ་བྱུང་དེ་ཉིད་ཀྱིས་བྱའོ། །བླངས་ནས་ཉེ་བར་འདུག་པ་དེའི་སྟན་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱི་བར་དུ་སོལ་བ་དང། བ་བྱུང་དང། པཱ་ལ་ཤ་ ལས་བྱུང་བ་རྣམས་གཞག་པར་བྱའོ། །ལྷག་མ་ལ་སོགས་པའང་མེད་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །བསྒྲུབ་པར་བྱ་བར་བསྒོམས་ཏེ་དང་པོར་མཚོན་ཆ་དང་ དེ་ནས་ཡོངས་སུ་བཟླས་པའི་སཱཧཱའི་མཐར་རབ་ཏུ་གཞུག་པར་བྱའོ། །ས་ལཱིའི་ཡམ་ཤིང་དང། ཨརྒ་མ་རྙེད་ན་ཨུ་དུམ་ཝཱ་ར་དང། པཱ་ལ་ཤ་དང། ཨ་པཱ་མརྒ་ དང༑ གཞན་གང་ཡང་རུང་བ་ཀུན་ནས་བསྲེག་ཏུ་གཞུག་པར་བྱའོ་།དེ་ནས་གཞོན་ནུ་མས་བཀལ་བའི་སྲད་བུ་གང་དང། གང་ཡིན་པ་དེ་ལ་སྔགས་འདིས་མིང་ [53B] །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏཱ་ཡ། མཧཱ་སཏཱ་ཡ། ཨ་བ་ལོ་ཀི་ཏེ་སཱཧཱ། །སྡགས་འདི་བརྒྱད་བརྒྱར་བཟླས་ལ་མདུད་པ་ བརྒྱད་བྱས་ཏེ་རཀྵ་སཱཧཱ་ཞེས་བྱའོ། །སྲད་བུ་དེ་དག་བདག་ཉིད་སྲུང་བའི་དོན་དུ་བདག་ཉིད་ཀྱི་ལག་པ་ལ་བཅིང་བར་བྱའོ་།སངས་རྒྱས་དེ་དང། དེ་དུས་གྲུབ་པ་ལ་ལྷག་མ་སྲད་ བུ་དང། ས་བོན་ལ་སོགས་པ་རྣམས་བླངས་ནས་ཡོངས་སུ་སྤྱོད་པ་པོས་ལྷའི་ཁང་པ་ནམ་མཁའ་ལ་གཞག་པར་བྱའོ། །ལྷ་མཆོད་པས་མཆོད་པར་བྱའོ། །དེ་ནས་ནད་པ་རྣམས་ ཀྱི་ལྷུང་བཟེད་བཟའ་བ་དང། བཏུང་བ་ལ་སོགས་པ་རྣམས་དབུལ་བར་བྱའོ། །ལྷག་མ་ཡིད་ཀྱིས་བགོས་ཏེ་ཆུ་ཀླུང་དུ་རབ་ཏུ་བླུག་པར་བྱའོ། །རྫིང་སྐམ་པོའམ། ཁྲོན་པའམ་ བླ་གབ་ཅན་གྱིས་ཕྱོགས་སུ་ས་ལ་བསྐོར་བར་བྱའོ། །མེས་ལེགས་པར་བསྲེག་པར་བྱའོ། །གང་ལ་ལ་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པར་འདོད་བས་བཅོམ་ལྡན་འདས་ ཀྱིས་གསུངས་པའི་དོན་འདིས་དང་པོ་ཁོ་ནར་བྱང་ཆུབ་ཀྱི་སེམས་ལྷན་ཅིག་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོའི་མཆོག་ གི་དངོས་གྲུབ་ཀྱི་གནས་སོ། །དེ་ལ་སངས་རྒྱས་ཞེས་བྱ་བ་ནི་རིག་པ་འགོག་པ་དང། རིག་པ་སྐྱེ་བ་སྟེ་དེའི་ཕྱིར་དེ་ལ་རིག་པ་བསྒྲུབ་པར་བྱ་སྟེ་དེ་ལ་བགེགས་བྱེད་པར་མི་ནུས་སོ།། [54A]༄༅། །ཐོག་མ་ཁོ་ནར་གཞན་དུ་རིག་པ་སྒྲུབ་པར་བྱེད་པའི་དུས་ནི་ས་གའི་ཟླ་བའི་བཅོ་ལྔ་ཉ་འམ། དབོ་འམ། ཆུ་སྟོད་དམ། སྨིན་དྲུག་གི་དཀར་པོའི་བཅོ་ལྔ་ ལ་རྣམ་པར་གང་དུའང་རུང་སྟེ། གང་ཞིག་དྲག་པོ་སྒྲུབ་པར་བྱེད་པར་འདོད་པ་དེ་རྣམ་པར་འདིས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་ཉེ་བར་བླངས་ཏེ་ནག་པོའི་བཅུ་བཞི་ པ་ལ་སྔགས་འདིས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དཧི་སཏཱ་ཡ། མཧཱ་སཏཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་བེ་ད་བིད་སཱཧཱ། སྔགས་འདི་ སྔོན་དུ་སྲད་བུ་དམར་པོ་བཅིངས་ཏེ་དུར་ཁྲོད་དུ་བ་ལང་གི་པགས་པའི་རྣམ་པར་སེར་སྐྱའི་བ་བྱུང་གིས་ཉེ་བར་བྱུགས་པ་བྱས་ནས་དེ་བཞིན་ཁོ་ནར་གཏོར་མའི་ཆོ་གས་ འབྱུང་པོ་གཞན་རྣམས་ལ་གཏོར་མ་སྣ་ཚོགས་བྱའོ། །ཡོངས་སུ་སྤྱོད་པར་བྱེད་པ་པོ་བཞིས་མཚོན་ཆ་དང་བཅས་པས་ཡམ་ཤིང་བསྲེག་ཏུ་གཞུག་པར་བྱའོ། །སྲད་ བུ་ལ་མདུད་པ་བརྒྱད་བརྒྱ་བྱས་ནས་བདག་ཉིད་སྲུང་བའི་དོན་དུ་བཅིང་བར་བྱའོ། །སངས་རྒྱས་དེས་འབྱུང་པོ་དང། ཡི་དྭགས་དང་ཤ་ཟ་དང། ཚངས་པའི་སྲིན་པོ་ ལ་སོགས་པ་རྣམས་དབང་དུ་འགྱུར་རོ། །རིག་པ་གྲུབ་པ་ན་དེ་བཞིན་ཁོ་ནར་གཏོར་མའི་ཆོ་ག་གཤེགས་སུ་གསོལ་ལོ། །རིག་པ་སྒྲུབ་པ་ཐམས་ཅད་ལ་གང་རིག་པ་སྒྲུབ་ [54B]པའི་གོས་བགོས་ཏེ་རང་བསྒྲུབ་པར་བྱ་བར་འགྱུར་རོ། །ཀུནྟུ་རུ་འམ་ཨ་ག་རུ་ནག་པོའི་བདུག་པ་བསྲེག་ཅིང་ཁ་ཤར་ དུ་ཕྱོགས་བས་ལན་བཅུར་བརྗོད་པར་བྱའོ། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་མ་རང་ཉིད་བྱོན་ནས་མེ་ཏོག་དང་གཏོར་མའང་སོ་སོར་བཞེས་ནས་བདག་ གི་བྱ་བ་འདི་མཛོད་ཅིག་ཅེས་སོ། །དེ་བཞིན་དུ་ལྷོ་ཤར་དུ་ཁ་ཕྱོགས་པ་དང། ལྷོ་ནུབ་དང། ནུབ་བྱང་དང། བྱང་ཤར་དང་སྟེང་དང། འོག་ཏུའང་བརྗོད་པར་བྱ་བར་འགྱུར་རོ། ། རང་ཉིད་ཀྱིས་བྱོན་ཏེ་བདུག་པ་དང། མེ་ཏོག་ལ་སོགས་པ་དང། མར་མེ་སོ་སོར་བཞེས་ནས་བདག་གི་བྱ་བའང་བྱའོ་ཞེས་སོ། །ཕྱིར་ཞིང་ཐོ་རངས་ཞི་བའང་ལན་བདུན་ནམ། བཅུར་ དེ་བཞིན་ཉིད་དུ་ཕྱོགས་བཅུ་རྣམས་སུ་སྤྱན་དྲང་བར་འགྱུར་རོ་།བྱོན་པ་དང། བདུག་སྤོས་ལ་སོགས་དབུལ་བར་བྱའོ། །སླར་ཡང་ཉིན་མོ་རྣམ་པར་མནན་ཏེ་གཏོར་མའི་ལས་ ཐམས་ཅད་བྱས་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་པར་འདོད་པས་དེ་བཞིན་ཉིད་དུ་ཕྱོགས་བཅུར་སྤྱན་དྲང་བར་བྱའོ། །བཅོམ་ལྡན་འདས་མ་བྱོན་པ་དང་དྲི་དང། མེ་ཏོག་ལ་ སོགས་པའང་བཞེས་ཏེ་བདག་གི་བྱ་བའང་མཛོད་ཅིག་ཅེས་སོ། །དེ་ནས་ཀུ་ཤ་བླངས་ཏེ་ཉེ་བར་འདུག་སྟེ་ཇི་སྐད་བཤད་པའི་བསྒྲུབ་པ་བྱའོ། །རིག་པ་སྒྲུབ་པ་ལ་མཚན་མ་འདི་ [55A]༄༅། །རྣམས་འབྱུང་སྟེ། རིག་པའི་ཆེད་དུ་རྨི་ལམ་མཐོང་བ་ནི་གླང་པོ་ཆེ་དང། རྟ་དང། ལྷའི་ཁྱིམ་དང། ཁང་བཟང་མཐོང་བ་དང། འཇོགས་པ་དང་ རིག་པའི་དངོས་གྲུབ་ཀྱི་མཚན་ཉིད་རྣམས་ཀྱང་སྟེ་མཐོང་བས་རླུང་གི་བྱ་བའི་དངོས་གྲུབ་གྲུབ་བོ། །དེ་བཞིན་དུ་མ་དང། ཕ་དང། མེ་ས་པོ་དང། ཡང་མེས་དང། རྒྱལ་པོ་ ཆེན་པོ་དང། བུ་མོ་རྒྱན་གྱིས་བརྒྱན་པ་མཐོང་བ་དང། གོས་དཀར་པོའི་བགོ་བ་དང། ཟན་དང། བ་ལང་དང། བྲམ་ཟེ་གཞོན་ནུ་དང་གསེར་དང། རླན་དང། རྨ་བྱ་དང་ ཤ་དང། ཉ་དང། འོ་མ་དང། ཞོ་དང། མར་གྱི་གཏོར་མའི་ལས་ལ་སོགས་པ་རྣམས་འཇུག་བཞིན་པས་ནོན་པར་སྨྲ་བ་རྣམས་དང། མེ་ཏོག་དང། འབྲས་བུ་ལ་ སོགས་པ་མཐོང་ན་ཇི་ལྟ་བར་ལྡན་པའོ། །དེ་ནས་སོས་ཀ་དང་དབྱར་ཉེ་བར་མ་མཐོང་བ་དང། རླན་ལ་གནས་པའི་ནས་དང། གྲོ་རྣམས་མཐོང་ན་ཕྱིན་ཅི་ལོག་གི་ དུས་ཀྱི་ཆར་པ་དང། ཇི་ལྟར་རབ་ཏུ་བསྔགས་པའི་ཞི་བ་འདོད་པ་ནི་བུམ་པ་གང་བ་དང། འོ་མ་དང། ཞོ་དང། མར་དང། མེ་ཏོག་དང། འབྲས་བུ་རྣམས་མཐོང་ ན་རབ་ཏུ་འཇུག་པར་བྱ་བཞིན་པ་འདི་རྣམས་ནི་མཆོག་ལས་སོ། །བ་ལ་དང། བྲམ་ཟེ་དང། གཞོན་ནུ་དང། གསེར་དང། རྨ་བྱ་ལ་སོགས་པ་རྣམས་མཐོང་བ་ [55B] བལྟས་ནས་དངོས་གྲུབ་བོ་ཞེས་རིག་པ་ཐམས་ཅད་སྒྲུབ་པའི་བྱ་བ་རྣམས་ལ་ལས་རྣམས་བརྩམ་པར་བྱའོ། །ཕྱིན་ཅི་ལོག་འདི་རྣམས་མཐོང་ན་གཉིད་མི་ལོག་སྟེ་རྨི་ལམ་ དུ་སྡིག་པ་དང། བོང་བུ་དང། རྔ་མོ་དང། ཕག་དང། སྤྲེའུ་དང། བྱ་རོག་དང། འུག་པ་དང། བྱ་རྒོད་ཐམས་ཅད་དང། བྱི་བ་དང། བྱི་ལ་དང། དབྱིག་དང། གཅེར་ བུ་དང། སི་ཏ་རུ་ཀྵ་དང། སྣོད་སྟོང་པ་དང། ཤིང་སྐམ་པོ་དང། དུར་ཁྲོད་ཀྱི་སོལ་བ་དང། ཆུ་ཀླུང་བསྐམས་པ་དང། ལོག་པར་འདྲེན་པ་རྣམས་ཏེ་མི་ཤིས་པ་མཐོང་ན་ རིག་པ་མི་འགྲུབ་བོ། །བྱ་བ་ཐམས་ཅད་ལ་བགེགས་འབྱུང་བར་འགྱུར་རོ། །དེ་ལ་སྔགས་འདི་བགེགས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ་།ཨོཾ་བཛྲ་ཁུ་རུ་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ ཕཊ༑ སྔགས་འདི་ནི་རྟ་མགྲིན་ཞེས་བྱ་བ་ཁྲོ་བོའི་རྒྱལ་པོའི་སྟེ། སྔགས་འདི་ལྷག་པར་གནས་པས་བདག་ཉིད་བསྲུང་བ་བྱས་པ་དང། ལས་ཐམས་ཅད་སྒྲུབ་པ་ལ་འཇིགས་ པ་མི་འབྱུང་ངོ། །དེ་ནས་རིམས་རྣམས་དང། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་བྱབས་པ་དང། སྲད་བུ་བཅིང་བར་བྱ་སྟེ་དུག་བྱབས་པའང་ཇི་སྲིད་དུ་རིག་པ་ལན་གཅིག་ བཟླས་པས་འགྲུབ་པར་བྱེད་དོ། །དེ་ལ་བུམ་པ་ལ་འདྲིར་གཞུག་པར་བྱ་སྟེ་གཞོན་ནུ་མས་བཀལ་བའི་སྲད་བུ་གཙོ་བོའི་སྔགས་ཀྱིས་མདུད་པ་བརྒྱད་བརྒྱ་བྱས་ནས་བུམ་པ་ [56A]༄༅། །དེ་ལ་བཅིར་བར་བྱའོ། །རིམ་པ་དེ་དངོས་གྲུབ་དང། དངོས་གྲུབ་མེད་པར་སྟོན་བར་བྱེད་དོ། །ཉི་མ་གཉིས་པ་ལ་མདུད་པ་ཐམས་ཅད་དགྲོལ་བར་བྱའོ། །རྣམ་ པ་གཞན་དུ་ན་རིག་པས་བཅིངས་ཏེ་མ་གྲོལ་བཞིན་པ་དོན་མེད་པར་བྱེད་པོ་དེ་ལྟ་བུ་ལ་སོགས་པ་སྔགས་དེས་ལས་བཅོ་བརྒྱད་དུ་འགྱུར་རོ། །འདི་ནི་ལྷག་པར་གནས་པ་ཐམས་ ཅད་དང། སྔགས་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཏེ་དེ་ལ་རིག་པའི་སྔགས་ཀྱི་སྦྱོར་བའི་ཁྱད་པར་བརྗོད་པར་བྱ་སྟེ་གང་དུ་བསྒྲུབ་པར་བྱ་བཞིན་པའི་སྐྱེས་བུ་ལ་མཐོང་བ་སྦྱིན་པར་ བྱེད་དེ་དེ་ལ་སྐྱེས་བུའི་ལྷག་པའི་ལྷ་དེ་སྐྱེས་བུ་ལ་ཉེ་བར་གནས་པར་རྟོག་པར་བྱེད་དེ་སྔགས་དེ་གང་གིས་བསྒྲུབ་པར་བྱ་བཞིན་པ་ལ་མཐོང་བ་སྦྱིན་པར་བྱེད་དོ། །ལྷག་པའི་ ལྷ་དེ་ཉེ་བར་གནས་པར་རྟོག་པར་བྱེད་དོ། །འདི་ནི་རིག་པའི་སྔགས་ཀྱི་ཁྱད་པར་རོ། །སྔགས་འདིའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ནི་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ ཏེ་དེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་དེའི་གཡས་ཀྱི་ཕྱོགས་སུ་བཅོམ་ལྡན་འདས་མ་གཞག་པར་བྱའོ། །གཡོན་དུ་ཁྲོ་ བོའི་རྒྱལ་པོ་རྟ་མགྲིན་ནོ། །དེ་ནས་མྱུར་དུ་ཤར་དུ་མངོན་པར་ཕྱོགས་པས་གནས་ནས་ཀུ་ཤ་བླངས་ཏེ་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ལ་དྲི་དང། མར་མེ་ལ་ [56B] དུ་རུཥྐའི་བདུག་པ་བསྲེགས་ཏེ་གཏོར་མ་ཐོབ་པའང་སྦས་པའི་ཕྱོགས་བཞི་རྣམས་སུ་ཕུལ་ནས་སངས་རྒྱས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་ཀུ་ ཤ་བླངས་ནས་ཉེ་བར་འདུག་ཏེ་ནད་ཐམས་ཅད་ཁྱད་པར་བྱ་བ་པར་བྱའོ། །ནད་ཐམས་ཅད་རྣམ་པར་ཐིམ་ཞིང་གྲོལ་བར་འགྱུར་རོ། །ཉི་མ་བདུན་པའི་ཐོ་རངས་སམ། མཚན་མོ་ གསུམ་ལའོ། །སྒྲོལ་མའི་རྒྱུད་དེ་ཐམས་ཅད་ཀྱི་ཆོ་ག་འཁོར་དང་བཅས་པ་འཆང་བར་བྱེད་དོ། །རྒྱ་མཚོ་དང། རི་བོ་དང། དུར་ཁྲོད་རྣམས་སུ་སོ་སོར་གནས་པའི་དགེ་སློང་མ་ གཞན་གང་ལ་ལས་བདག་ཉིད་སྲུང་བའི་དོན་དུ་བཟླས་པ་དབུལ་བར་བྱའོ། །ཤ་ཟའི་གནོད་སྦྱིན་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱིས་འཇིགས་པ་མི་འབྱུང་ངོ། །དེ་ལ་ ཤར་གྱི་ཕྱོགས་སུ་འགྲོ་བར་འདོད་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་དེར་དྲི་དང། མེ་ཏོག་དང། བདུག་པ་ལ་སོགས་པ་ཕུལ་ནས་བདག་ཉིད་སྲུང་བའི་དོན་དུ་ལན་ཉི་ ཤུ་རྩ་བདུན་བཟླས་པ་དབུལ་བར་བྱའོ། །དེ་བཞིན་དུ་མཚན་མོའི་དུས་ལ་བབ་པ་ན་ལམ་དུ་བཟླས་པ་དབུལ་བར་བྱའོ། །རྟག་ཏུ་ཡིད་ལ་བྱའོ། །སྲད་བུའང་བདག་ཉིད་ལ་ བཅིང་པར་བྱའོ། །སྔར་བརྗོད་པས་དེ་རྣམས་ཀྱིས་ཀྱང་ལན་བདུན་མངོན་པར་སྔགས་པས་བྲིས་པར་འགྱུར་རོ། །དེ་བཞིན་དུ་སྙིང་པོར་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་ [57A]༄༅། །ཀུ་ཤས་བྱབ་པར་བྱའོ། །སྔར་བརྗོད་པ་དེ་རྣམས་ཀྱིས་ཀྱང་རིག་པ་བདུན་པོ་དེ་རྣམས་ཀྱིས་སོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་འགྲོ་བར་འདོད་པས་བདུག་ པ་དང། མེ་ཏོག་ཕུལ་ནས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པ་དབུལ་བར་བྱའོ། །དེ་བཞིན་དུ་གྲུལ་བུམ་གྱི་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་བྱབ་པར་བྱའོ། །སྲད་ བུའང་བཅིང་བར་བྱ་སྟེ་ཞི་བར་འགྱུར་རོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་སུ་འགྲོ་བར་འདོད་པས་དེ་བཞིན་དུ་ཀླུ་དང། འདབ་བཟང་གི་གདོན་རྣམས་ལ་སྔར་བརྗོད་པས་བྱབ་ པར་བྱའོ། །སྔར་བརྗོད་པའི་ཆོ་གས་སོ། །དེ་བཞིན་དུ་བྱང་གི་ཕྱོགས་སུ་འགྲོ་བར་འདོད་པས་དེ་བཞིན་དུ་གནོད་སྦྱིན་གྱི་གདོན་རྣམས་ལ་སྔར་བརྗོད་པའི་ཆོ་གས་སོ། །དེ་ བཞིན་དུ་ཕྱོགས་བྲལ་རྣམས་སུའང་ངོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་སླར་ཡང་ལྷ་དང། གནོད་སྦྱིན་ལ་སོགས་པ་རྣམས་ལ་སྨྲས་པ། གྲོགས་པོ་ཁྱེད་ རྣམས་ཉོན་ཅིག། དེ་བཞིན་གཤེགས་པའི་གཟུགས་མཚན་ཐམས་ཅད་རྫོགས་པའི་དེ་བཞིན་གཤེགས་པའི་དེ་སྐུ་མཐོང་ནས་གཡས་པས་མཆོག་སྦྱིན་པ་དང། ཆོས་ སྟོན་པར་མཛད་བཞིན་པ། མི་འཇིགས་པ་རབ་ཏུ་སྦྱིན་པའོ། །དེར་རིག་པ་བསྒྲུབ་པར་བྱའོ། །མངོན་སྤྱོད་ཅན་ནི་བསྒྲུབ་པར་མི་བྱ་སྟེ་སྒྲོལ་མས་ནོན་པའི་ཁྲོ་བོ་དང་ཉེ་ [57B] །ཇི་སྲིད་རལ་གཅིག་མའི་མདུན་ན་ཕྱག་ན་རྡོ་རྗེ་དང་ཉེ་བར་རོ། །ཁྲོ་བོའི་མཚན་ཉིད་ཀྱང་འཆང་བར་བྱེད་དོ། །མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་ པར་སྣུམ་ཞིང་སྔོ་བསངས་སྔར་བརྗོད་པའི་རྣམ་པ་ལས་ཞི་བའི་གཟུགས་ཅན་གྱི་མདུན་དུ་རིག་པ་གཞན་ཡང་བསྒྲུབ་པར་བྱའོ། །མངོན་སྤྱོད་ཅན་གྱི་རྣམ་པར་འགྱུར་པའི་ གཟུགས་ཅན་དུ་བྱའོ། །ཞི་བ་ཅན་དང། རྒྱས་པ་ཅན་ནི་ཞི་བའི་གཟུགས་ཅན་ནོ། །གང་དུ་སྒྲུབ་པ་པོ་མངོན་པར་ཕྱོགས་ནས་བལྟས་པ་དེར་བསྒྲུབ་པར་བྱའོ། །རལ་པ་གྱེན་བརྫེས་ བརྗོད་པའི་རིག་པ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྗེས་སུ་གནང་བའང་བུད་མེད་གང་ཡིན་པའི་བུད་མེད་དེའི་མཚན་ཉིད་དང། གཟུགས་དང། ཆ་བྱད་འཆང་བར་ བྱའོ༑ ༑སྐྱེས་པ་ཡོད་ན་སྐྱེས་པའི་མཚན་ཉིད་དང་ཡང་དག་པར་ལྡན་པར་གྱུར་པ་སྐྱེས་པའི་རྒྱན་གྱིས་བརྒྱན་པར་བྱས་པ་ལག་ཆ་དང་བཅས་པ་ཇི་འདྲ་བའམ། སྔར་བརྗོད་པ་ དེ་འདྲ་བ་བྱའོ། །ཕྱིན་ཅི་ལོག་གི་གཟུགས་ཀྱི་དངོས་གྲུབ་མི་འབྱུང་ངོ། །ཇི་སྲིད་དུ་ལྷ་དྲག་པོ་དེའི་ཉེ་ལོགས་སུ་དེ་བཞིན་གཤེགས་པ་གཞག་པར་བྱའོ། །མཆོད་རྟེན་ནམ། སླར་ ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཅན་མ་གས་ཤིང་དུམ་བུར་མ་གྱུར་པ་དངོས་གྲུབ་སྦྱིན་པར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་ [58A]༄༅། །འཁོར་འདི་ནི་དམ་ཚིག་ཐམས་ཅད་སྐྱེད་པར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་ཏེ་རྣམ་པར་རྒྱལ་བ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་བཀྲ་ཤིས་དང་ བསོད་ནམས་ཀྱི་ལས་ཐམས་ཅད་བྱེད་པ་དང། ལོ་ཐོག་དང། ཚེ་དང་ནད་པ་མེད་པ་འཕེལ་བར་བྱེད་པ། དམ་ཚིག་ཉམས་པ་རྣམས་ཀྱང་དམ་ཚིག་སྐྱེད་པར་བྱེད་པ་པོར་འགྱུར་ རོ༑ ༑སྣ་ཚོགས་པའི་ཆུ་ཀླུང་གི་འགྲམ་མམ། པདྨའི་མཚོའི་འགྲམ་དུ་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཆུས་ལེགས་པར་སྦྱངས་པའི་ས་གཞིའི་ཆར་བྱས་ནས་སྐྲ་དང། ཕུབ་ མ་དང། སོལ་བ་དང། ཐལ་བ་དང། ཤིང་དང། སོ་ཕག་དང་གསེག་མ་དང། ཐོད་པ་དང། ཀེང་རུས་དང་བྲལ་བ། མགྲིན་པའམ་ཆུའི་ཚད་གང་དུ་ཉེ་ལོགས་ན་ཆུ་ཡོད་ པའི་གཡས་ཀྱི་གཞོགས་སམ། ནུབ་ཏུ་གང་དུ་མེ་ཏོག་དང། འབྲས་བུར་ལྡན་པའི་ཤིང་ཡོད་པ་དང། གང་ཡང་ཡིད་དུ་མངོན་པར་འོང་བ་གང་དུ་ནོར་ཡོད་པའི་ཕྱོགས་སུ་གྲུ་ བཞི་པ༑ སྒོ་བཞི་པ། ཚོན་སྣ་ལྔ་པའི་ས་ལིའི་ཕྱེ་མས་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ། །ཚོན་སྣ་ལྔ་པའི་སྲད་བུ་ཉིད་ཀྱིས་ཐིག་བཏབ་ནས་ཨུ་དུ་མ་ཝཱ་རའི་ཕུར་བུ་རྣམས་ ཀྱིས་ཀྱང་ངོ། །དཀར་པོའི་ཕྱོགས་ཀྱི་ཚེས་གྲངས་དང། བྱེད་པ་དང། ཡུད་ཙམ་དང། རྒྱུ་སྐར་དང། སྦྱོར་བ་དགེ་བ་ལ་དེ་རྣམས་ཀྱིས་དང་པོར་དཀར་པོ། གཉིས་པར་ [58B] གསུམ་པར་སེར་པོ། བཞི་པར་སྔོན་པོ། ལྔ་པར་ནག་པོ་ཞེས་སོ། །ལྷག་མ་ཤར་གྱི་དབུས་སུ་ལྷ་རྣམས་བྲི་བར་བྱའོ་།པདྨའི་དབུས་སུ་འབྲུ་དང། རིན་པོ་ཆེ་དང། སྨན་ དང། མེ་ཏོག་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་བུམ་པ་རབ་ཏུ་གཞག་པར་བྱའོ། །དེའི་ཤར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཡས་སུ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གོ་གཡོན་དུ་དྲི་མ་མེད་པར་འགྲོ་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞོགས་སུ་སྒྲོལ་མ་བདུན་ནོ། །གཡོན་དུ་དྲི་མ་མེད་པར་འགྲོ་བའི་བུད་མེད་ བདུན་ནོ། །དཔལ་ལྷ་མོའི་གཞོགས་སུ་གོས་དཀར་མོའོ། །སྒྲོལ་མ་རྣམས་ཀྱི་གཞོགས་སུ་ཟླ་བ་མ་བཞག་པར་བྱའོ། །ཟླ་བ་མ་ནས་བརྩམས་ནས་དཔལ་མོ་གྲགས་ལྡན་མོ་དང་ དཀར་མོའང་ངོ་ཞེས་སོ། །གཞོགས་སུ་དཀར་མོ་ཆེན་མོ་དང། ཁྲོ་གཉེར་ཅན་ནོ། །སྒོའི་ཕྱོགས་སུ་སྙིང་སྟོབས་མ་དང། ནུས་པའོ་།དཀྱིལ་འཁོར་གྱི་ནང་གི་གཞོགས་གཉིས་ ཀར་ཚངས་པ་དང། དྲག་པོ་འང་ངོ། །དྲག་པོའི་གཞོགས་སུ་ལྷ་མོ་དབུ་མའོ། །ཚངས་པའི་དབྱངས་ཅན་མའོ། །སྒོའི་ནང་དུ་དབྱུག་གུ་དང། རིལ་བ་སྤྱི་བླུགས་སོ། །གཅིག་ཏུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །གཅིག་ཏུ་ཞི་བ་ཐོབ་པའོ་།སྒོ་རུ་མངོན་ཕྱོགས་དང། རྟ་མགྲིན་ཞེས་བྱ་བའི་ཁྲོ་བོ་གཞག་པར་བྱའོ། །དེའི་གཞོགས་སུ་སྲིན་མོ་རལ་ [59A]༄༅། །གཅིག་མ་ཞེས་བྱ་བ་དགོད་པར་བྱའོ། །འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་བཅིང་བ་སྟེ་ཁྲུ་བཞི་པའམ། ཁྲུ་བརྒྱད་པའམ་ ཁྲུ་བཅུ་གཉིས་པའམ། ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ། །གཟུགས་དང། ཕྱག་རྒྱ་རྣམས་དགོད་པར་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་པདྨ་ནི་པདྨའི་ཕྱག་རྒྱ་ རྒྱས་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་བཟང་པོའོ། །འཕགས་མ་སྒྲོལ་མའི་ནི་ཨུཏྤ་ལའོ། །དཔལ་མོ་ནི་མེ་ཏོག་ཁ་ཕྱེ་བ་དང། པདྨ་དཀར་པོའོ། །གོས་ དཀར་མོའི་དེ་ཉིད་སྡོང་བུ་དང་བཅས་པ་མཆོག་ཏུ་རྒྱས་པའོ་།འཕགས་མ་གྲགས་ལྡན་མའི་སྡོང་བུ་དང་བཅས་པའི་མེ་ཏོག་གོ་སྒོ་རྣམས་ཐམས་ཅད་དུ་དང། གྲྭ་རྣམས་ ཐམས་ཅད་དུའང་ཀུ་ཤ་རེ་རེ་ལ་ཙུ་ཏའི་ཡལ་འདབ་བཅུ་བཀོད་དེ་སྟོད་དུ་བ་དན་བསྒྲེང་བར་བྱའོ། །དེ་ནས་རང་རང་གི་སྔགས་ཀྱིས་སྤྱན་དྲང་བར་བྱ་སྟེ་གཤེགས་སུ་གསོལ་ བའང་ངོ། །ཡང་ན་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཚར་བ་རིག་པས་སོ། །ཡང་ན་འཕགས་མ་སྒྲོལ་མའི་སྙིང་པོས་མེ་ཏོག་དཀར་པོས་སྤྱན་དྲང་བ་དང་ གཤེགས་སུ་གསོལ་ལོ། །མཚན་མོ་དྲི་དང། མེ་ཏོག་དང། བདུག་པ་དང་མར་མེས་མཆོད་པ་བྱས་ནས་གཏོར་མས་ཉེ་བར་མཆོད་དེ་བཀྲ་ཤིས་ཅན་དང། ཨུ་ལློ་པི་ [59B] མོན་སྲན་གྲེའུ་དང། སྣུམ་ཁུར་ལ་སོགས་པ་དང། མོན་སྲན་སྡེའུ་ལ་དུ་དང། ཏིལ་གྱི་ཐུག་པ་དང། འོ་ཐུག་དང་ཞོའི་ཟན་དང། དར་བ་དང། ཐུག་པ་དང། འབྱུང་བའི་ ཟས་སྣུམ་ཁུར་གཞན་རྣམས་དང། བྱ་ན་བུ་རམ་དང། ཞོའང་སྟེ་གཏོར་མའི་ཆོ་གའོ། །དེ་ནས་སླར་ཡང་དྲི་བཟང་པོའི་དྲི་དང། མེ་ཏོག་གི་མཆོད་པ་མཆོད་པ་བྱས་ནས་ཆུ་ལས་སྐྱེས་ པ་ནི་ཁྱད་པར་དུའོ། །དེ་ནས་རེ་རེ་སྔགས་ལན་བདུན་བདུན་བརྗོད་པར་བྱའོ། །ཡང་ན་འཕགས་མ་སྒྲོལ་མ་བརྒྱད་བརྒྱར་བཟླས་པར་བྱའོ། །ནང་གི་བུམ་པ་གང་ཡིན་པ་དེ་ལ་སྙིང་ པོ་ཡི་གེ་ལྔས་སྟོང་བརྒྱད་བརྒྱ་བཟླས་པར་བྱའོ། །དེ་ནས་མེའི་གནས་སུ་མེ་ཉེ་བར་བཟུང་ནས། མར་དང། ཏིལ་མར་དང། ཟས་ཉིད་ཀྱིས་སྦྱིན་སྲེག་གི་ཆོ་ག་ཇི་ལྟར་གཟུགས་དང་ གྲངས་མེད་པར་དེ་ལྟར་སྦྱིན་སྲེག་ཀྱང་བྱའོ། །ཕྱི་ནས་སློབ་མ་ལེགས་པར་ཡོངས་སུ་བརྟགས་པའི་སྣོད་དང་ལྡན་པའི་སྒྲུབ་པ་པོས་ཡང་རབ་ཏུ་གཞུག་པར་བྱའོ། །གོས་ཀྱིས་གདོང་ གཡོགས་ཏེ་ཐལ་མོ་མེ་ཏོག་གིས་བཀང་བ་རབ་ཏུ་བཅུག་སྟེ་གཏོར་བར་བྱའོ། །གང་དུ་ལྷུང་བ་དེའི་རིགས་སུ་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་དུ་རབ་ཏུ་བཅུག་སློབ་མ་དམ་ཚིག་ ཤེས་པར་འགྱུར་རོ། །དབང་བསྐུར་གང་འདོད་པ་དེ་བྱིན་ཏེ་ལྷོ་དང་ནུབ་ནས་ཤར་དུ་མངོན་པར་ཕྱོགས་ནས་སྲ་རྩི་པོག་གི་བདུག་པ་མར་དང་བསྲེས་པས་ཉེ་བར་བདུག་གོ་ཉི་ [60A]༄༅། །མ་གུང་ལ་བུམ་པས་སོ། །སྔགས་ཐམས་ཅད་བདུན་བདུན་བཟླས་པའི་སྲེག་བླུགས་བསྲེགས་ནས་དེ་ནས་བཅོམ་ལྡན་འདས་མའི་ལས་ཆེན་ པོས་སློབ་མ་གཡོན་གྱི་ཕྱོགས་སུ་བཞག་སྟེ་དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་གཞུག་གོ་སྙིང་པོའང་སྦྱིན་ནོ། །དེས་འཕགས་མ་སྒྲོལ་མ་འདིའི་ཕྱག་རྒྱ་བཅིངས་ནས་ བཟླས་པར་བྱའོ། །དེ་ལྟ་བུས་མངོན་པར་དབང་བསྐུར་བར་འགྱུར་རོ་།དེ་རྣམས་ཐམས་ཅད་དུ་ཐམས་ཅད་བྱས་ནས་འདི་མྱུར་དུ་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་མ་ལ་རབ་ཏུ་ དད་པར་བྱེད་དོ། །སེང་གེའི་ཁྲི་ལ་གནས་པ་ལྟ་བུའི་རྒྱལ་སྲིད་འདོད་པས་མངོན་པར་དབང་བསྐུར་བར་བྱའོ། །ལོངས་སྤྱོད་འདོད་པས་རྒྱ་སྐྱེགས་ཀྱི་འདབ་མ་ལ་གནས་པའོ། ། ལོག་པར་འདྲེས་པ་ཉེ་བར་ཕྱུང་བ་བདག་གིས་སོ་ཕག་ལ་ཀུན་ཏུ་གནས་པའོ། །ཚེ་འདོད་པས་ཐུང་དུ་བཅུ་ལ་གཡོ་བའི་སའི་སྙིང་པོ་ལ་གནས་པའོ། །སློབ་དཔོན་རྒྱས་པར་འདོད་པས་ ཨ་རིཥྚ་དང། ཐོད་པ་ལ་ཀུན་ཏུ་གནས་པ་ཅན་ཉེ་བར་ཕྱུང་པ་མངོན་པར་དབང་བསྐུར་བར་བྱའོ། །ལན་བདུན་དུ་མངོན་པར་དབང་བསྐུར་བས་ནི་དཔལ་མེད་པ་ལ་རབ་ཏུ་ཞི་བར་ བྱེད་དོ༑ ༑ལན་བཅུ་གཉིས་མངོན་པར་དབང་བསྐུར་བས་ནི་རྒྱལ་པོར་འགྱུར་རོ། །ལན་ལྔར་མངོན་པར་དབང་བསྐུར་བས་ནི་དབུལ་པོ་ནོར་དང་ལྡན་པར་འགྱུར་རོ། །ཕྱི་ནས་ [60B] །འདི་ནི་འཕགས་མ་སྒྲོལ་མའི་རྣམ་པར་རྒྱལ་བའི་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ། །དཀྱིལ་འཁོར་འདི་ ཀུན་ཏུ་བྲིས་ནས་རིང་བོར་མི་ཐོགས་པ་ཉིད་དུ་བཅོམ་ལྡན་འདས་མ་རབ་ཏུ་དགྱེས་པར་བྱེད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་ རྡོ་རྗེ་ལ་སྨྲས་པ། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མ་དང་བཅས་པ་འདི་སངས་རྒྱས་ཀྱི་ཞིང་དུ་རྗེས་སུ་བརྩེ་བས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་བསྟན་པ་ཀུན་སྲུང་བ་དང། ཡོངས་སུ་བསྐྱང་ བའི་ཆེད་དུ་རྡོ་རྗེའི་རིགས་ཐམས་ཅད་ཉིད་དུ་དངོས་གྲུབ་བྱེད་པ་སྙིགས་མ་ལྔས་ཉོན་མོངས་པ་འདི་ལའང་ཆོས་ཀྱི་ཚུལ་ཐམས་ཅད་ལྷག་པར་གནས་པའི་ཆེད་དུ་སྒྲོལ་མས་ནོན་པ་ དང་མཚུངས་པ་ལས་བྱེད་པ་ཕྱི་མ་འདིའི་ལམ་རབ་ཏུ་གནས་པའི་ཆེད་དུ་འདི་སྐད་དུས་ཀྱང་སྨྲས་སྨྲས་སོ། །བཅོམ་ལྡན་འདས་རབ་ཏུ་གནས་པ་དང། སྨོན་ལམ་བརྗོད་པར་བགྱིའོ།། སྔགས་ཀྱི་སྤྱོད་པ་དེ་ལྟ་བུ་འདི་ནི་ཅི་ནས་དེ་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་ཡོངས་སུ་འགྱུར་བ་དང་ཅི་ནས་དེ་ཐམས་ཅད་འཐབ་པ་དང། རྩོད་པ་དང་ མུ་གེ་དང། ནད་ཀྱིས་འཇིགས་པ་དང། ཕ་རོལ་གྱི་དམག་ཚོགས་དང་དུས་མ་ཡིན་པའི་ཆར་ལྟུང་བ་དང། སྡིགས་པའི་ཆར་བྱེད་པའི་མི་དང། མི་མ་ཡིན་པ་དང། དུད་འགྲོའི་ [61A]༄༅། །འཇིགས་པ་ཐམས་ཅད་དང། དེ་ལའང་བཀྲ་མི་ཤིས་པ་དང་རྨི་ལམ་དང། མཚན་མ་ངན་པ་དང། གདུག་པའི་གནོད་སྦྱིན་དང་སྐྱེས་བུ་དང་ རོ་དང་བྲལ་བ་དང། ཁ་བ་དང། ཆ་བ་དང། དྲི་ངན་པ་དང་རེག་པ་ངན་པ་དང། དུག་བསལ་བར་བགྱིའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་བུད་མེད་ཀྱི་གཟུགས་ དང། ཆ་བྱད་ཀྱིས་དེ་ལ་ཆོམ་རྐུན་དང། ཆུ་དང། མུ་གེ་དང་རྣམ་པར་འཚེ་བ་སེལ་བར་བགྱིའོ། །རྒྱལ་པོ་དང། སེང་གེ་དང་སྟག་དང། མ་ཧེ་དང། སྤྱང་ཀི་དང། དུག་ དང། ཆོམ་རྐུན་དང། མི་དང། མི་མ་ཡིན་པའི་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་སྔགས་སྒྲུབ་པའི་ཆོ་ག་ལ་མཁས་པ་ཡོངས་ སུ་ལོངས་སྤྱོད་པ་རྣམ་པ་སྣ་ཚོགས་པའི་འབྲས་བུ་དང། སྨན་དང། མེ་ཏོག་དང། འབྲས་བུའི་རོ་བཟའ་བ་དང། བཏུང་བ་དང། གོས་དང། གནས་དང། མལ་ཆ་དང། སྟན་ རྣམས་རྫོགས་པར་བགྱི་བ་དང། སེམས་ཅན་ཐམས་ཅད་ཆོས་འདོད་པ་ཉིད་དང། དགེ་བའི་ཆོས་ཀྱི་སྤྱོད་པ་ལ་སྦྱར་བར་བགྱིའོ། །འདི་ནི་བདག་གིས་སངས་རྒྱས་ཐམས་ ཅད་ཀྱི་སྤྱན་སྔར་སྨོན་ལམ་མཐར་ཐུག་པ་སྟེ། གང་དུ་བདག་ལ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གནང་བར་གྱུར་ཅིག་།བདག་ལ་སངས་རྒྱས་བཅོམ་ [61B]རྫོགས་པ་དང། བདག་དང། སྐྱེས་བུའི་རྣམ་པ་འདི་ངེས་པར་སྒྲོལ་བའི་ཆེད་དུ་དེ་ལྟ་བུའི་གཟུགས་ཀྱིས་བདག་དང། ཕྱག་ ན་རྡོ་རྗེ་བུད་མེད་ཀྱི་གཟུགས་ཀྱིས་དང། སྣ་ཚོགས་པའི་གཟུགས་དང། ཆ་བྱད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་སྤྱན་རས་ གཟིགས་དབང་ཕྱུག་ལ་རྗེས་སུ་བརྩེ་བས་བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་གཞན་རྣམས་དང། ལྷ་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང་ ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་དགུག་པར་བྱས་ནས་དེ་ལྟ་བུའི་གཟུགས་ཀྱིས་སྐྱེས་བུ་ཆེན་པོའི་རྣམ་པ་བྱེད་པར་འགྱུར་རོ། །དེ་ནས་ སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གྲུབ་པར་འགྱུར་རོ། །དེ་ནས་ཤཱཀྱ་ ཐུབ་པས་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ནི་བདུད་དང་བརྒྱ་བྱིན་དང། ཚངས་པ་དང། འཇིག་ རྟེན་སྐྱོང་བ་གཞན་རྣམས་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཆེ་བའི་མི་རྣམས་ཡོང་བར་བྱེད་ཅིང་སངས་ [62A]༄༅། །རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ། ཁྱེད་ཀྱི་རིག་པ་དང། སྔགས་ཀྱི་ཚིག་རྣམས་ནི་གང་ཁྱོད་ཀྱིས་ནུས་པ་དེ་ལྟ་བུའི་གཟུགས་ དང། སྐྱེས་བུའི་རྣམ་པར་བྱས་པའོ། །རིགས་ཀྱི་བུ། ཁྱོད་ཀྱང་སྐད་ཅིག་གིས་ཚངས་པའི་ཆ་བྱད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་སྦྱོར་བར་བྱེད་ དོ༑ ༑ཡུད་ཙམ་གྱིས་དགེ་སློང་གི་ཆ་བྱད་ཀྱིས་དང། སྐད་ཅིག་གིས་སྨན་དང། རྩིའི་གཟུགས་ཀྱིས་དང། ཡུད་ཙམ་གྱིས་བརྒྱ་བྱིན་གྱི་གཟུགས་ཀྱིས་འཕགས་པའི་ལམ་ དུ་འཇུག་པར་བྱའོ། །སྐད་ཅིག་གིས་བདུད་ཀྱི་གཟུགས་ཀྱིས་གཞན་གྱི་གཟུགས་སྤྲུལ་ཏེ་དབང་སྒྱུར་གྱི་ལྷའི་དབང་པོ་དང། དགའ་ལྡན་དང། མཚེ་མ་དང། འོག་མིན་ དང། རྒྱལ་པོ་ཆེན་པོ་བཞི་དང། འབྱུང་པོ་ཐམས་ཅད་པ་དང་དུར་ཁྲོད་དང། དྲག་པོ་དང། ཁྱབ་འཇུག་དང། ནོར་ལྷའི་བུ་དང་ནོར་སྦྱིན་དང། དབང་ཕྱུག་ཆེན་པོ་ དང༑ གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད་སྦྱིན་དང། སྲིན་པོ་དང། ཡི་དྭགས་དང། ཤ་ཟ་དང། གྲུལ་ བུམ་དང། རྒྱལ་རིགས་དང། བྲམ་ཟེའི་རིགས་དང། རྗེ་རིགས་དང་དམངས་རིགས་དང། སེང་གེ་དང། གླང་པོ་ཆེ་དང། མ་ཧེ་དང་སྤྲེའུ་དང། ཕག་སྣ་ཚོགས་པའི་ [62B] རི་དང། ཤིང་དང། འབྲས་བུ་དང། གོས་དང། ཆོས་གོས་དང། བཞོན་པ་དང། མལ་སྟན་དང། རྔ་པ་ཊ་ཧ་དང། དུང་དང། རིན་པོ་ཆེ་སྣ་ཚོགས་དང་ རྒྱན་གྱིས་བརྒྱན་པའི་གཟུགས་ཀྱིས་སྤྲས་པ་དང། སངས་རྒྱས་ཀྱི་གཟུགས་དང་མཚུངས་པར་འགྱུར་ཏེ། རིགས་ཀྱི་བུ། འདི་ནི་ཁ་དོག་དང། གཟུགས་དང། རྟགས་དང། དབྱིབས་ བརྒྱད་ཅུ་རྩ་བཞིའི་གཟུགས་དང་མཚུངས་པར་འགྱུར་ཏེ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ནི་བྱང་ ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་མཐུ་ཆེན་པོས་འདིར་འོངས་པ་སྟེ་བདུད་དཔུང་དང་བཅས་པའི་ཡུལ་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། གང་ དུ་བདུད་དཔུང་དང་བཅས་པའི་ཡུལ་དུ་གནས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་རིག་པ་དང། སྔགས་ཀྱི་སྤྱོད་པའི་ཐབས་ཀྱིས་སེམས་ཅན་རྣམས་ཡོངས་ སུ་སྤྱོད་པར་བྱེད་དོ། །ཇི་འདྲ་བའི་སེམས་ཅན་ཕྱོགས་བཅུ་རྣམས་སུ་ཚད་མེད་ཅིང་གྲངས་མེད་པ་རྣམས་ཡོངས་སུ་དག་པ་དང། ཡོངས་སུ་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་ སུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་གྱུར་ཏོ་།བསམ་པ་ཇི་ལྟ་བའི་གཟུགས་ཀྱིས་རང་དང། ཇི་ལྟ་བུས་གདུལ་བར་བྱ་བའི་སེམས་ཅན་རྣམས་གནས་ལ་ [63A]༄༅། །གསུམ་པ་ཕྱིར་མི་ལྡོག་པ་ལ་འཇོག་པར་བྱེད་པའོ། །ཇི་སྲིད་སངས་རྒྱས་ཀྱི་གཟུགས་ཀྱིས་གང་ཡང་སེམས་ཅན་གྱི་ཆགས་པ་ཟིལ་གྱིས་མནན་ཏེ་རྣམ་པ་སྣ་ཚོགས་ པའི་ཡོ་བྱད་དང། ཡོངས་སུ་ལོངས་སྤྱོད་པར་འདོད་པ་དེ་རྣམས་ཀྱིས་ཞེན་པ་སྤང་བའི་ཆེད་དུ་དེ་རྣམས་ལ་ཡོ་བྱད་རྣམས་བྱིན་ནས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་འཇོག་པར་བྱེད་ དོ༑ ༑ངེས་པར་སླར་ཡང་དམ་ཚིག་དེས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། རིགས་ཀྱི་བུ། ཁྱེད་ རྣམས་བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་དང་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་ འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཡིད་ཀྱིས་བཤད་པ་ལ་བདག་རབ་ཏུ་སྤྲོ་བ་ཆེན་པོ་བགྱིད་དོ། །བདག་རྟ་མགྲིན་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྨྲས་པའང་བཅོམ་ལྡན་ འདས་དང་ཕན་ཚུན་ཕན་པ་དང། འཇམ་པའི་སེམས་སུ་གྱུར་ཅིག་འདི་ནི་བདག་གི་གསང་སྔགས་འབྲས་བུ་ཆེན་པོ་གཟི་བརྗིད་ཆེན་པོ་ལས་ཀྱི་དོན་ཐམས་ཅད་སྒྲུབ་པ་པོར་ འགྱུར་ཏེ། ཡང་འདིར་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏ་ཡ། མ་ཧཱ་སཏ་ [63B] མཧཱ་ཀཱ་རུ་ཎི་ཀཱ་ཡ། སརྒ་སཏཱ་ཡ། ཨ་ནུ་ཀཾ་པ་ཀཱ་ཡ། སརྦ་སཏ་བྱ་ས་ན་གྷཱི་ཏེ་ནི། སརྦ་སཏཱ་མཀྵ་ཀ་རཱ་ཡ། སརྦ་བིརྱ་རཱ་ཛ་ཨ་དཧི་བཧི་ཀྲཱཾ་ཏཱ་ཡ་མ་ཧཱ་རཱ་ཛ་པྲོཀྟེ། འདི་རྣམས་ལ་ཕྱག་བྱས་ ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་གསུངས་པ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་བགེགས་ཐམས་ཅད་གསོད་པར་བྱེད་ཅིང་ཐམས་ཅད་འཇོམས་པར་ བྱེད་པའི་སྔགས་བརྗོད་པར་བགྱིའོ། །ཨོཾ་ཧུ་ཧུ་ཧུ། ཏ་རུ་ལེ། བི་ཏེ་རུ་ལེ། སརྦ་བི་ཥ། གྷཱ་ཏ་ཀ། ཛྭ་ལི་ཏ་བི་ཕུ་ལིངྐ། ཏྲི་ཧཱ་ས། ཀེ་ཤ་རཱ་ཊེ་པ། བཛྲ་ཁུ་ར་ནིར་གྷཱ་ཏཱ། ཀ་ཙ་ལི་ཏ། བ་ སུ་དྷཱ་ཏ་ལ། ནི་ཤཱ་ས། མཱ་རུ་ཏི་ཏྐི་པྟི། དྷ་ར་ཎཱི་དྷ་ར་བྷཱི་ཥ་ཎཱ། ཏྲི་ཧ་ས། ཨ་པ་རི་མི་ཏ་བཱ་ལཱ་ཀྲ་མ་བྷཱི་ཏ་བཧུ་ཏ་ག་ནཾ། བུགྷྣ་བུགྷྣ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མནྟྲ་སིདྡྷི་མེ་དི་ན་ ཨཱ་བེ་ཤཱ་ཡ། ཛྭ་ལ་ར་པི་ཤཱ་ཙ་གྲ་ཧེ་ཥུ། ཨ་པྲ་ཏི་ཧ་ཏོ། །བྷ་བ། བཛྲ་ཀིཉྩ་རཱ་ཡ་སི། ཨི་མཾ་དུཥྚ་གྲ་ཧ་དུཥྚ་གྲ་ཧ་སརྦ་པཱ། དཧུ་ན་དཧུ་ན། པ་ཊ་པ་ཊ། བནྡྷ་བནྡྷ། བུདྡྷ་དྷརྨ་སངྒྷ། ཨ་ ནུ་ཛྙཱ་ཀ་ར་ཤཱི་གྷྲཾ། ཧ་ཡ་གྲི་བ་ཕཊ། བཛྲ་ག་ཏྲཱ་ཡ་ཕཊ། བཛྲ་ནེ་ཏྲཱ་ཡ་ཕཊ། བཛྲ་དཾཥྚ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཨཱརྱ་ཁུ་རཱ་ཎི་གྷཱ་ཏ་ན་ཡ་ཕཊ། པ་ར་མནྟྲ་བི་ནཱ་ཤཱ་ནཱ་ཡ་ཕཊ་ ཏྲེ་ལོཀྱ་བྷ་ཡཾ་ཀཱ་ར་ཡ་ཕཊ། སརྦ་ཀརྨ་ཥུ་ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལོ་ཏྲ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཕཊ་སཱཧཱ། ཧཱུཾ་ཡིག་གསུམ་དང། ཕཊ་ཡིག་བཞིས་བཅོ་ [64A]༄༅། །བརྒྱད་ཀྱིས་ལྷག་པའི་བཅུ་བཞི་ལ་བརྟེན་པའི་རྟ་མགྲིན་གྱི་ཞལ་གྱི་སྔགས་རྫོགས་སོ།། །།ཨོཾ་བཛྲ་ཁུ་ར་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཉེ་བའི་སྙིང་ པོའོ༑ ༑ཨོཾ་ཧ་ཡ་གྲཱི་བ་ཧྲྀ་ད་ཡ། མ་བརྟ་ཡི་ཥྱཱ་མི། ཨེ་ཧི་ཨེ་ཧི། མཧཱ་བཱ་ལ། བཛྲེ་ན་ཁ། བཛྲ་རོ་མ། བཛྲ་ཀྲོ་ཊ་བཛྲ་ཀོ་ཥ། བཛྲ་ཁུ་ར། བཛྲ་དཾཥྚ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ ཙ་པ་ཙ༑ གྲིཧྣ་གྲིཧྣ། བནྡྷ་བནྡྷ། རངྒ་རངྒ། ས་ཧ་ས་ཧ། ཛལྤ་ཛལྤ། ཏུ་རུ་ཏུ་རུ། རུ་ཊུ་རུ་ཊུ། དཧུ་ན་དཧུ་ན། བི་དཧུ་ན་བི་དཧུ་ན། མ་ཐ་མ་ཐ། ཀམྤ་ཀམྤ། ཀ་ཊ་ཀ་ཊ། སརྦ་དེ་བའི་ སརྦ་ཡཀྵ། སརྦ་བི་ཧེ་ཋ་ཀཱ། སརྦ་བི་ཥི་པྲ་བི། པྲ་བི་པྲ་བི་ཤ། ཧ་ཡ་གྲཱི་བ་པྲི་ཡ་ཛཱ་ལ་ཨ་བི་ཤ། ཨཱ་བི་ཤ་བཛྲ་ཁུ་ར། མ་བི་ལམྦ། བུདྡྷ་དྷརྨྨཱ་སཾ་གྷ་བ་ཙ་ན། མ་ནུ་སྨཱ་ར། ཛཱ་ ཏི་མ་ནུ་སྨཱ་ར། ཧྲྀ་ད་ཡ་མ་ནུ་སྨཱ་ར། བི་ཀི་ར་བི་ཀི་ར། ག་ཛ་ག་ཛ། ནནྡ་ནནྡ། གུ་ལུ་གུ་ལུ། མུ་ལུ་མུ་ལུ། ནི་ཧ་ན་ནི་ཧ་ན། ཧཱུཾ་ཧཱུཾ། ཕཊ་ཕཊ་སཱཧཱ། སྙིང་པོའི་སྔགས་སོ། །ན་མ་ཨཱརྱ་ཨ་ བ་ལོ་ཀི་ཏེ་ཤྭ་ར་ཡ། འྡིའང་སྟོབས་དང་ཕ་རོལ་གནོན་པ། དཔག་ཏུ་མེད་པ་རིག་པའི་རྒྱལ་པོ་ཆེན་པོ་ལུས་ཀྱི་མཆོག་གི་གཟི་བརྗིད་རྣམ་པར་འཇིག་པར་བྱེད་པ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་ཅིང་མཆོད་པའི་རྗེས་སུ་གནང་བ། རྣམ་པར་འཚེ་བ་ཐམས་ཅད་རྣམ་པར་གནོན་པ། རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པ་ [64B] ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོས་ཡང་དག་པར་བསྟོད་པ། ཡི་དྭགས་དང། ཤ་ཟ་ དང། གྲུལ་བུམ་གྱིས་མཆོད་པ། རྣམ་པར་འགྱུར་བ་ཆེན་པོ་མཆེ་བ་གཙིགས་པ། རྟ་མགྲིན་གྱི་རྒྱལ་པོའི་ཆོ་གར་འགྱུར་རོ། །སྡིག་པ་བྱང་བ་བྱས་ནས་མཆོད་རྟེན་དུ་འབུམ་ཕྲག་ གསུམ་བཟླས་སོ། །དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ་དཀར་པོའི་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཁ་ཚར་གྱི་རྩེ་མོ་མ་བཅད་པ་སྐྲ་དང་བྲལ་བའི་རས་ལ་རི་མོ་ མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་པིར་གཙང་མ་སར་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་པདྨའི་གདན་ལ་གནས་པ་ཆོས་སྟོན་པར་མཛད་བཞིན་ པ་འདྲིར་གཞུག་པར་བྱའོ། །གཡོན་གྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོད་ཕྱིར་ཐོགས་དཀར་པོ་ཅན། སྟོན་ཀའི་སྤྲིན་ལྟར་དཀར་བ། པདྨའི་ལུས་ དང། རལ་པའི་ཅོད་པན་འཆང་བའི་དབུས་སུ་འོད་དཔག་མེད་དཀར་པོ་སྦྱངས་པའི་སྣོད་ཀྱི་ནང་དུ་གནས་པ། ཕྱག་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཡོན་པས་པདྨ་ རབ་ཏུ་སྦྱིན་པས་བྲེལ་བའོ། །སྒྲུབ་པ་པོའང་ངེས་པར་རྟོག་བཞིན་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་གི་གཡོན་དུ་སྟོན་ཀའི་སྤྲིན་ལྟར་དཀར་བའི་རྟ་ [65A]༄༅། །མགྲིན་རིག་པའི་རྒྱལ་པོ་བྲི་བར་བྱའོ། །རྣམ་པར་འགྱུར་བའི་ཞལ་སྤྱན་དམར་པོ། སྐྲ་སེར་སྐྱ། ཨེ་ན་ཡའི་ཕྱག་ཆེན་པོ་རས་ཡུག་གིས་དཀྲིས་པ་ དྲག་པོའི་གསུས་པ་འཕྱང་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། འབར་བའི་ཞལ་པདྨའི་ཕྲེང་བ་དྲུག་ ཅུས་དབུ་ལ་བརྒྱན་པའོ། །དེ་ཡི་ཉེ་ལོགས་སུ་བརྩོན་འགྲུས་དང་ལྡན་པའི་རིག་པ་འཛིན་པ་ལག་ན་སྤོས་ཕོར་གྱིས་བྲེལ་བ་པུས་མོ་གཉིས་བཙུགས་པའོ། །དེ་ནས་བཅོམ་ ལྡན་འདས་ཀྱི་གཡོན་གྱི་གཞོགས་སུ་ཁྲོ་བོ་ལ་ངེས་པར་རྟོག་བཞིན་པ། ཅུང་ཟད་འཛུམ་པའི་བཞིན་རྡོ་རྗེ་ལ་ཉུག་པར་བྱེད་བཞིན་པ་འབར་བའི་ཕྲེང་བས་འཁྲུགས་པའོ། ། བཅོམ་ལྡན་འདས་ཀྱི་འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཉིས་སུ་པདྨའི་སྟེང་དུ་གནས་པ། པདྨ་དེའང་ཀླུ་གཞོན་ནུས་ཡོངས་སུ་ཟིན་པའོ། །དེ་ནས་རིག་པ་འཛིན་ པས་རི་མོའི་ལས་རྫོགས་པ་དང། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་བགྲང་ཕྲེང་བཞག་ནས་མར་གྱི་མར་མེ་རྒྱ་ཆེན་པོ་དང་དཀར་ པོའི་གཏོར་མ་ཕུལ་ནས་དེ་ནས་རིག་པ་འཛིན་པས་སྣོད་སྤྱད་པ་བྱས་པས་མཚན་མོ་གཅིག་ཏུ་རབ་ཏུ་བཅུག་ཏེ་གཞག་པར་བྱའོ། །དེ་ནས་ཕྱུང་སྟེ་རྒྱལ་གྱི་ལྕགས་ [65B]ཚང་བ་མ་ཡིན་པའི་ལས་བྱེད་པས་བྱེད་དུ་བཅུག་ནས་སོར་མོ་བརྒྱད་པ་རྒྱས་པ། ཡོངས་སུ་ཟླུམ་པ། རྡོ་རྗེ་འབར་བའི་ ཕྲེང་བས་འཁྲུགས་པའོ། །དེ་ནས་རིག་པ་འཛིན་པས་འཁོར་ལོ་དེའང་བ་བྱུང་ལྔར་མཚན་མོ་གཅིག་ཏུ་རབ་ཏུ་བཅུག་ནས་གཞག་པར་བྱའོ་།དེ་ནས་བཏོན་ནས་ཁྲུས་དང་རྗེས་སུ་ མཐུན་པར་བྱས་ཏེ་གོས་དཀར་པོས་ཀུན་ནས་དཀྲིས་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་སྟེ་བདུག་པ་དང། གཏོར་མ་དང། མཆོད་ཡོན་གྱི་སྣོད་བླངས་ནས་ལྷ་ཐམས་ ཅད་སྤྱན་དྲང་བར་བྱའོ། །མཆོད་ཡོན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་པ་ཡང་བདག་ལ་བྱས་ནས་རྩ་བའི་སྔགས་ཀྱིས་ཡན་ལག་བདུན་བཟླས་པའི་ཐལ་བས་ཐལ་བའི་ ར་བ་དང། སྒྲོན་མེ་ལ་ལན་བདུན་བཟླས་པས་སྒྲོན་མེའི་ར་བ་དང་དེ་ནས་སྲུང་བའི་ཆོག་བྱས་ནས་ཡུངས་ཀར་ལ་ལན་བདུན་བཟླས་པས་ས་གཞི་བཅིང་བ་དང། ཆུ་ལ་ལན་ བདུན་མངོན་པར་སྔགས་པས་ནམ་མཁའ་བཅིང་བའོ། །དེ་ནས་རིག་པ་འཛིན་པས་དྲིའི་ཆུས་ཡོངས་སུ་བཀང་བ་མེ་ཏོག་དཀར་པོ་དང་ལྷན་ཅིག་པ་པུས་མོ་གཉིས་བཙུགས་ པའི་རིག་པ་འཛིན་པས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱས་ནས་མཆོད་ཡོན་ཕུལ་ཏེ་སྟན་དེ་ལ་ལྷ་རྣམས་ཚིམ་པར་བྱའོ། །མར་དང། སྦྲང་རྩི་དང། འོ་ [66A]༄༅། །མས་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀྱིས་འཁོར་ལོ་བླངས་ནས་ཇི་སྲིད་དུ་འབར་བར་གྱུར་ པ་དེ་སྲིད་དུ་བཟླས་པར་བྱའོ། །རྔ་བོ་ཆེའི་སྒྲ་ཐོས་པ་དང་སྤྲིན་ལས་གོ་ལུ་གོ་ལུ་སྒྲོགས་པ་དང། མར་མེའི་རྩེ་མོ་འཕེལ་བ་དང། རས་རིས་འགུལ་བ་དང། དུང་གི་སྒྲ་ཐོས་ པ་དང། དྲིལ་བུའི་སྒྲ་སྒྲོགས་པ་དང། ཧ་ཧའི་སྒྲ་སྒྲོགས་པ་དང། རིགས་ཀྱི་བུ་དེ་རྣམས་གྲུབ་པ་ལེགས་སོ། །ལེགས་སོ། །འཁོར་ལོ་འདི་བྱང་ཆུབ་སེམས་དཔའི་ལམ་ བགྲོད་པ། སྲིད་པའི་རྒྱ་མཚོ་ཆེན་པོ་སྒྲོལ་བར་བྱེད་དོ། །དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མ་བྱོན་གྱི་བར་ དུ་བཟླས་པ་བྱའོ། །བྱོན་པ་ནའང་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ནས་དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲུབ་པོ་ ལ་གསུངས་པ། བུ། བདུད་ཀྱི་ཕྱོགས་དེ་རྣམས་ངེས་པར་ཐུལ་བ་དང་བྱང་ཆུབ་སེམས་དཔའི་ལམ་དེ་རྣམས་བགྲོད་པ་ཅི་བྱ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོ་ལ་ཕྱག་གཡས་པས་སྤྱི་བོར་ཉུག་པར་མཛད་དོ། །ཉུགས་པའི་སྐད་ཅིག་དེ་ཉིད་ལས་དཔག་ཚད་སྟོང་དུ་རྒྱ་ཆེ་བའི་བླ་རེ་གཡེར་ [66B]བཞིན་པས་སྒྲོལ་མ་བཅིངས་པ། ཨིནྡྲ་ནི་ལ། པདྨ་རཱ་ག་སཽ་གནྡྱི་ཀ་དང། རྒྱན་གྱི་ཁྱད་པར་གཞན་རྣམས་ཀྱིས་ཀྱང་རྡོ་རྗེའི་ནུས་ པས་རྣམ་པར་སྤྲས་ཤིང་ཉ་བར་སྤྲས་པ། བཀྲ་ཤིས་པ་གཞན་གྱིས་ཀྱང་རིག་པ་འཛིན་པའི་བུ་མོ་གཟུགས་བཟང་ཞིང་མཛེས་པ་གླུ་ལེན་བཞིན་པ་སྙན་པའི་སྒྲ་དབྱངས་སྒྲོགས་པ་ པི་ཝང་དང། རྫ་རྔ་དང། གླིང་བུ་དང། ཕེག་རྡོབ་རྗེས་སུ་སྒྲུབ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པ་པོའི་བླ་རེ་འདི་རང་ཉིད་རིག་པའི་རྒྱལ་པོ་དེའི་མཐུས་ཇི་སྲིད་ ཟླ་བ་དང། ཉི་མ་དང། སྐར་མ་རྣམས་ཡོད་ཀྱི་བར་དུ་འཁོར་དང་བཅས་པ་རོལ་པར་བྱེད་པ་དང། རིག་པའི་རྒྱལ་པོ་འདིའི་མཐུས་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་ བ་རྣམས་ཀྱི་མངའ་བདག་གོ་དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱ་བ་བྱས་ནས་ཡོངས་སུ་སྤྱོད་པར་བྱེད་པ་པོ་དང་ལྷན་ཅིག་གཞལ་མེད་ཁང་ལ་འཛེགས་ ནས་འགྲོ་བར་བྱེད་དོ། །འཁོར་ལོ་དེའང་འབར་བཞིན་པ་གཞལ་མེད་ཁང་གི་རྩེ་མོར་རིག་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་རྣམ་པར་འགྲོ་བའི་ཡིད་ཀྱིས་བདེ་བ་ཅན་དུ་འགྲོ་ བར་བྱེད་དོ། །གང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་བཞུགས་པ་དེར་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ [67A]༄༅། །ཅི་དང། ལྟོ་འཕྱེ་ཆེན་པོ་དང། རིག་པ་འཛིན་པས་ཀྱང་བསྟོད་པར་བྱ་བཞིན་པ། མེ་ཏོག་གི་ཆར་རབ་ཏུ་འབབ་པ་རྣམས་ཀྱིས་བསྐལ་པར་གནས་ ཤིང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བའི་མངའ་བདག་སྟེ་གང་གི་ཚེ་འཆི་བ་ན་བྲམ་ཟེ་རྣམས་སུ་སྐྱེ་བར་འགྱུར་ཞིང་སྐྱེ་བ་དྲན་པ་དང། མཚན་ཐམས་ཅད་ ཡོངས་སུ་རྫོགས་པའོ། །དུས་ཐམས་ཅད་མངོན་པར་ཤེས་པ་དང། ནོར་ཆེན་པོ་དང། ལོངས་སྤྱོད་ཆེན་པོ་དང། བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པ་དང། སེམས་ཅན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང། སྙིང་རྗེ་ཅན་དང། སངས་རྒྱས་ལ་མངོན་པར་དང་བ་དང། ཡིད་གཞུངས་པ་དང། ཐོས་པ་འཛིན་པ་དང། བཟོ་དང། ཡི་གེ་དང། རི་ མོ་ཐམས་ཅད་ལ་མཁས་པ་དང། བསམ་གྱིས་མི་ཁྱབ་པ་གང་སེམས་པར་བྱེད་པ་དེ་ཡིད་ཀྱིས་རྟོགས་པར་བྱའོ། །ནད་ཐམས་ཅད་རྣམ་པར་སྤང་བའི་བྲམ་ཟེའི་རིགས་ སུ་སྐྱེའོ་ཞེས་སོ། །ལན་བདུན་མངོན་པར་སྔགས་ཏེ་གཙུག་ཕུད་བཅིང་བ་དང། ཧཱུཾ་ཡིག་གིས་འཕེལ་བ་དང། གནོན་པ་དང། རྨོངས་པར་བྱེད་དོ། །ཛ་ཡིག་གིས་གཤེགས་སུ་གསོལ་ལོ།། གྷ་ཡིག་གིས་གསོད་པའོ། །སཱཧཱའི་ཡི་གེས་ཞི་བའི་དོན་དང། འཚོ་བར་བྱེད་པའོ། །མདོར་བསྡུས་ན་སྟོན་པར་བྱེད་དེ། རིག་པ་འཛིན་པ་གསང་ཆེན་མཆོག་སྒྲུབ་པར་འདོད་ [67B] གསོད་པ་དང། དབྱེ་བ་དང། བརླག་པར་བྱེད་པ་དང། བསྡིགས་པ་དང། གསོད་པར་བྱེད་པ་གཞན་ཐམས་ཅད་ཀྱང་འདིར་བྱའོ། །ཐམས་ཅད་སྙིང་རྗེའི་བདག་ཉིད་ཀྱིས་ཏེ་ དྲག་པོ་ཡིས་ནི་མ་ཡིན་པ་ཁོ་ནའོ། །ཇི་སྲིད་དུ་རིག་པའི་རྒྱལ་པོ་རབ་ཏུ་སྦྱར་བར་མི་བྱ་བའི་གནས་སུ་སྦྱར་བར་མི་བྱ་སྟེ་གང་རབ་ཏུ་སྦྱར་བར་བྱེད་པ་དེའི་མཆོག་གི་སྒྲུབ་པ་མི་འགྲུབ་བོ། །དམ་ ཚིག་ཤེས་པ་མེད་པར་ཡང་འགྱུར་རོ། །དངོས་གྲུབ་འདི་ནི་སྒྲུབ་ཐབས་ཐམས་ཅད་དང། རྒྱུད་ཐམས་ཅད་དུའོ། །སོར་མོ་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་སྤྲིན་གནོན་པར་ བྱེད་དོ། །མགོ་རེག་བྱས་ནས་རྒྱན་པོ་རྒྱལ་བར་བྱེད་དོ། །ཐ་སྙད་ཐམས་ཅད་ཉིད་ལའང་ངོ། །ཡུངས་ཀར་ལ་ལན་བདུན་སྔགས་པ་བྱས་ནས་རི་ལ་བསྣུན་པར་བྱས་ཏེ་རྣམ་པར་རྙིལ་བར་ བྱེད་དོ༑ ༑མཱ་ལ་རིའི་མེ་ཏོག་ལ་ལན་བདུན་མངོན་པར་སྔགས་ཏེ་བུད་མེད་གང་གིས་བསྣམས་པར་སྦྱིན་པའམ། མགོ་བོར་བླུགས་ན་དེ་དབང་དུ་འགྱུར་རོ། །རུ་རྟ་དང། ཤིང་ཚ་དང། ཨ་ག་ རུ་ནག་པོ་དང། ཙནྡན་དང། གུར་གུམ་དང། ས་ཧཱ་ཀ་རའི་སྙེ་མ་དང། ཚ་བ་གསུམ་གྱི་འདབ་མ་དང། ན་ལེ་ཤམ་དང། བ་གུ་ལའི་མེ་ཏོག་དང། པྲི་ཡང་ཀུའི་མེ་ཏོག་རྣམས་ཕྱེ་མ་ཞིབ་མོར་བྱས་ ནས་སྦྲང་རྩིས་སྦྱར་ཏེ་ཙ་ན་ཀའི་འདབ་མར་རིལ་བུ་བྱེད་དུ་གཞུག་པར་བྱའོ། །འདི་རྣམས་ལན་ལྔར་ཡོངས་སུ་བཟླས་ཏེ་བྱིན་པ་དེ་དབང་དུ་འགྱུར་རོ། །རྩ་བའི་སྔགས་ཀྱིས་སྐྱེས་པ་དང་ [68A]༄༅། །ལྷན་ཅིག་བུད་མེད་དབང་དུ་འགྱུར་རོ། །སྒྲུབ་པ་ལ་ཞུགས་པས་གང་དེར་གནས་པ་དེ་ཉིད་ཀྱིས་ཕྱེ་མས་ཡང་དག་པར་བརྩམས་པར་བྱ་སྟེ་ལོག་ འདྲེན་རྣམས་ཀྱིས་ཟིལ་གྱིས་མི་ནོན་ནོ། །འདི་ཉིད་ཀྱིས་སྲིན་པོ་དང་ཡི་དྭགས་ལ་སོགས་པ་རྣམས་ཀྱིས་སོ། །ཀུ་ཏྲ་ཛའི་ས་བོན་དང། ནཱ་ག་གེ་སར་དང། པདྨའི་འདབ་ མ་དང། ཤྲཱི་ཥའི་མེ་ཏོག་དང། སྤང་སྤོས་དང། རྒྱ་སྤོས་དང། རུ་རྟ་དང། ལག་སྐྱེས་ཀྱི་ས་བོན་དང། ཙནྡན་དམར་པོ་དང། གཞན་གྱིས་མི་ཐུབ་པ་དཀར་པོའི་མེ་ཏོག་ དང། ས་བོན་རྣམས་གཅིག་ཏུ་བྱས་ནས་བ་སེར་སྐྱའི་གཅིན་གྱིས་བུ་མོའི་ལག་པར་བཏགས་པར་བྱའོ། །དེ་ནས་རིལ་བུ་བྱས་ནས་གྲིབ་མ་ལ་མཱ་ལ་ཏཱིའི་མེ་ཏོག་དཀར་པོས་བགོ་ བར་བྱའོ། །འདི་རྣམས་ཀྱི་ལུས་བྱུགས་ན་ལོག་པར་འདྲེན་པ་དང། ཡི་དྭགས་དང། གྲུལ་བུམ་དང། ཤ་ཟ་ལ་སོགས་པ་རྣམས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་ རོ༑ ༑གལ་ཏེ་མི་སྦྱིན་ན་བ་ལང་གི་གཅིན་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་ནད་རབ་ཏུ་འཇོམས་པར་བྱེད། གུ་གུལ་དང། པི་ཙུ་མར་ཏའི་ས་བོན་དང། ཙནྡན་ དང༑ ཏུ་རུཥྐ་དང། ཤྲཱི་བལ་ས་ཀ་འདི་རྣམས་ཕྱེ་མར་བྱས་ནས་གོས་ལ་བདུག་པར་གྱིས་ཤིག་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །ལྡོང་རོས་དང། གི་ཝང་ [68B] ལག་སྐྱེས་དང། བ་རུ་ར་དང། ཀ་དམ་པའི་མེ་ཏོག་དང། ཤིང་མངར་དང། སེ་ཕ་ལི་ཀའི་མེ་ཏོག་དང། ཤིང་ཙ་དང། ན་ལེ་ཤམ་དཀར་པོའི་ས་བོན་དང། ཡུང་བ་གཉིས་དང། ཤུ་ དག་རྣམས་བ་སེར་སྐྱའི་གཅིན་གྱིས་བྲམ་ཟེའི་བུ་མོའི་ལག་པར་གསོ་སྦྱོང་ཅན་གྱིས་བཏགས་པར་བྱའོ། །རིལ་བུ་བྱས་ནས་ཨུཏྤ་ལས་བསྒོ་བར་བྱའོ། །ཨ་ཏི་མུཀྟ་ཀ་དང། སཱ་ ལ་དང། མེ་ཏོག་སྔོན་པོས་བསྒོས་པར་བྱའོ། །ལོག་པར་འདྲེན་པ་རྣམས་སམ། གཞན་རྣམས་སམ། ཡི་དྭགས་དང། ཤ་ཟ་དང། གྲུལ་བུམ་དང། སྲིན་པོ་ལ་སོགས་ པ་རྣམས་གང་གིས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །ནད་མེད་པའི་ལེའུ་རྫོགས་སོ།། །།དེ་ནས་རོ་ལངས་སྒྲུབ་པ་འབྱུང་སྟེ་སྐྱེས་པའི་རོ་མ་ཉམས་ པ་རབ་ཏུ་མཛེས་པ་ལ་དཀར་པོའི་བཅོ་ལྔ་ལ་རྗེས་སུ་བྱུགས་པ་བྱས་ནས་སྦྱངས་པའི་སྣོད་དུ་བཞག་ནས་གསོ་སྦྱོང་ཅན་དེས་ཀྱང་སྐྲ་བཞོར་དུ་བཅུག་ནས་མེ་ཏོག་གི་ ཕྲེང་བ་མགྲིན་པ་ལ་བཅིངས་ཏེ་ཁྲོན་པ་སྐམ་པོར་ཞུགས་ནས་སེར་སྐྱའི་བ་བྱུང་གི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དེ་ཉིད་དུ་ཁྲོན་པར་བཞག་ནས་མཆོད་པ་རྒྱ་ ཆེན་པོ་བྱས་ཏེ་གཏོར་མ་དང། སེང་སྡེང་གི་ཕུར་བུ་བཞི་རྣམས་ཀྱིས་བཅིང་བ་དང། ཕྱོགས་སྐྱོང་བ་རྣམས་གཞག་པར་བྱའོ། །རོ་དེ་ལ་འབྲས་ཡོས་དང། ཕྱེ། བ་སེར་སྐྱའི་ [69A]༄༅། །འོ་མ་དང་སྦྱར་ཏེ་ཇི་སྲིད་དུ་རོ་དེའི་ལྕེ་བྱུང་གི་བར་དེ་སྲིད་དུ་ཁར་སྲེག་བླུགས་གྱིས་ཤིག་དེ་བཅད་ནས་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དཔའ་ བོ་ཆེན་པོ་ཕ་རོལ་གནོན་པར་འགྱུར་རོ། །ཉི་མ་འཆར་བ་དང་མཉམ་པའི་འོད་དུ་འགྱུར་རོ། །ལོ་སྟོང་ཕྲག་འཚོ་བར་བྱེད་དོ། །རོ་ལངས་ཀྱི་སྒྲུབ་པ་གཉིས་པ་འབྱུང་སྟེ་དུར་ཁྲོད་ཀྱི་ ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་དང། གཏོར་མ་བྱས་ཏེ་དེའི་མདུན་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་སེང་ལྡེང་གི་ཡམ་ཤིང་ལ་ཚ་བའི་ཏིལ་ མར་གྱིས་བཏགས་པས་ཇི་སྲིད་རོ་ལངས་ལངས་ཀྱི་བར་དེ་སྲིད་དུ་སྦྱིན་སྲེག་བྱའོ། །གང་ཡིད་ཀྱིས་སེམས་པར་བྱེད་པ་མྱུར་དུ་འགུག་པར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་ པར་བྱེད་དོ། །དེ་ལ་ཞོན་ནས་སྦྱིན་སྲེག་གིས་འགྲོ་བར་བྱེད་དེ། ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། །རོ་ལངས་སྒྲུབ་པ་གསུམ་པ་འབྱུང་སྟེ་སེར་སྐྱའི་བ་བྱུང་གིས་ དཀྱིལ་འཁོར་ཉེ་བར་བྱུགས་ནས་མེ་ལ་སྦྱིན་སྲེག་བྱས་པའི་ཐལ་བས་རོ་ལངས་བྲིས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་དེ་བཞིན་དུ་ཡང་དག་པར་བཞག་ནས་བེ་ཀངྐ་ཏའི་ སྲེག་བླུགས་ཀྱིས་སྦྱིན་སྲེག་བྱེད་ཅིང་རིག་པ་འཛིན་པས་བེ་ཀངྐ་ཏས་ཀུན་ནས་བསྣུན་པར་བྱའོ། །རྩ་བའི་སྔགས་དྲན་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ལོངས་ཤིག་ [69B]དུ་བར་བྱེད་པ་དང། དྲག་ཏུ་དགོད་པས་གྲོལ་བར་བྱེད་ན་འཇིགས་པར་བྱེད་དོ། །ཇི་སྲིད་རང་ཉིད་ལས་ཀྱི་བར་དུ་རྒྱ་བ་ན་རྗེས་སུ་འགྲོ་བར་བྱེད་ད་དབང་པོའི་ཆུང་མའང་ མྱུར་དུ་འགུགས་པར་བྱེད་དོ། །བཅུད་ཀྱིས་ལེན་དུ་འགྱུར་རོ། །དེ་ཟོས་ནས་ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ།། སྐྱེ་བ་དྲན་པར་ཡང་འགྱུར་རོ། །རོ་ལངས་སྒྲུབ་པར་འགྱུར་བའོ་།རྨ་བྱ་དང། ནམ་མཁའ་ལྡིང་དང། གླང་པོ་ཆེ་དང། རྟ་དང་གྲོག་མཁར་གྱི་ས་དང། འོ་མས་དཀར་པོའི་བཅོ་ལྔ་ལ་ ལེགས་པར་བཙགས་པ་བྱས་ནས་ཆུ་རྣམ་པར་དབྱེ་བ་གསུམ་རྣམས་རྩ་བའི་སྔགས་ཀྱིས་ཡོངས་སུ་བཟླས་ནས་དེ་སེར་སྐྱ་སྤྱོད་དུ་གཞུག་གོ་།དེ་ནས་རིག་པ་འཛིན་པས་ རྣམ་པར་དབེན་པའི་བ་བྱུང་གི་གསོ་སྦྱོང་ཅན་གྱིས་སེར་སྐྱ་དེའི་འོ་མ་བླངས་ནས་སའི་གོང་བུ་དེ་མཉེ་བར་བྱའོ། །དེ་ནས་རྨ་བྱ་དང། ནམ་མཁའ་ལྡིང་དང། གླང་པོ་ཆེ་ དང། རྟ་གང་ཡང་རུང་བ་རི་མོའམ། གང་ཡང་རུང་བ་བྱས་ནས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་འདྲིར་གཞུག་པར་བྱའོ། །རས་རིས་ཀྱི་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་མཆོད་ པ་རྒྱ་ཆེན་པོ་བྱས་ཏེ་མར་མེ་རྣམས་དང། སྲུང་བའི་ཆོ་ག་བྱས་ནས་ཨུ་དུམ་བཱ་རའི་ཡམ་ཤིང་གིས་སྲེག་བླུགས་བདུན་གྱི་སྦྱིན་སྲེག་བྱའོ། །དྲིའི་ཆུས་ལྷ་རྣམས་སྤྱན་དྲངས་ [70A]༄༅། །ནས་སླར་ཡང་རྣམ་པར་ཕྱེ་སྟེ་མཆོད་ཡོན་ཕུལ་ཏེ་རྨ་བྱ་དེ་རས་རིས་ཀྱི་མདུན་དུ་བཞག་ནས་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་ བྱའོ༑ ༑དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ་གལ་ཏེ་རྨ་བྱ་སྒྲུབ་པར་བྱེད་ན་དེ་ཡི་དངོས་གྲུབ་ཀྱི་མཚན་མར་འགྱུར་བ་ནི་རྨ་བྱ་སྐད་འབྱིན་པ་ དང༑ གླང་པོ་ཆེ་གུལ་གུལ་སྒྲོགས་པ་དང། རྟ་འཚེར་བ་དང། ནམ་མཁའ་ལྡིང་གཤོག་པ་གཡོ་བ་སྟེ་དངོས་གྲུབ་ཀྱི་མཚན་མ་འདི་རྣམས་སུ་གྱུར་ན་རྨ་བྱའི་རྒྱལ་པོ་སྨིན་དྲུག་ གཉིས་པར་འགྱུར་ཏེ་བརྩོན་འགྲུས་ཆེན་པོས་སྟོབས་དང། ཕ་རོལ་གནོན་པར་འགྱུར་རོ། །ལྷ་རྣམས་ཀྱི་རྒྱགས་པ་གནོན་པར་བྱེད་དོ། །བར་གྱི་བསྐལ་པར་འཚོ་བར་ བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ་འདི་ནི་དངོས་གྲུབ་བོ། །དེ་ནས་རྡོ་རྗེ་རྣམ་པར་བྱེད་པ་དེས་ཨ་ཀ་རུ་ལས་བྱུང་བའམ། ཙནྡན་ལས་ བྱུང་བའམ། ལྷའི་ཤིང་ལས་བྱུང་བའམ། སེང་ལྡེང་ལས་བྱུང་བའམ། དྲི་ལས་བྱུང་བའམ། ནིམྦའི་ཤིང་ལས་བྱུང་བའམ། རྒྱལ་གྱི་ལྕགས་ལས་བྱུང་བའམ། གྲོག་མཁར་ལས་ བྱུང་བའམ། ཤེལ་ལས་བྱུང་བའམ། ས་ར་ལས་བྱུང་བའི་འཁོར་ལོ་དང། ལྕགས་ཀྱུ་དང། དགྲ་སྟ་དང། མདུང་ཐུང་དང། རྡོ་རྗེ་དང། རྩེ་གསུམ་ཁ་གདེང་སྒྲུབ་ [70B] །རྡོ་རྗེ་རྩེ་བཞི་པ་སོར་བཅུ་དྲུག་པ་ལས་བྱེད་པ་གསོ་སྦྱོང་ཅན་གྱི་ས་ཆ་མ་ཚང་བ་མེད་པ་བྱེད་དུ་བཅུག་ནས་སེར་སྐྱའི་བ་བྱུང་ལྔས་རབ་ཏུ་བཀྲུ་བར་བྱས་ནས་དཀར་པོའི་ བཅོ་ལྔ་ལ་རས་རིས་ཀྱི་སྤྱན་སྔར་གཏོར་མ་དང། མར་མེ་དང་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་རྡོ་རྗེ་དྲིའི་ཆུས་ཁྲུར་བཅུག་ནས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་བཀོད་ པའི་གཟུགས་བརྙན་བྱས་ཏེ་དྲི་ཆུ་དང། རྩ་བའི་སྔགས་བརྗོད་དེ་རང་གི་ལྷ་རྣམས་སྤྱན་དྲང་བ་བྱས་ནས་མཆོད་ཡོན་ཡང་དང་ཡང་ཕུལ་ཏེ་སླར་ཡང་གཤེགས་སུ་གསོལ་ ནས་མར་གྱི་སྲེག་བླུགས་སྦྱིན་སྲེག་གྱིས་ཤིག་དེ་ནས་རིག་པ་འཛིན་པས་ལག་པ་གཡས་པས་རྡོ་རྗེ་ཐོགས་ཏེ་ཇི་སྲིད་འབར་བ་དང། ཙི་ཊི་ཙི་ཊིའི་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་ པར་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་པ་ཉིད་དུ་བཟླས་པར་བྱ་སྟེ་ཇི་སྲིད་ཤར་གྱི་ཕྱོགས་སུ་མཐོང་བ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་བྱང་ཆུབ་ སེམས་དཔའི་སྒྲོལ་བ་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང། རྟ་མགྲིན་རྒྱལ་པོ་རིག་པ་བྱེ་བས་ཡོངས་སུ་བསྐོར་བ་དང། འཕགས་པ་ཁྲོ་གཉེར་ ཅན་དང། སྒྲོལ་མ་དང། གོས་དཀར་མོ་དང། རི་ཁྲོད་ལོ་མ་ཅན་དང། བྱང་ཆུབ་སེམས་དཔའི་སྙིང་པོ་རེ་རེ་ལ་བྱེ་བ་ལྔ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཅོམ་ལྡན་འདས་ [71A]༄༅། །ཀྱིས་ཕྱི་བཞིན་རྗེས་སུ་འབྲངས་པས་འོང་བར་བྱེད་དོ་།དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་གྱི་ཆར་ འབེབས་པས་མཆོད་པ་བྱ་བཞིན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིལ་བ་སྤྱི་བླུགས་དང། དབྱུག་གུའི་ཤིང་བསྣམས་པ། གཡས་པས་སྒྲུབ་པ་ པོ་ལ་དབུགས་འབྱིན་པར་མཛད་བཞིན་པ། སྟོན་ཀའི་སྤྲིན་ལྟར་དཀར་བ། སྦྱངས་པའི་སྣོད་དཀར་པོ་ངེས་པར་གནས་པ། གཡང་གཞི་ནག་པོ་འཆང་བ། རལ་བའི་ཅོད་ པན་འཆང་བའི་དབུས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཉི་མ་ལྟར་འབར་བ། གསེར་གྱི་སྲད་བུའི་མཆོད་ཕྱིར་ཐོགས་པ་ཅན། སྒྲུབ་པ་པོ་ལ་རྔ་བོ་ཆེའི་སྒྲ་ཟབ་ མོའི་ཚིག་གིས་དབུགས་འབྱིན་པར་མཛད་བཞིན་པའོ། །དེ་ནས་སྒྲུབ་པ་པོས་བྱོན་ཅིང་བྱོན་པ་རྣམས་ལ་མཆོད་ཡོན་དང། གདན་ཕུལ་ཏེ་སྨོན་ལམ་གདབ་པ་ བྱས་ནས་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་ལ་རྗེས་སུ་བརྩེ་བ་ཉེ་བར་བླངས་ནས་གསུངས་ཤིག་སྡིག་པ་བྱེད་པ་དང། བསོད་ནམས་དང་དངོས་གྲུབ་གཞན་ པ་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གསུངས་ཤིག་བདག་ [71B] སྒྲུབ་པ་པོས་ལན་བཅུ་གསུམ་དུ་སྨོན་ལམ་བཏབ་པ་བྱས་ནས་བཅོམ་ལྡན་འདས་ལ་དངོས་གྲུབ་གསོལ་བར་བྱའོ། །དེ་ ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྒྲུབ་པ་པོའི་སྤྱི་བོར་ཕྱག་གཡས་པ་རེག་པར་མཛད་དོ། །འདི་སྐད་ཅེས་གསུངས་སོ། །བུ༑ ཅི་བྱ། དེ་ནས་ མཆོད་ཡོན་དང། མེ་ཏོག་གི་ཆུན་པོ་ཕུལ་ནས་པུས་མོ་གཉིས་བཙུགས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས། རྡོ་རྗེའི་དངོས་གྲུབ་བདག་ལ་སྩོལ་ ཅིག་ཁྱེད་ཀྱིས་འཕྲིན་ལས་བརྩོན་འགྲུས་ཆེན་པོ་དང། སྟོབས་ཆེན་པོས་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག་ཕྱག་ན་རྡོ་རྗེ་དང་འདྲ་ བའི་ལུས་སུ་མཛོད་ཅིག་དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། བུ་དེ་རྣམས་གྲུབ་བོ། །རྡོ་རྗེ་འདི་ནི་བརྩོན་འགྲུས་ཆེན་པོས་སྟོབས་དང། ཕ་རོལ་གནོན་པ། རིག་ པ་འཛིན་པའི་རྒྱལ་པོ་ཐོགས་པ་མེད་པར་འགྲོ་བ། མཐུ་ཆེན་པོ་ཕྱག་ན་རྡོ་རྗེ་དང་འདྲ་བའི་ལུས་སོ། །དེ་ནས་རིག་པ་འཛིན་པས་རྡོ་རྗེ་བླངས་ནས་བཅོམ་ལྡན་འདས་ལ་ བསྐོར་བ་བྱས་ཏེ་རིག་པའི་རྒྱལ་པོར་འགྱུར་རོ། །རིག་པ་འཛིན་པ་བྱེ་བ་ལྔས་ཡོངས་སུ་བསྐོར་བ་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རོལ་པར་བྱེད་པ། གཟུགས་ [72A]༄༅། །བཟང་པོ་རབ་ཏུ་མཛེས་པ། མཚན་ཐམས་ཅད་ཡང་དག་པར་རྫོགས་པ། བར་གྱི་བསྐལ་པར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་ཏེ་འདི་ནི་དངོས་གྲུབ་བོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་ཉི་མ་གུང་ལ་དཔའ་བོའི་རིན་གྱིས་རྣ་བའི་མིག་སྨན་ བླངས་ནས་བ་སེར་སྐྱའི་འོ་མས་ལན་བདུན་དུ་བཀྲུ་བར་བྱས་ནས་བ་སེར་སྐྱའི་བ་བྱུང་ལྔ་པོ་དེ་ཉིད་ཀྱིའོ། །དེའི་འོག་དེ་ནས་མིག་སྨན་ཟངས་ཀྱི་སྣོད་དུ་བྱས་ ནས་བཏགས་པར་བྱའོ། །དེ་ནས་མེ་ནས་བཏོན་ཏེ་རས་རིས་མཆོད་པ་རྒྱ་ཆེན་པོ་དང། གཏོར་མ་བྱས་ནས་མིག་སྨན་ཁར་བཅུག་སྟེ་དཀར་པོའི་བརྒྱད་པའམ་ ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཇི་སྲིད་དྲོ་བ་དང། དུ་བ་འཐུལ་བ་དང། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་གྱུར་ པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བའོ། །འབར་བས་ནི་ནམ་མཁའ་ལ་འགྲོ་བར་བྱེད་དོ། །མིག་ལ་བསྐུས་པས་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། ། གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཕྱུག་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་ནོ། །དེ་ནས་གནོད་སྦྱིན་མོ་སྒྲུབ་པར་འདོད་ན་སྐྲ་དང་བྲལ་བའི་རས་གཞི་ལ་རི་མོ་ [72B]བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་གཟུགས་བརྙན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ ཅུང་ཟད་འཛུམ་པའི་ཞལ། ཕྱག་གཡས་པས་མྱ་ངན་མེད་པ་འཆང་བཞིན་པ་བསྣམས་པ་འདྲིར་གཞུག་པར་བྱའོ། །རིག་པ་འཛིན་པས་དཀར་པོའི་བརྒྱད་པ་ལ་བཅོམ་ལྡན་ འདས་ཀྱི་གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་ནས་གཏོར་མ་དང། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རང་གི་ལྷ་སྤྱན་ དྲངས་ནས་མཆོད་ཡོན་དང། གདན་ཕུལ་ཏེ་སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ནས་རྩ་བའི་སྔགས་ཀྱིས་འོ་མའི་སྲེག་བླུགས་བརྒྱད་སྦྱིན་སྲེག་གྱིས་ ཤིག་དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་ཀྱི་བར་དུ་བཟླས་པ་བྱའོ་།འོངས་པ་དང། མཆོད་ཡོན་ ཕུལ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སོ་སོར་བཞེས་ཤིག་སོ་སོར་བཞེས་ལ་བཞུགས་ཤིག་ཅེས་སོ། །རབ་ཏུ་འཛུམ་པའི་བཞིན་གྱིས་ལེགས་སོ་ཞེས་སྨྲས་ཏེ་ བཀའ་བསྒོ་བར་བྱེད་པ་ཅི་ཞིག་བགྱི་ཞེས་སོ། །དེ་ནས་སྒྲུབ་པ་པོས་ཆུང་མའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་སྲིང་མོའོ་ཞེས་བརྗོད་པར་བྱེད་ན་དེ་ནས་སྒྲུབ་པ་པོ་འཚོ་བ་ལས་ [73A]༄༅། །འབྲལ་བར་བྱེད་དོ། །དེ་ནས་ཆུང་མའོ་ཞེས་བརྗོད་པར་བྱེད་ན་དེ་ནས་སྒྲུབ་པ་པོ་ལག་པས་བཟུང་ནས་འཛུམ་པའི་བཞིན་གྱིས་རང་གི་གནས་ སུ་འགྲོ་བར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །ཟོས་པས་སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཉི་མ་འཆར་བའི་ཁ་ དོག་འདྲ་བ། ལྷའི་གཟུགས་བརྙན། གཟུགས་བཟང་པོ་རབ་ཏུ་མཛེས་པ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །དེ་དང་ལྷན་ཅིག་རོལ་བར་བྱེད་དོ། །གང་གི་ཚེ་འཆི་བ་ དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་ཏེ་སྐྱེ་བ་དྲན་ནོ་།ཆོ་ག་དེ་ཉིད་ཀྱིས་ཁ་ཚར་མ་བཅད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པས་བདེ་ བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ག་པུར་པྲི་ཡང་ཀུའི་ཤིང་ལ་འཕྱང་བ། གོས་གཅིག་པ། ཟར་མའི་མེ་ཏོག་དང་མཚུངས་པའི་གནོད་སྦྱིན་མོ་འདྲིར་གཞུག་པར་ བྱའོ༑ ༑དེ་ནས་སྒྲུབ་པ་པོས་དཀར་པོའི་བརྒྱད་པ་ལ་མཚན་མོ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་མཆོད་པ་དང་ གཏོར་མ་དང། མར་མེ་བྱས་ནས་རང་གི་ལྷ་སྤྱན་དྲང་བར་བྱས་ཏེ་མཆོད་ཡོན་དང། གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་ཏེ་པྲི་ཡང་ཀུའི་ཡམ་ཤིང་བ་སེར་ [73B]ཤིག་དེ་ནས་རིག་པ་འཛིན་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་བཟླས་པར་བྱའོ། །འོངས་པ་ལ་མཆོད་ ཡོན་དབུལ་བར་བྱའོ། །འདི་སྐད་ཟེར་ཏེ་བཀའ་བསྒོ་བཅི་བགྱི། དེ་ནས་སྒྲུབ་པ་པོས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གི་ཆུང་མ་མཛོད་ཅིག་ཅེས་སྒྲུབ་པ་པོས་སྨྲས་པ་ དང༑ རབ་ཏུ་འཛུམ་པའི་བཞིན་གྱིས་ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན་དུའོ་ཞེས་ཟེར་རོ། །སྒྲུབ་པ་པོས་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་དོ། །བཅུད་ཀྱིས་ ལེན་སྦྱིན་པར་བྱེད་དོ། །སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །ཆོ་ག་དེ་ཉིད་ཀྱིས་ཁ་ཚར་མ་བཅད་པའི་རས་ ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་གནོད་སྦྱིན་མོ་འདྲིར་གཞུག་པར་བྱའོ། །གསེར་ལྟར་སེར་བ། གོས་གཅིག་པ། སྐྲ་གྲོལ་བ། ཀུན་ཏུ་ཆགས་པའི་སེམས་ཀྱིས་སྒྲུབ་པ་པོ་ ལ་ངེས་པར་རྟོག་བཞིན་པ། ཨ་ཏི་མུཀྟའི་ཤིང་ལ་འཕྱང་བཞིན་པ། ཅུང་ཟད་འཛུམ་པའི་བཞིན་ཅན། ཕྱག་གཡས་པའི་སོར་མོས་སྒྲུབ་པ་པོ་ལ་སྡིགས་པར་བྱེད་པའོ། ། དེ་ནས་སྒྲུབ་པ་པོས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ཏེ་གོས་གཙང་མ་བགོས་ནས་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་སྨྱུང་ [74A]༄༅། །བར་གནས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཆོད་ཡོན་དང། རི་མོ་བྱ་བ་དང། སླར་ཡང་མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ་ཏེ་ མའི་སྲེག་བླུགས་ཉི་ཤུ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག་དེ་ནས་སྒྲུབ་པ་པོས་རྩ་བའི་སྔགས་ཀྱིས་ལན་བདུན་སྔགས་པའི་མཱ་ལ་ཏིའི་མེ་ཏོག་རེ་རེས་ཇི་སྲིད་རང་ཉིད་འོངས་ ཀྱི་བར་དུ་གནོད་སྦྱིན་མོ་ལ་བསྣུན་པར་བྱའོ། །སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་དོ། །གནས་སུ་སོང་ནས་བཅུད་ཀྱིས་ལེན་སྦྱིན་པར་བྱེད་ དོ༑ ༑སྐད་ཅིག་དེ་ཉིད་ལ་གཟུགས་བཟང་པོར་འགྱུར་ཏེ་དེ་ཡིས་ལྷན་ཅིག་རོལ་པར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་ པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ཙནྡན་དང། རྒྱ་སྤོས་དང། རུ་རྟ་དང། ཤིང་ཚ་དང། པ་རི་པཱ་ལ་པཱ་དང། གུར་གུམ་ དང། ལྡོང་རོས་དང། གི་ཝང་དང། པདྨའི་འདབ་མ་དང། པདྨའི་ས་བོན་རྣམས་གཅིག་ཏུ་བྱས་ནས་དྲིའི་ཁུ་བ་དང། ནམ་མཁའི་ཆུས་བྲམ་ཟེའི་བུ་མོ་གསོ་སྦྱོང་ཅན་ གྱིས་ལག་པར་བསྟབས་པར་བྱའོ། །དྲི་དཀར་པོའི་གཟུགས་བརྙན་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀར་པོའི་བརྒྱད་པ་ལ་མཆོད་པ་བྱས་ནས་ [74B]རྟེན་གྱི་སྤྱན་སྔར་བཞུགས་ནས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བར་བྱ་སྟེ་མཆོད་ཡོན་དང། གདན་ ཕུལ་ནས་སླར་ཡང་གཤེགས་སུ་གསོལ་བའི་མཆོད་ཡོན་ཕུལ་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་པདྨ་གེ་སར་ལ་བ་སེར་སྐྱའི་མར་གྱིས་བཏགས་པའི་སྲེག་བླུགས་ བདུན་སྦྱིན་སྲེག་གྱིས་ཤིག་དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ཇི་སྲིད་གནོད་སྦྱིན་མོ་རང་ཉིད་འོངས་པ་དེ་སྲིད་དུ་བཟླས་པར་བྱའོ། །འོངས་ཕ་ལ་མཆོད་ཡོན་ དབུལ་བར་བྱའོ། །དེ་ནས་དེ་ན་རེ་བཀས་བསྒོ་བ་ཅི་ཞིག་བགྱི་ཞེས་ཟེར་རོ། །འདི་སྐད་ཅེས་བརྗོད་པར་བྱའོ། །ཆུང་མ་མཛོད་ཅིག་ཅེས་སོ། །དེ་ནས་དེས་སྨྲས་པ་དེ་བཞིན་ བྱའོ་ཞེས་སྒྲུབ་པ་པོ་ལག་པས་བཟུང་ནས་རང་གི་གནས་སུ་འགྲོ་བར་བྱེད་ཅིང་བཅུད་ཀྱིས་ལེན་སྦྱིན་པར་བྱེད་དོ། །ལྷའི་གཟུགས་ཅན་དུ་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་ བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །ཆོ་ག་དེ་ཉིད་ཀྱིས་བ་སེར་སྐྱའི་མར་སར་པ་ལ་གཟུགས་བརྙན་ བྱས་ནས་རས་རིས་ཀྱི་སྤྱན་སྔར་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཇི་སྲིད་གནོད་སྦྱིན་མོ་བྱུང་བའི་བར་དུའོ། །ཆོ་ག་འདི་ཉིད་ཀྱིས་ཙནྡན་དམར་པོ་ལས་བྱུང་བའི་ [75A]༄༅། །གཟུགས་བརྙན་བྱས་ནས་རྩ་བའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཆུ་ཀླུང་དུ་གཞུག་གོ་སྐད་ཅིག་དེ་ཉིས་ལ་གཟུགས་བཟང་ པོའི་གནོད་སྦྱིན་མོ་འོང་ཞིང་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ། །ནིམྦའི་ཤིང་ལས་བྱུང་བའི་བདེ་བར་གཤེགས་པའི་མཐོ་གང་འདི་ཉིད་ཀྱི་གནོད་སྦྱིན་མོ་ བྱེད་དུ་བཅུག་ནས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཆོགས་གཏོར་ མ་དང། མར་མེའི་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒྲུབ་པ་པོས་རྣམ་པར་དབེན་པར་སྦྱངས་པའི་སྣོད་དང། གོས་ཀྱི་རྩ་བའི་སྔགས་ཀྱིས་ལྷ་རྣམས་སྤྱན་དྲང་བར་བྱ་སྟེ་ མཆོད་པ་དང། གདན་ཕུལ་ནས་སླར་ཡང་གཤེགས་སུ་གསོལ་ཏེ་ཇི་སྲིད་དུ་གནོད་སྦྱིན་མོ་རང་ཉིད་ཀྱིས་གཟུགས་གསལ་བར་བྱེད་བཞིན་པ་མེ་ཏོག་གི་ཕྲེང་བ་བྱས་ ནས་འོང་བར་བྱེད་དོ། །དེ་སྲིད་དུ་བཟླས་པར་བྱའོ། །དེ་སྨྲ་བ་དང། དེ་ནས་སྒྲུབ་པ་པོས་ཆུང་མ་མཛོད་ཅིག་ཅེས་བརྗོད་པར་བྱའོ་།དེ་ནས་དེ་རབ་ཏུ་འཛུམ་པའི་ བཞིན་གྱིས་སྒྲུབ་པ་པོ་ལ་མེ་ཏོག་ཕྲེང་བ་སྦྱིན་པར་བྱེད་དོ་།རང་གི་ལག་པས་བཟུང་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་འགྲོ་བར་བྱེད་དོ། །བཅུད་ཀྱིས་ལེན་སྦྱིན་པར་ [75B] །སྐད་ཅིག་དེ་ཉིད་ལ་ལྷའི་གཟུགས་ཅན་དུ་འགྱུར་རོ་།གཟུགས་བཟང་པོ་རབ་ཏུ་མཛེས་པར་འགྱུར་རོ། །དེའི་ལྷན་ཅིག་རོལ་བར་བྱེད་ཅིང་དགའ་མགུར་ཡོངས་སུ་ སྤྱོད་པར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ་ལྷའི་ཚེའོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །རབ་ཏུ་མཛེས་པ་དང། སེམས་ཅན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་དང། ལོངས་སྤྱོད་ཆེན་པོ་དང་ནོར་ཆེན་པོ་དང། འདོད་པ་ཆེན་པོ་དང། སྙིང་རྗེ་ཅན་དང་ཐམས་ཅད་སྦྱིན་པ། བརྩོན་འགྲུས་ཆེན་ པོ༑ སྐྱེ་བ་དྲན་པའོ། །གནོད་སྦྱིན་མོའི་ལེའུ་རྫོགས་སོ།།།།པདྨའི་མཚོར་སོང་ནས་སྒྲུབ་པ་པོས་དཔལ་མོ་འོངས་ཀྱི་བར་སྦྱིན་སྲེག་བྱའོ། །རུ་རྟ་དང་ རྒྱ་སྤོས་དང། པདྨའི་ས་བོན་དང། པདྨའི་གེ་སར་དང། ཙནྡན་སྦྲང་རྩིས་ལྷན་ཅིག་བཏགས་པར་བྱའོ། །གང་ལ་སྦྱིན་པ་དེ་དབང་དུ་འགྱུར་རོ། །རྩ་བའི་སྔགས་ཀྱིས་མེ་ཏོག་ གི་ཕྲེང་བ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དེ་ནས་རྩལ་བྱེད་པར་འདོད་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་མཆོད་རྟེན་ཇི་སྲིད་ དུ་མཆོད་རྟེན་ཕྱི་མ་རབ་ཏུ་གཡོ་བར་བྱེད་པ་དེ་སྲིད་དུ་བྱའོ་།དེ་ནས་ལས་ཀྱི་སྒྲིབ་པ་ཟད་པར་བྱས་ནས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་ཏེ་རྣམ་པ་ [76A]༄༅། །གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་བསྒྱིངས་པའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པར་ འདོད་ན་ཁ་ཚར་མ་བཅད་པའི་རས་སྐྲ་དང་བྲལ་བ་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་པིར་སར་པས་བཅོམ་ལྡན་འདས་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ། རལ་པ་འཕྱང་བ་འོད་དཔག་མེད་དབུ་ལ་འཛིན་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་ འདྲིར་གཞུག་པར་བྱའོ། །འོག་ཏུ་སྒྲུབ་པ་པོ་སྤོས་ཕོར་ལག་ན་ཐོགས་པས་པུས་མོ་གཉིས་བཙུགས་པ་བྱང་ཆུབ་སེམས་དཔའ་ལ་ངེས་པར་རྟོག་བཞིན་པའོ། །དེ་ནས་ རིག་པ་འཛིན་པས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རས་རིས་ཀྱི་སྤྱན་སྔར་ཉི་མ་རེ་རེ་ཞིང་རྒྱུན་མི་འཆད་པའི་མཆོད་པ་དང། གཏོར་མ་དང། མར་ མེའང་ཇི་སྲིད་ཟླ་བ་ཉ་བའི་བར་དུ་བྱའོ། །ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་དང། གཏོར་མ་དང། མར་མེའང་བྱས་ནས་སྨོན་ལམ་བཏབ་པར་ཡང་བྱ་སྟེ། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་མཱ་ལ་ཏིའི་མེ་ཏོག་གིས་ཡོངས་སུ་བཀང་བའི་དྲིའི་ཆུའི་སྣོད་ལག་པ་གཉིས་ཀས་བླངས་ནས་པུས་མོ་ [76B]ལྷ་རྣམས་སྤྱན་དྲང་བར་བྱ་སྟེ་མཆོད་ཡོན་དང། གདན་ཕུལ་ནས་སླར་ཡང་བྱབས་ཏེ་བ་སེར་སྐྱའི་མར་ལ་ བཏགས་པའི་མཱ་ལ་ཏིའི་མེ་ཏོག་གིས་སྦྱིན་སྲེག་བྱའོ། །ལྷ་རྣམས་ཚིམ་པར་བྱེད་པ་བྱས་ནས་སྲུང་བ་བྱས་པ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ང་རྒྱལ་དང་བྲལ་བ། མི་སྨྲ་ བས་གཡོ་བཅོམ་སྟེ་དྲན་པ་མཆོག་གིས་དམིགས་པར་བྱས་ལ་ཇི་སྲིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་ཉིད་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ཡོངས་སུ་ བསྐོར་བ་བྱོན་པ་དེ་སྲིད་དུ་བཟླས་པར་བྱའོ། །སེམས་དཔའ་ཆེན་པོ་བྱོན་པ་དང། ས་གཡོ་བ་དང། རིའི་རྩེ་མོ་ཉིལ་བ། སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་ པ་དང། ལྷ་ཐམས་ཅད་མེ་ཏོག་གི་ཆར་རབ་ཏུ་འབེབས་པ་དང། རིག་པ་འཛིན་པ་ཐམས་ཅད་ཀྱང་ཙནྡན་གྱི་ཕྱེ་མའི་ཆར་འབེབས་པ་དང། གནས་གཙང་མའི་ལྷ་རྣམས་རིན་པོ་ཆེ་ ཆེན་པོའི་ཆར་རབ་ཏུ་འབེབས་པ་དང། ལྷ་མ་ཡིན་ཐམས་ཅད་ཨུཏྤ་ལའི་ཆར་རབ་ཏུ་འབེབས་པར་བྱེད་དོ། །དྲག་པོ་ཐམས་ཅད་ཁྲོ་བ་དང་བྲལ་བར་འགྱུར་རོ། །དམྱལ་བ་ པ་རྣམས་ཀྱང་སྐད་ཅིག་དེ་ལ་བདེ་བ་སྐྱེས་ཏེ་མཆོག་ཏུ་འཇིགས་པ་སྨྲ་བར་བྱེད་དོ། །དྲི་ཟ་རྣམས་གླུ་སྙན་པའི་སྒྲ་ཐོས་པར་བྱེད་དོ། །རིག་པ་འཛིན་པ་ཐམས་ཅད་ཀྱང་རང་གི་ [77A]༄༅། །རིག་པས་ཡོངས་སུ་བསྐོར་ཏེ་ཇི་ལྟར་རྣམ་པར་འཕྲུལ་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོང་བར་བྱེད་དོ། །ལོག་འདྲེན་ཐམས་ཅད་དང་ བགེགས་ཐམས་ཅད་དང། སྲིན་པོ་ཐམས་ཅད་དང། ཡི་དྭགས་ཐམས་ཅད་དང། ཇི་སྲིད་དུ་དྲག་བོ་སྣ་ཚོགས་པ་རྣམས་བྱང་ཆུབ་སེམས་དཔའ་བྱོན་པ་མཐོང་ ནས་ཞི་བའི་སེམས་སུ་གྱུར་ཏོ། །སྦྲིན་ལས་གུ་ལུ་གུ་ལུའི་སྒྲ་སྒྲོགས་པ་དང། ས་རྣམ་པ་དྲུག་ཏུ་གཡོ་བ་དང། ཕྱོགས་བཞི་སྐྱོང་བ་རྣམས་བྱང་ཆུབ་སེམས་དཔའི་ དྲུང་དུ་ཉེ་བར་འོང་བར་བྱེད་དོ། །ལོག་པར་འདྲེན་པ་ཐམས་ཅད་དང། བགེགས་ཐམས་ཅད་འོང་སྟེ་ཕྱོགས་བཞི་རབ་ཏུ་ཞི་བར་འགྱུར་རོ། །རླུང་འགྲོ་བ་དང། དྲག་པོ་ རབ་ཏུ་འགྲོ་བར་བྱེད། དུས་མ་ཡིན་པར་ཤིང་ལ་མེ་ཏོག་ཏུ་འགྱུར་རོ་།འཇིག་རྟེན་པའི་རིག་པ་འཛིན་པ་ཐམས་ཅད་འོང་སྟེ་ཕྱོགས་གང་དུ་རིགས་འཛིན་པ་སྒྲུབ་པ་ བྱེད་པ་དེར་སེམས་དཔའ་ཆེན་པོའི་དགའ་སྟོན་ལ་ཐམས་ཅད་ཉིད་འདུས་སོ། །སྒྲུབ་པ་པོས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ནས་ མཆོད་ཡོན་ཕུལ་ནས་ཕྱག་བྱའོ། །ལྷ་ཐམས་ཅད་དང། རིག་པ་འཛིན་པ་ཐམས་ཅད་ལ་མཆོད་ཡོན་དང། གདན་ཕུལ་ནས་དེ་ནས་ལྷ་ཐམས་ཅད་དང། རིག་པ་འཛིན་ [77B]སོ་ཞེས་བྱ་བ་བྱིན་ཏེ་སྲིད་པ་གསུམ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་བར་བྱས་པ་དེ་རྣམས་ངེས་པར་རྒྱལ་བ་ ཀུན་ཏུ་སྣང་བས་མནན་པ་བྱང་ཆུབ་སེམས་དཔའི་ལམ་དང་ལྷན་ཅིག་འཚོ་བའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་ཐམས་ཅད་ལ་ལེགས་ སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་སྒྲུབ་པ་པོའི་སྤྱི་བོར་ཉུག་པར་མཛད་དོ། །དེ་ནས་སྒྲུབ་པ་པོས་གང་ཡིད་ལ་སྙིང་པོ་བསམས་པ་དེར་ འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་བསྒྱུར་པ་དང། རིག་པ་འཛིན་པའི་རྒྱལ་པོ་ལྷ་ཉིད་གང་འདོད་པ་དེ་རྣམས་ཆོས་གཞན་དུ་སྣང་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གྲུ་འཛིན་དེང་མཐོང་བར་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ཕྱག་གཡས་པས་བཟུང་སྟེ་ རིག་པའི་རྒྱལ་པོ་རྟ་མགྲིན་ལ་ཡང་དག་པར་གཏད་པར་གྱུར་ཏོ་།གྲུ་འཛིན་དུ་སོང་ཞིག་གང་འདོད་པ་དེ་སྦྱིན་པར་འགྱུར་རོ། །དེ་ནས་རིག་པའི་རྒྱལ་པོའི་ཚོགས་ཀྱིས་བསྐོར་ བ་དང་བཅས་པ་སྒྲུབ་པ་པོའི་ལག་པ་གཡས་བཟུང་ནས་རྒྱ་མཚོའི་དབུས་སུ་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་ [78A]༄༅། །མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོའི་རིག་པའི་ཚོགས་ལ་མེ་ཏོག་གི་ཆར་འབེབས་པ་དང། རྔ་བོ་ཆེ་དང། རྔ་པ་ཊ་ཧ་དང་ རྔ་དང། རྫ་རྔ་ཁ་གཅིག་པ་དང། རྫི་རྔ་རྣམས་སྒྲ་འབྱིན་བཞིན་དུ་གྲུ་འཛིན་དུ་འགྲོ་བར་བྱེད་དོ། །རྒྱ་མཚོའི་སྟེང་དེར་རྒྱ་མཚོ་ཆེན་པོ་རིག་པའི་རྒྱལ་པོས་མཐོང་ནས་སྐྱེས་ བུ་དམ་པ་དེའང་ཆུ་ཀླུང་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་རིན་པོ་ཆེའི་མཆོད་ཡོན་རབ་ཏུ་སྩོལ་བར་བྱེད་པར་འགྱུར་རོ། །ལེགས་སོ་ཞེས་བྱ་བའང་གནང་བར་མཛད་ དོ༑ ༑རིགས་ཀྱི་བུ། ལེགས་སོ། །ལེགས་པར་འཚོ་བ་དང། གཟི་བརྗིད་དང་ལྡན་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སོ། །དེ་ ནས་རྒྱ་མཚོ་ཆེན་པོ་བསྒྲལ་ནས་གྲུ་འཛིན་དུ་སོང་སྟེ་མཐོང་བ་དང། དེར་གང་རིག་པ་འཛིན་པའི་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་ མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་རྣམས་ཐམས་ཅད་མཆོད་ཡོན་གྱི་སྣོད་ཀྱི་མེ་ཏོག་གི་ཆར་ཆེན་པོས་སྒྲུབ་པ་པོ་ལ་བསུ་བ་ལ་འོང་བར་བྱེད་དོ། །དེ་ ནས་གྲུ་འཛིན་མཐོང་ནས་སྣ་ཚོགས་པའི་ནོར་བུ་དང། སྨན་གྱིས་བསྐུས་པ། མུ་ཏིག་གི་དོ་ཤལ་རབ་ཏུ་འཕྱང་བཞིན་པ། གསེར་དང་ཤེལ་ལས་བྱུང་བ་དང། བཻ་ [78B] ཨིནྡྲ་ནཱི་ལ་ལས་བྱུང་བ་དང་མཐོན་ཀ་ཆེན་པོ་ལས་བྱུང་བའི་ཐེམ་སྐས་དང། སྣམ་བུ་རྣམས་ཀྱིས་སྣ་ཚོགས་པའི་མེ་ཏོག་ཉེ་བར་མཛེས་པས་རིག་པའི་ རྒྱལ་པོ་དང། སྒྲུབ་པ་པོ་དེ་ལ་མངོན་པར་དབང་བསྐུར་བ་བྱས་ནས་སྒྲུབ་པ་པོ་ལ་སྨྲས་པ། གནས་འདི་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ གནས་རིན་པོ་ཆེ་སྣ་བཞི་ལས་བྱུང་བ་ཁང་པ་དབུས་མར་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་རང་གི་གནས་བཞིན་དུ་ཀུན་ཏུ་སྤྱོད་ཅིང་གནས་སོ། །དེ་ནས་རིག་པ་འཛིན་པའི་རྒྱལ་པོ་ ལ་མངོན་པར་དབང་བསྐུར་ཏེ་རིག་པའི་རྒྱལ་པོ་རབ་ཏུ་བགྲོད་པར་གྱུར་ཏོ། །འདི་ནི་དངོས་གྲུབ་སྟེ་བཅོམ་ལྡན་འདས་འདིའི་མཐུ་རྣམ་པར་བསྒྱིངས་པས་མཚམས་མེད་ པ་བྱེད་པས་ཀྱང་འདི་འགྲུབ་པར་བྱེད་དོ། །རྟ་མགྲིན་རྒྱལ་པོས་རིག་པའི་རྒྱལ་པོ་ཐམས་ཅད་ལ་སྨྲས་པ། བཅོམ་ལྡན་འདས་མ་དང་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་གནས་རིན་པོ་ཆེ་སྣ་བཞི་ལས་བྱུང་བ་དབུས་མའི་ཁང་བར་རང་གི་གནས་བཞིན་དུ་གཞི་ལ་གནས་པའི་རིག་པ་སྒྲོལ་མ་དང། ཁྲོ་གཉེར་ཅན་དང། གཞན་ རིག་པ་ཐམས་ཅད་ཕ་རོལ་གནོན་པ་ཆེན་པོའོ། །རིག་པའི་རྒྱལ་པོ་འདི་ནི་མ་བསྒྲུབས་པ་ཉིད་དུ་ལས་བྱེད་དེ་གཏན་པ་གཅོད་པར་བྱེད་པ་དང། ཧཱུཾ་ཡིག་གིས་རྒྱ་མཚོ་སྐེམས་ [79A]༄༅། །པར་བྱེད་པ་དང། སོར་མོའི་སྡིགས་མཛུབ་ཀྱིས་ཐམས་ཅད་རེངས་པར་བྱེད་པ་དང། ཨོཾ་ཡིག་གིས་འགུགས་པར་བྱེད་པ་དང། ཕཊ་ཡིག་གིས་ལྷུན་པོ་རྣམས་ ཀྱང་རྣམ་པར་འཇོམས་པར་བྱེད་པ་དང། ཡིད་ཀྱི་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང། ཨོཾ་ཡིག་གིས་སྤྱན་དྲངས་པ་དང། ཧཱུཾ་ཡིག་གིས་གཤེགས་སུ་གསོལ་ པ་དང། ཕཊ་ཡིག་གིས་གསོད་པ་དང། སཱཧཱའི་ཡི་གེས་འཚོ་བར་བྱེད་པ་སྟེ་མདོར་ན་རིག་པ་རྣམས་ཀྱི་ཆོ་ག་ཇི་སྙེད་ཡོད་པ་དེ་ཐམས་ཅད་རིག་པ་འདི་ཉིད་ཀྱིས་འཇིག་རྟེན་ དང༑ འཇིག་རྟེན་ལས་འདས་པ་བསྒྲུབ་པར་བྱའོ། །འདི་ནི་སྔགས་ཐམས་ཅད་ཀྱི་ཆོ་ག་ཐུན་མོང་བ་སྟེ་གང་ལ་ཆོ་ག་མེད་པ་དང་སྡིག་པ་བྱེད་པས་ཀྱང་ལན་གསུམ་དུ་བཟླའོ།། རྟ་མགྲིན་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྟོབས་དང། ཕ་རོལ་གནོན་པ་ཆེན་པོ་འདི་ལན་གསུམ་གྱིས་མཚམས་མེད་ པ་བྱེད་པས་ཀྱང་འགྲུབ་པར་བྱེད་དོ། །དད་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་འདོད་པ་ཆེན་པོ་དང། སྙིང་རྗེའི་བདག་ཉིད་ཅན། སེར་སྣ་མེད་པ་དང། བྱས་པ་གཟོ་ བ་དང། སངས་རྒྱས་དང། ཆོས་ལ་མངོན་པར་དང་བ་དང། མ་དང། ཕ་དང། མ་དང། ཕར་ཤེས་པ་དང། མྱུར་བ་ཁོ་ནར་བཟོད་པ་དང། ཚུལ་ཁྲིམས་དང། སྦྱིན་པ་སྦྱིན་ [79B] །མདོར་ན་ལས་ཐམས་ཅད་པ་ནི་བརྗོད་ནས་རིག་གཅོད་པར་འདོད་པ་དང། སེལ་བར་འདོད་བས་འདི་བརྗོད་ནས་ཏེ་འདི་ནི་ལས་ ཐམས་ཅད་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་རིག་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ ཀྱི་བདེ་བ་རྫོགས་པའི་ཆེད་དུ་རྟ་མགྲིན་རྒྱལ་པོའི་མགུལ་དུའོ་།བྱང་ཆུབ་སེམས་དཔའི་མཐུ་རྣམ་པར་བསྒྱིངས་བ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།དེ་ནས་འོད་དཔག་མེད་ མཐོང་བར་འདོད་ན་ཁ་ཚར་མ་བཅད་ཅིང་སྐྲ་དང་བྲལ་བའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པའི་ཚོན་གྱིས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ སུ་འཕགས་པ་འོད་དཔག་མེད་གསེར་ལྟར་སེར་བ། པདྨ་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་ཆོས་ཀྱི་འཁོར་ལོའི་གཞོགས་གཡོན་དུ་རྟ་མགྲིན་རྒྱལ་པོ་ ཞལ་རྣམ་པར་འགྱུར་བ། འཇིགས་པར་བྱེད་པ། གསུས་པ་འཕྱང་བ་པདྨ་ལ་བཞུགས་པ་འདྲིར་གཞུག་པ། མེ་དམར་སེར་འབར་བ་འཕྲོ་བཞིན་པ། རིན་པོ་ཆེའི་ཕྲེང་ བའི་མཆོད་ཕྱིར་ཐོགས་པ་ཅན། ལག་འགྲོའི་རྒྱན་གྱིས་བརྒྱན་པ་རལ་པ་འོད་དཔག་མེད་འཛིན་པ། སོར་མོས་ལོག་པར་འདྲེན་པ་ལ་སྡིགས་པར་བྱེད་པ། དེའི་རྒྱབ་ནས་ [80A]༄༅། །ལོག་པར་འདྲེན་པ་འབྲོས་པར་བྱེད་བཞིན་པའོ། །གཡས་ཀྱི་གཞོགས་སུ་རྣམ་པར་བརྒྱན་པ་སྤྱངས་པའི་སྣོད་དང། གོས་དང་ཕྱག་གཡས་པ་སྒྲུབ་ པ་པོ་ལ་དབུགས་འབྱིན་པར་མཛད་བཞིན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ། རལ་པའི་ཅོད་པན་འཆང་བའི་དབུས་སུ་འོད་དཔག་ མེད་མགོ་བོས་འཛིན་པར་བྱེད་པ། ཕ་རོལ་གནོན་པའོ། །འོད་དཔག་མེད་ཀྱི་སྟེང་གི་སྤྲིན་དེ་ལ་སྤྲིན་གསེབ་ནས་གནས་གཙང་མ་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་ གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་པདྨ་དེའང་ཀླུ་གཞོན་ནུ་རྣམས་ཀྱིས་འཛིན་པའོ། །འོག་ཏུ་ལག་ན་སྤོས་ཕོར་ཐོགས་པའི་སྒྲུབ་པ་པོ་བུས་མོ་གཉིས་བཙུགས་ པ་འོད་དཔག་མེད་ལ་རྣམ་པར་ལྟ་བཞིན་པའོ། །རི་མོའི་ལས་ཡོངས་སུ་རྫོགས་པ་དང་སྒྲུབ་པ་པོས་གཏོར་མ་དང། མར་མེ་དང། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཟླ་བ་ཉ་ ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྤྱངས་པའི་སྣོད་དང་གོས་འདི་ཉིད་ཀྱིས་རིག་པའི་རྒྱལ་པོ་རྟ་མགྲིན་བཀུག་ནས་མཆོད་ཡོན་ཕུལ་ཏེ་སྒྲུབ་པ་དང་ སླར་ཡང་གཤེགས་སུ་གསོལ་ཏེ་བ་སེར་སྐྱའི་མར་དང། པདྨའི་ས་བོན་དང། ནཱ་ག་གེ་སར་རྣམས་གཅིག་ཏུ་བྱས་ནས་ཉི་མ་བདུན་དུ་སྦྱིན་སྲེག་གྱིས་ཤིག་དེ་ནས་ [80B]ཁྲེས་ལ་ཉེ་བར་འདུག་པས་སྨོན་ལམ་གདབ་པར་བྱ་སྟེ། ཇི་སྲིད་དུ་ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་བ་དང་ མར་མེའི་རྩེ་མོ་འཕེལ་བ་དང། སྤྲིན་ལས་གུ་ལུ་གུ་ལུའི་སྒྲ་སྒྲོགས་པ་དང། མེ་ཏོག་གི་ཆར་རབ་ཏུ་འབེབས་པ་དང། ཙནྡན་གྱི་ཕྱེ་མའི་ཆར་འབེབས་པ་དང། དྲིལ་བུའི་ སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་པ་རིངས་པར་བཟླས་པར་བྱ་སྟེ་ཇི་སྲིད་དུ་རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་ པ་རྟ་མགྲིན་རིག་པ་ཐམས་ཅད་ཀྱིས་སྒྲུབ་པ་ས་ལ་འོང་བ་དེ་སྲིད་དུའོ། །དེ་ནས་སྒྲུབ་པ་པོས་མེ་ཏོག་དཀར་པོ་དང། དྲིའི་ཆུས་ཡོངས་སུ་བཀང་བའི་སྣོད་ཀྱིས་མཆོད་ཡོན་ ཕུལ་ནས་སྨོན་ལམ་གདབ་བོ། །འདི་སྐད་ཅེས་སྨྲས་སོ། །ཁྱོད་ལེགས་པར་འོངས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཆེད་ དུ་སླར་ཡང་ལེགས་པར་འོངས་སོ། །རྟ་མགྲིན་འདི་ནི་བརྩོན་འགྲུས་ཆེན་པོ་སྟོབས་དང། ཕ་རོལ་གནོན་པ་རིག་པའི་ཚོགས་ཐམས་ཅད་ཀྱིས་མཆོད་པའོ། །དེ་ནས་རིག་ པ་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་ལ་ལན་གསུམ་བསྐོར་བ་བྱས་ཏེ་པུས་མོ་བཙུགས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ལ་སྣང་བར་གྱུར་པ་གང་ཡིན་པ་ [81A]༄༅། །དེ་རྣམས་ལྷན་ཅིག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་གཡས་པ་སྒྲུབ་པ་པོའི་སྤྱི་བོར་ ཉུག་པར་མཛད་དེ་འདི་སྐད་ཅེས་གསུངས་སོ། །སྐྱེས་བུ་དམ་པ་བརྩོན་འགྲུས་ཆེན་པོ་སྟོབས་དང། ཕ་རོལ་གནོན་པ་ཁྱོད་ཀྱིས་གང་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་ པས་རིག་པའི་རྒྱལ་པོ་བསྒྲུབས་པ་ལེགས་སོ། །ལེགས་སོ། །ཁྱེད་ཅག་གིས་མངོན་པར་འདོད་པ་སྨྲོས་ཤིག་མཆོག་སྦྱིན་པར་བྱའོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ ལྡན་འདས། བདེ་བ་ཅན་དུ་འགྲོ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་འོད་དཔག་མེད་དེ་དང། བྱང་ཆུབ་སེམས་དཔའ་རྣམས་དང། འཇིག་རྟེན་གྱི་ཁམས་ སུའོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་གཡས་པ་བརྐྱང་སྟེ་སྒྲུབ་པ་པོ་ཕྱག་གཡས་པས་བཟུང་ནས་རྟ་མགྲིན་རྒྱལ་པོ་ལ་ཡང་ དག་པར་གཏད་པར་གྱུར་ཏོ། །རིག་པའི་རྒྱལ་པོ་ཆེན་པོ། སྐྱེས་བུ་དམ་པ་འདི་བཟུང་ནས་མེ་ཏོག་གི་ཆར་རབ་ཏུ་འབབ་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་ ཞིག་གང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེར་བསྟོད་དུ་བཅུག་ནས་སླར་ཡང་གྲུ་འཛིན་གང་ན་ [81B]དེ་ནས་རྟ་མགྲིན་རིག་པའི་རྒྱལ་པོས་སྒྲུབ་པ་པོ་བཟུང་ནས་མེ་ཏོག་གི་ཆར་འབེབས་པའི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སོང་སྟེ། སྒྲུབ་པ་པོས་ སྨྲས་པ། སྐྱེས་བུ་དམ་པ། དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་དེ་ལ་ལྟོས་ཤིག་ལྟོས་ཤིག་དེ་ནས་རིག་པའི་རྒྱལ་པོས་ དེར་བསྟོད་དུ་བཅུག་ནས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གྲུ་འཛིན་པ་དེར་འོང་བར་མཛད་དོ། །དེ་ནས་སྒྲུབ་པ་པོ་འཇིག་རྟེན་གྱི་ཁམས་དེར་འཕགས་ པ་འོད་དཔག་མེད་ཀྱི་དྲུང་དུ་ཆོས་ཉན་ནོ། །དངོས་གྲུབ་འདི་ནི་གནས་མ་ཡིན་པ་རྣམས་ལ་གང་སྦྱར་བར་མི་བྱ་སྟེ། གང་ཞིག་བྱེད་ན་དམ་ཚིག་ལས་འདའ་བར་འགྱུར་རོ་ཞེས་ བརྗོད་ནས་མཆོག་གི་སྒྲུབ་པ་རྣམས་ལ་འདི་གནས་མ་ཡིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ཏེ་དེའི་དམ་ཚིག་མེད་དོ། །ལས་དེ་རྣམས་ཐམས་ཅད་རྩ་བའི་སྔགས་ཀྱིས་བྱེད་དུ་ གཞུག་གོ་ཐལ་བས་ཐལ་བའི་རྭ་བའོ། །སྒྲོན་མེ་གསུམ་གྱིས་མེའི་རྭ་བའོ། །ཆུ་ལ་ལན་བདུན་མངོན་པར་སྔགས་པས་ནམ་མཁའི་བཅིང་བའོ། །ཡུངས་ཀར་དཀར་པོས་ས་ གཞི་བཅིང་བའོ། །ཏིལ་གྱི་སྦྱིན་སྲེག་གིས་ལོག་པར་འདྲེན་པ་ཐམས་ཅད་དབང་དུ་འགྱུར་རོ། །སྐེ་ཚེའི་སྦྱིན་སྲེག་གིས་ཡི་དྭགས་དང་ཤ་ཟ་ཐམས་ཅད་དབང་དུ་འགྱུར་རོ། །ཀ་ར་བའི་ [82A]༄༅། །རའི་མེ་ཏོག་གི་སྦྱིན་སྲེག་གིས་ཁྲོ་བོ་ཐམས་ཅད་འགྲུབ་པར་བྱེད་དོ། །མེ་ཏོག་ཐམས་ཅད་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་གིས་འཇིག་ རྟེན་པའི་རིག་པའི་རྒྱལ་པོ་ཐམས་ཅད་དབང་དུ་འགྱུར་རོ། །དཧུ་དཧུའི་སྦྱིན་སྲེག་གིས་དབང་ཕྱུག་ཆེན་པོ་དབང་དུ་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་དང། མཱ་ལཱི་ཏ་དང། སཽ་གནྡྷི་ དང། གུ་གུལ་བ་སེར་སྐྱའི་མར་དང་ལྷན་ཅིག་ཏུ་བྱས་ནས་སྦྱིན་སྲེག་བྱེད་ན་རིག་པ་ཐམས་ཅད་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང་ མིའམ་ཅི་དང། རྐང་གཉིས་དང། རྐང་བཞི་པ་ཐམས་ཅད་དབང་དུ་བྱེད་དོ། །གི་ཝང་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་ཐིག་ལེ་བྱས་ཏེ་མཆེ་བས་ཐ་དད་པར་ ཟ་བར་བྱེད་པ་དང། ཐ་སྙད་ལས་རྒྱལ་བར་བྱེད་དོ། །སྔར་བརྗོད་པའི་ཆོ་གས་བ་སེར་སྐྱའི་མར་བླངས་ནས་ལུས་ལ་མངོན་པར་བྱུགས་ཏེ་མེར་རབ་ཏུ་འཇུག་པར་བྱེད་དོ། ། སེང་ལྡེང་ལས་བྱུང་བའི་རྡོ་རྗེ་བླངས་ཏེ་ཧཱུཾ་ཡིག་དང་ལྷན་ཅིག་པས་ཕུག་གི་སྒོར་ལྷ་མ་ཡིན་གྱི་བུ་མོ་བྱུང་བ་དང། རབ་ཏུ་ཞུགས་པའི་འཁོར་ལོའི་འཇིགས་པ་མི་འབྱུང་ངོ། །གལ་ ཏེ་འཁོར་ལོ་རབ་ཏུ་འཇུག་པར་བྱེད་ན་དམ་ཚིག་དྲན་པས་ཧཱུཾ་ཡིག་གི་ཕུང་པོས་འཁོར་ལོ་ཕྱེ་མར་བྱས་པར་འགྱུར་རོ། །དེ་ནས་རིལ་བུའི་སྒྲུབ་པ་འབྱུང་སྟེ་རིག་པ་འཛིན་པ་རིལ་ [82B] མེ་ཏོག་ལྔ་པ་དང། པདྨ་གེ་སར་དང། འབྲས་སཱ་ལུ་དམར་པོའི་ཕུབ་མ་དང་ཀཏྣི་ཀའི་མྱུ་གུ་དང། ཎཱུ་ཀའི་ས་བོན་དང། འབྲུ་དང། མ་ ཤའི་མྱུ་གུ་དང། རུ་རྟ་དང། རྒྱ་སྤོས་དང། ཏུ་རུཥྐའི་ཏིལ་མར་རྣམས་གཅིག་ཏུ་བྱས་ཏེ་ཆ་མཉམ་པ་གཅིག་ཏུ་བྱས་ནས་རྒྱུད་མཚུངས་པའི་བ་སེར་སྐྱའི་འོ་མ་ལ་གསོ་སྦྱོང་ཅན་ གྱིས་སེར་སྐྱ་དེ་ལ་རྣམ་པར་དབེན་པར་རྩ་བའི་སྔགས་སུ་བཟླས་ནས་ཁྱིམ་དུ་བཏགས་ཏེ་ལེགས་པར་བཙགས་པའི་ཆུ་ལ་མངོན་པར་སྔགས་ནས་ཉི་མ་བདུན་དུ་སྤྱད་པར་བྱའོ། ། ཁྱིམ་དུའམ། རྣམ་པར་དབེན་པའི་ཕྱོགས་སུའང་རུང་སྟེ་དེ་ནས་སྲུང་བ་བྱས་པའི་བ་ལང་གི་རྫི་དེས་བ་བཞོ་བར་བྱའོ། །དེ་ནས་འོ་མ་དེ་གཙང་མའི་ཕྱོགས་སུ་རྣམ་པར་དབེན་པར་ བུམ་པ་ལ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་བྲམ་ཟེའི་བུ་མོའི་ལག་སྲུབ་པར་བྱེད་དུ་གཞུག་གོ་མར་དེས་རྫས་རྣམས་བཏགས་པ་བྱས་ཏེ་ལྕགས་གསུམ་གྱིས་ཡོངས་ སུ་དཀྲིས་པ་བྱས་ནས་དེའང་བ་སེར་སྐྱའི་བ་བྱུང་ལྔར་རིལ་བུར་མཚན་མོ་གཅིག་ཏུ་བཅུག་ནས་གཞག་པར་བྱའོ། །དེ་ནས་བཏོན་ནས་དྲིའི་ཆུ་ལས་གཞག་པར་བྱའོ། །བཀྲུས་ཏེ་པདྨའི་ འདབ་མར་གི་ཝང་གིས་བྱུགས་ལ་གཞག་པར་བྱའོ། །དེ་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་སྲུང་བའི་ཆོ་ག་བྱས་པས་གཏོར་མ་དང། མར་མེ་དང། མཆོད་པའི་ཆོ་ [83A]༄༅། །ག་རྒྱ་ཆེན་པོ་བྱས་ཏེ་དེ་ནས་རིག་པ་འཛིན་པས་ལག་པ་གཉིས་ཀས་པདྨའི་འདབ་མ་རྣམས་ཀྱི་རིལ་བུ་བརྒྱད་བླངས་ཏེ་པདྨ་ཁ་སྦྱོར་དུ་བཞག་ནས་ བ་སེར་སྐྱའི་མར་དེ་ཉིད་མཱ་ལ་ཏིའི་མེ་ཏོག་དང་གཅིག་ཏུ་བྱས་ནས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་རྩ་བའི་སྔགས་ཀྱིས་རང་གི་ལྷ་སྤྱན་དྲང་བ་བྱས་ནས་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དུ་བ་འཐུལ་བར་བྱེད་པ། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དུ་བ་འཐུལ་བཞིན་པས་ མི་སྣང་བ་དང། དབང་དུ་བྱེད་པ་དང། ནམ་མཁའ་ལ་འགྲོ་བའི་རིག་པ་འཛིན་པར་འགྱུར་རོ། །ཉི་མ་འཆར་ཀ་དང་མཚུངས་པའི་འོད་ཀྱིས་རིག་པ་འཛིན་པ་མཚན་ ཐམས་ཅད་ཡང་དག་པར་རྫོགས་པ་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་ འཆི་བ་དེའི་ཚེ་རྒྱལ་རིགས་ཀྱི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །འདི་ཉིད་ཀྱིས་པདྨའི་ས་བོན་དང་པཎྜཱི་ཏ་ཀ་རའི་ས་བོན་དང། ཏུ་རུཥྐ་དང། ཨ་ ག་རུ་ནག་པོ་དང། ཙནྡན་དམར་པོ་དང། སཽ་གནྡྷི་ཀ་དང། མཱ་ལའི་མེ་ཏོག་དང། གུར་གུམ་དང། ལྡོང་རོས་དང། གི་ཝང་རྣམས་པ་སེར་སྐྱའི་བ་བྱུང་རྣམས་གཞོན་ [83B]པར་བྱའོ། །དེ་ནས་རིག་པ་འཛིན་པས་པྲི་ཡང་ཀུའི་ཤིང་བླངས་ནས་ཁང་པ་བརྩེགས་པ་གཙང་མར་ཤིང་ བཟོ་བ་གསོ་སྦྱོང་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དབང་པོ་མ་ཚང་བ་མ་ཡིན་པའི་ལག་པས་ཟ་མ་ཏོག་བྱེད་དུ་གཞུག་གོ་ཟ་མ་ཏོག་དེར་རིལ་བུ་ཉི་ཤུ་རྩ་གཅིག་བཅུག་ ནས་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མའང་ཕུལ་ནས་ཟ་མ་ཏོག་བླངས་ཏེ་གོས་གཙང་མ་གཡོགས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་ པ་རིག་པའི་ལྷ་རྣམས་སྤྱན་དྲང་བར་བྱས་ནས་ཇི་སྲིད་དུ་དྲོ་བར་བྱེད་པ་དང། དུ་བ་འཐུལ་བར་བྱེད་པ་དང། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་ དབང་དུ་བྱེད་དོ། །མི་སྣང་བར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་རིག་པ་འཛིན་པ་གཞོན་ནུའི་མཆོག་གཅིག་གོ་འབར་བར་བྱེད་པ་ནི་རིག་པ་འཛིན་པ་དྲུག་དང་ལྷན་ ཅིག་འགྲོ་སྟེ་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལྷུན་པོའི་རྩེ་མོར་རྩེ་བར་བྱེད། དགའ་བར་བྱེད། དགའ་མ་གུར་ཡོངས་སུ་སྤྱོད་པར་བྱེད་དོ། །ལོ་སྟོང་ཕྲག་ ལྔར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །འདི་ཉིད་ཀྱིས་མིག་སྨན་ལྡོང་རོས་སྒྲུབ་པར་བྱེད་དོ། །དཀར་ [84A]༄༅། །པོའི་བཅོ་ལྔ་ལ་དཔའ་བོའི་རིན་གྱིས་ཉོས་པའི་གི་ཝང་བླངས་ནས་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་ཉི་མ་གུང་ལ་བྲམ་ཟེའི་བུ་མོ་གསོ་ སྦྱོང་ཅན་གྱིས་པདྨའི་འདབ་མས་བ་སེར་སྐྱའི་འོ་མས་བཏགས་པར་བྱའོ། །རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞུགས་ནས་སྲུང་ བའི་ཆོ་ག་བྱས་པས་རང་གི་ལྷ་རྣམས་སྤྱན་དྲངས་པར་བྱས་ཏེ་མཆོད་ཡོན་དང། གདན་ཕུལ་ནས་པྲི་ཡང་ཀུའི་མེ་ཏོག་དང། བ་སེར་སྐྱའི་འོ་མས་སྲེག་བླུགས་བདུན་ སྦྱིན་སྲེག་གྱིས་ཤིག། ལྷ་རྣམས་ཚིམ་པར་བྱེད་པ་བྱས་ནས་སླར་ཡང་ལྷ་དེ་རྣམས་མདུན་དུ་པདྨ་ཁ་སྦྱོར་དུ་རིལ་བུ་བཅུག་ནས་ཇི་སྲིད་དུ་དུ་བ་འཐུལ་བ་དང། དྲོ་ བར་བྱེད་པ་དང། འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ་།དྲོ་བཞིན་པ་ལ་ནི་ཐིག་ལེ་བྱས་པའི་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་ ནི་མི་སྣང་བར་འགྱུར་རོ། །རབ་ཏུ་འབར་བས་ཐིག་ལེ་བྱས་ནས་རིག་པ་འཛིན་པ་དྲུག་གིས་ཡོངས་སུ་བསྐོར་བའི་རིག་པ་འཛིན་པའི་བུ་མོ་རྣམས་ཀྱིས་ལྷན་ཅིག་རྩེ་བར་ བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་ནོར་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་ཡང་འགྱུར་རོ། །ཏིལ་གྱི་སྦྱིན་སྲེག་གྱིས་ཤིག་ཀླུ་དབང་དུ་འགྱུར་རོ། །ཉ་དང་ [84B]ཡི་དྭགས་དབང་དུ་འགྱུར་རོ། །མཱ་ལ་ཏིའི་མེ་ཏོག་གི་སྦྱིན་སྲེག་བྱེད་ན་ལྷ་མོ་ཆུས་བྱུང་དབང་དུ་འགྱུར་རོ། །པྲི་ཡང་ཀུའི་མེ་ཏོག་གི་སྦྱིན་སྲེག་གྱིས་ ཤིག་ལྷ་དབང་དུ་འགྱུར་རོ། །སཽ་གནྡྷི་ཀའི་སྦྱིན་སྲེག་བྱེད་ན་གནོད་སྦྱིན་དབང་དུ་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་སྔགས་པས་གང་གི་སྤྱི་བོར་བྱིན་ པ་དེ་དབང་དུ་འགྱུར་རོ། །གདོན་གྱིས་ཟིན་པ་དང། རིམས་ཀྱིས་བཏབ་པ་དང། སྲིན་པོས་ཟིན་པའི་མདུན་དུ་སྐྱེ་ཚེ་ལ་ལན་བདུན་མངོན་པར་སྔགས་པས་སྦྱིན་སྲེག་བྱེད་ཅིང་ དེའི་ཐལ་བས་སྣུན་པར་བྱེད་ན་གྲོལ་བར་འགྱུར་རོ། །རྟ་མགྲིན་རྒྱལ་བའི་ཆོ་ག་ཞིབ་མོ་འྡིའང་རྫོགས་སོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་མཐུ་བསྒྱིངས་པ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པ་ཐམས་ཅད་དུ་འགྱུར་བ་དེ་འབྱུང་སྟེ་རིག་པའི་རྒྱལ་པོ་གང་ལ་ཆོ་ག་མེད་པ་དེ་རྣམས་ཆོ་ག་འདི་ཉིད་ཀྱིས་ སྒྲུབ་པ་དང། རྟོག་པའི་རྒྱལ་པོ་དེ་ཉིད་ཀྱིས་ཐམས་ཅད་བྱས་ཏེ་མདོར་ན། མཚམས་མེད་པ་ལྔ་བྱས་པའང་ལན་གསུམ་གྱིས་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུ། གང་དད་པ་ དང་ལྡན་པ། སེར་སྣ་མེད་པ། གཡོ་མེད་པ། ཕྲ་མ་མེད་པ། རིག་པའི་རྒྱལ་པོ་ལ་གུས་པའི་གང་རྟོག་པ་པ་ལ་མཆོད་པར་བྱེད་པ་དང། ཀློག་པར་བྱེད་པ་དང། ཁ་ཏོན་བྱེད་པ་ [85A]༄༅། །དང། གཞན་ལ་སྟོན་པར་བྱེད་པ་དང། སེར་སྣ་མེད་པར་གྱུར་ནས་སྐྱེ་བ་དྲན་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ དང། སངས་རྒྱས་དང། ཆོས་དང། དགེ་འདུན་ལ་མངོན་པར་དད་པའོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་རྟ་མགྲིན་རྒྱལ་པོའི་ཆོ་ག་ཞིབ་མོའོ། །སླར་ཡང་དུས་དེ་ནས་ ཤར་གྱི་ཕྱོགས་ཀྱི་ཆ་ནས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ་མ་མི་འཁྲུགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གཞལ་བར་བྱ་བ་དང། བགྲང་ བར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབས་པའི་སྟོབས་ ཀྱིས་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་འདིར་གསང་སྔགས་ཐོབ་པ་གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་བཞུགས་པ་གླིང་བཞི་པ་བར་མ་འདི་ཉིད་དུ་འོངས་ནས་ཇི་ལྟར་བྱུང་བའི་པདྨའི་གདན་ལ་གནས་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཇི་ལྟར་འཕེལ་བའི་སྟོབས་དང། སྒྲུབ་པས་པདྨའི་གདན་དེ་ལ་བཞུགས་སོ། །དེ་ལྟ་བུ་ལ་སོགས་པ་གཞལ་དུ་མེད་ཅིང་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ [85B]བཞུགས་པ་དེ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གླིང་བཞི་པ་བར་མའི་སངས་རྒྱས་ཀྱི་ཞིང་དུའོ། ། དེ་ནས་མི་འཁྲུགས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་རྟོག་པའི་རྒྱལ་པོ་ཆེན་པོའི་རྒྱུད་ཕྱི་མ་འདིར་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ གི་སྔགས་ཀྱི་སྤྱོད་པ་ལ་སོ་སོར་རྗེས་སུ་ཡི་རང་བའི་ཆེད་དང་བསྲུང་བ་དང། བསྐྱབ་པ་དང། སྦ་བའི་ཆེད་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པའི་ཆེད་དང། བཅོམ་ ལྡན་འདས་མ་འཕགས་མ་སྒྲོལ་མའི་དངོས་གྲུབ་ཀྱི་ཆེད་དུ་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབས་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ ཨཀྵོ་བྷྱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ་ཏདྱ་ཐཱ། ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲ་ཏ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན་སརྦ་ཀརྨ་པ་རཾ་པ་རཱ་ཎི་སཱཧཱ་ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་སཱུརྱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཙནྟྲེ། མ་ཏི་ཙནྟྲེ། ཀ་ར་ཎེ། མི་ལཱ་མི་ལཱ། བུདྡྷ་ཨ་དཧི་ཥྛི་ཏི། སི་ལི་སི་ལི། དྷརྨ་ཨ་དྷིཥྛི་ཏེ་ ཀི་ལི་ཀི་ལི། སཾ་གྷ་ཨ་དྷིཥྛི་ཏེ་སཱཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་འདིའི་མཚན་འཛིན་པར་འགྱུར་བ་དང། རྟག་ཏུ་རྒྱུན་མི་འཆད་པ་བསྐལ་ [86A]༄༅། །པར་བརྗོད་དེ་ཡིད་ལ་བྱེད་པར་འགྱུར་བ་དེ་བསྐལ་པ་སྟོང་ཕྲག་བཞི་བཅུར་འཚོ་བར་བྱེད་དོ། །སྐྱེ་བ་དྲན་པར་འགྱུར་རོ་།བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ ཐོབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཔུཥྤེ་ཀེ་ཏ་བེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ་པུཥྤེ་པུཥྤེ་པུཥྤེ་པུཥྤེ་པུཥྤེ་པུཥྤེ་པུཥྤེ་སཱཧཱ། གཟུངས་འདི་མེ་ ཏོག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཆོ་ག་ཇི་ལྟ་བ་དང། འདུ་ཤེས་ཇི་ལྟ་བ་བཞིན་དུ་བྱས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རབ་ཏུ་གཏོར་བར་བྱའོ། །དེའི་ མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསརྦ་ནི་བ་ར་ཎ། བིཥྐཾ་བཧི་ནེ་ཏ་ཐཱ་ག་ཏཱ་ཡ་ ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། སྥུ་ཊ་སྥུ་ཊ། སྥུ་ཊནྟུ་མེ། སརྦ་པཱ་པཱ་ནི། སརྦ་བུདྡྷ་ས་ཏྱེ་ན། དྷརྨྨ་ས་ཏྱེ་ན། སཾ་གྷ་ས་ཏྱེ་ན། ཨིནྟྲ་ས་ཏྱེ་ན། བ་རུ་ཎ་ས་ཏྱེ་ན་ཡེ་ལོ་ཀ་ས་ཏྱེ་ན་ བའི་ར་ཎ་ས་ཏྱེ་ན། ས་ཏྱ་ས་ཙ་ནེ་ན་སྥུ་ཊནྟུ། སརྦ་པཱ་པཱ་ནི་སརྦ་བུདྡྷ་ཨ་དྷིཥྛི་ནེ་ན་སཱཧཱ། མཚན་མོ་ཉི་ཤུ་རྩ་གཅིག་གིས་ལས་ཐམས་ཅད་ཟད་པར་བྱེད་དོ། །ཉིན་མོ་དང། མཚན་མོ་ གསུམ་བྱས་ནས་དྲུག་ཏུ་རབ་ཏུ་སྦྱོར་བས་མཚམས་མེད་པ་ངེས་པར་ཟད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་རོ་ཙ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ་ [86B] བོ་དཧི་སཏཱ་ཡ། མཧཱ་སཏ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཧུ་རུ་ཧུ་རུ་བཻ་རོ་ཙ་ན། རསྣི་སཉྩོ་དི་དེ། ཨཱ་གཙྪ་ཨཱརྱ་ཨཱ་ཀཱ་ཤ་གརྦྷ་མཧཱ་ཀཱ་རུ་ ཎི་ཀ་པཱུ་ར་ཡ། ཤུ་བཾ། དརཤ་ཡ། བུདྡྷ་བི་ཥ་ཡཾ་ར་ཙ་ར་ཙ་ར། ཙི་རི་ཙི་རི་སཱཧཱ། འདི་ནི་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་བཀླགས་པ་འགྲུབ་པ་སྟེ། སྐྲག་པ་ དང། རྒྱན་པོ་དང། དུག་དང། དུག་བརྟན་པོ་དང། བྱད་སྟེམས་དང། རྒྱལ་པོ་དང། ཆོམ་རྐུན་ལ་སོགས་པ་རྣམས་གནོན་པར་བྱེད་དོ་།གང་དུ་བྲིས་པ་གནས་པའམ་ མགོ་དང། ལག་པས་བཅང་བར་བྱེད་པ་དེ་ལ་ཉེ་བར་འཚེ་བ་དང་ནད་འགོ་བ་ཐམས་ཅད་མི་འབྱུང་ངོ། །འདི་རྟག་ཏུ་བཟླས་པས་དྲི་མ་མེད་པའི་ཏིང་ངེ་འཛིན་སོ་སོར་ རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བེ་རོ་ཙ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱ་ཀཱ་ཤ་གརྦྷ་ཡ། བོ་དཧི་སཏ་ཡ་མཧཱ་སཏ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བཛྲམྦུ་བཛྲམྦུ། བཛྲ་དཧྭ་ཛེ། ཤཱུ་ ནྱ་ཏཱ་པྲ་དེ་ཤེ་བཻ་རོ་ཙ་ན་གརྦྷེ་སཉྩ་ཨིནྡྲ་ཡ་ཤོ་དྷ་ནེ་སཱཧཱ། ཆོ་ག་ནི་རྟག་ཏུ་བཟླས་པས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སོ་སོར་རྙེད་དོ། །བདུད་ཐམས་ཅད་ དང། ཕྱིར་རྒོལ་བ་ཐམས་ཅད་དང། དགྲ་ཐམས་ཅད་དང། བགེགས་དང། ལོག་པར་འདྲེན་པ་ཐམས་ཅད་ཀྱིས་ཐུབ་པར་དཀའ་བར་འགྱུར་རོ་།དེ་བཞིན་དུ་གང་བྲིས་ [87A]༄༅། །ནས་ལག་ཏུ་བཅང་བར་བྱེད་པ་དེའང་ཡོན་ཏན་འདི་རྣམས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ན་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎི་བི་ཤུདྡྷེ་སཱཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་རྟག་ཏུ་བཟླས་ པས་སྡིག་པ་ཐམས་ཅད་གྲོལ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་པས་སྐྱེ་བ་བཞིར་སྐྱེ་བ་དྲན་པར་འགྱུར་རོ། །ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ ཐུག་གི་བར་དུ་དགེ་བའི་རྩ་བ་ཡོངས་སུ་ཟད་པར་འགྲོ་བར་མི་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏི་ཨཱརྱ་པྲཛྙཱ་པ་ར་མི་ཏཱ་ཡེ། ཨོཾ་ཤྲུ་ཏི། སྨྲྀ་ཏི། བི་ཛ་ཡེ་ སཱཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་འགྱུར་རོ། །འདིའི་ཆོ་ག་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞུགས་ནས་ དེའི་མདུན་དུ་ས་ལ་མ་ལྷུང་བའི་བ་སེར་སྐྱའི་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་གནས་དེར་མཆོད་པ་རྒྱ་ཆེན་པོ་བྱས་ ནས་བའི་མར་གྱིས་མར་མེ་ཕུལ་ཏེ་བྱ་བ་ཡིད་ལ་དྲན་པར་གྱུར་པས་གདོན་པར་བྱའོ། །དེ་ཉིད་དུ་ཀུ་ཤ་བཏིང་ནས་གསེར་གྱི་ཁ་དོག་གི་དེ་བཞིན་གཤེགས་པའི་ [87B] །དེ་འདི་ལ་ཡང་དག་པར་ལྟ་བ་བཞིན་སྟོན་པར་བྱེད་དོ། །ཐོ་རངས་སམ། མཚན་མོ་ཉིད་དུའང་རུང་སྟེ་ཚིག་ཏུ་གདོན་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པར་ བསྒོམ་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏ་ཡ། མཧཱ་སཏ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཛ་ཡེ་ཛ་ཡེ་མཧཱ་ཛ་ཡེ། ཛ་ཡ་བཱ་ ཧཱི་ནི། ཛ་ལ་ཨུཏྟ་རེ། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ་ཧུ་ལུ་ཧུ་ལུ། ཀྵི་ཎི་ཀྵི་ཎི། སརྦ་ཀརྨྨ་ཨཱ་བ་ར་ཎཱ་ནི། མེ་བི་ཤོ་དྷ་ཡ། བྷ་ག་བ་ཏེ། ས་ཧ་སྲ། ཨཱ་བརྟ། སརྦ་ བུད་དྷ་ཨ་བ་ལོ་ཀི་ཏེ། ཙཀྵུ། ཤྲོ་ཏྲ། གྷྲཱ་ཎ། ཛི་ཧཱ་ཀཱ་ཡ། མ་ནོ་བི་ཛྙཱ་ན། ཤོ་དྷ་ནི། སུ་རུ་སུ་རུ། པྲ་སུ་ར་པྲ་སུ་ར། སརྦ་བུད་དྷ། ཨ་དྷིཥྛི་ཏེ་སཱཧཱ། དྷརྨ་དྷ་ཏུ་གརྦྷེ་སཱཧཱ། ཨ་བྷཱ་ བ༑ སརྦ་དྷརྨ་ཨ་བི་བཧེ་ད་ནི་སཱཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་མཚན་མོ་གཅིག་ཏུ་དྲན་པར་བྱས་ནས་རྟག་ཏུ་བཟླས་པས་བསྐལ་པ་སྟོང་དུ་བསགས་པའི་སྒྲིབ་ པའང་ཟད་པར་འགྱུར་རོ། །སངས་རྒྱས་སྟོང་གིས་ཉེ་བར་བསགས་པའི་དགེ་བའི་རྩ་བར་འགྱུར་རོ། །བསྐལ་པ་སྟོང་གི་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་དོ། །སྐྱེ་བ་དཇེས་ཏེ་ ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །མིའི་རྒྱལ་སྲིད་དམ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་འགྱུར་རོ། །ཉི་མ་ཉི་ཤུ་རྩ་གཅིག་བཟླས་པས་ཇི་ལྟར་འདོད་ [88A]༄༅། །པའི་རྨི་ལམ་མཐོང་བར་བྱེད་དོ། །འདི་ནི་སྟོང་འཁྱིལ་བ་ཞེས་བྱ་བའི་གཟུངས་ཡིན་ཏེ་ཕན་ཡོན་ཆེན་པོ་བྱང་ཆུབ་སེམས་དཔའ་ཡང་དག་པར་ བརྗོད་པའི་མདོ་བཀླག་པར་བྱ། རྟག་ཏུ་ཡིད་ལ་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མསཾ་གྷཱ་ཡ་ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏཱ་ ཡ༑ མ་ཧཱ་སཏཱ་ཡ། སྭེ་ཏཱ་ཡ། སྭེ་ཏཱ་བྷཱུ་ཛཱ་ཡ། དྷ་ད་ཤ་བཧུ་ཛཱ་ཡ། ཨེ་ཧི་ཨེ་ཧི། བྷ་ག་ཝན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བུདྡྷ་བུདྡྷ་བུདྡྷ། ཨཱརྱ་མ་ནུ་སྨ་ར། བུདྡྷ་མ་ ནུ་སྨ་ར། དྷརྨ་སཏ་མ་ནུ་སྨ་ར། སཾ་སཏྱ་མ་ནུ་སྨ་ར་ཏདྱ་ཐཱ། ན་ཏུ་ན་ཏུ། ཀི་ཎི་ཀི་ཎི། ཏུ་རུ་ཏུ་རུ། བྷྱོ་བྷྱོ། ཀུ་རུ་ཀུ་རུ། སརྦ་སརྦཾ། མེ་སཱ་དྷ་ཡཾ། ཧི་རི་མི་རི་ཊི་ཊི། ནི་ ནི༑ མ་མ་ས་པ་རི་བཱ་ར་སྱ། སི་དྷྱནྟུ། མནྟྲ་པ་དཱ་སཱཧཱ་དེ་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་གཟུངས་འདི་གསུངས་ནས་བྱང་ཆུབ་སེམས་དཔའ་ སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩ་བའི་རིག་པའི་གཟུངས་འདི་ནི་བཀླགས་པས་འགྲུབ་ པ༑ མ་བསྒྲུབས་པར་ཡང་ལས་རྣམས་འབྱུང་བ་སྟེ་ཟླ་བ་ཉ་ལ་གསོ་སྦྱོང་ཅན་གྱིས་ཉིན་མཚན་དུ་སྨྱུང་བར་གནས་ཀྱང་རུང་ངོ་།སྤྱན་རས་གཟིགས་དབང་ [88B]ནས་ཏིལ་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དེ་བཞིན་དུ་ཉི་མ་བདུན་དུ་ལན་རེའམ། ཐུན་གསུམ་ དུ་བྱས་ན་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་འགྱུར་རོ་།མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ ཤིག་ཕྱོགས་སམ། ཟླ་བར་ཡུལ་གྱི་དོན་དུ་གྲོག་མཁར་བདུན་གྱི་རྩེ་མོ་སོང་ནས་རེ་རེ་འཛེགས་ཏེ་ཉི་མ་སྔ་དྲོ་ནས་ཇི་སྲིད་ཕྱི་དྲོའི་བར་བཟླས་པར་བྱའོ། །མཚམས་ མེད་པ་གྲོལ་བར་བྱེད་དོ། །བུ་འདོད་ན་འོ་མའི་སྦྱིན་སྲེག་གྱིས་ཤིག་།མཚན་ཐམས་ཅད་ཡང་དག་པར་རྫོགས་པའི་ཁྱེའུ་འབྱུང་ངོ་།གཟུངས་འདི་ཉིད་ཀྱིས་བདག་ཉིད་ སྲུང་བ་དང། གནོད་པས་གདོན་འབྲོས་པར་བྱེད་པ་ལ་བྱབས་པས་སམ་རྫས་སུ་བཅིངས་པས་ཀྱང་རུང་ངོ། །ཡང་ན་ཆོམ་རྐུན་ཐམས་ཅད་དབང་དུ་འགྱུར་རོ། །རྟག་ པར་རྒྱུན་དུ་ཟློས་བཞིན་པ་ནི་ནོར་ཉེ་བར་བསགས་པར་འགྱུར་ཞིང་དགྲ་རྣམས་ལས་ཀྱང་རྒྱལ་བར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་སླར་ ཡང་ལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་གསུངས་པ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿ་སཾ་གྷ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། བི་མ་ལེ་ [89A]༄༅། །ནིར་མ་ལེ། ཤོ་དྷ་ནི། ཀཱ་ཙ་ཏི། མི་ར་བ་ཊ་ལ། སརྦ་ནི་རོ་གབི་ན་ཤ་ནི་ཙྪ་ད་ནི། ཙྪ་ད་ནི། བཱ་ཏ་ས་མུཏྛི་ཏཾ་བ་ཏ་ས་མུ་ཏིཥྛ་ཏཾ། ཤླེཥྨ། སནྣི་པཱ་ཏ་ས་ མུཏྛི་ཏཾ་སརྦ་ནཱ་ཤ་ནི། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་སྱ་ཏེ་ཛ་ན་ན་སྱནྟུ། ཨཀྵི་རོ་གསཱཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་ འཁོར་བྱས་ནས་མི་སྣང་བར་གྱུར་ནས་ལག་པའམ། ཀུ་ཤ་ལ་བརྒྱད་བརྒྱར་ཡོངས་སུ་སྔགས་ནས་མིག་ལ་བྱབ་པར་བྱའོ། །ལོང་བས་ཀྱང་མིག་སོ་སོར་རྙེད་དོ། ། ཟླ་བ་དྲུག་གིས་རྟག་ཏུ་དྲན་པར་བྱེད་ན་མིག་ནད་འབྱུང་བར་མི་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ ཕྱུག་དང། གྲུ་འཛིན་ན་གནས་པའི་འཁོར་ཆེན་པོ་ལ་ལེགས་པར་གཟིགས་ནས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ལ་བཀའ་སྩལ་པ་རིགས་ཀྱི་བུ། གྲུབ་པའི་ གཟུངས་ཀྱི་སྔགས་ཀྱི་ཚིག་འདི་ནི་རྟོག་པའི་རྒྱལ་པོས་རྒྱུད་ཕྱི་མ་འདིར་བརྗོད་པ་སྔོན་གྱི་སངས་རྒྱས་ཀྱིས་གསུངས་པ་སྟེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་ མའི་སྒྲུབ་པ་པོས་རྟག་ཏུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཆོས་གོས་ཀྱི་རྣ་བའམ། གོས་ཀྱི་མཐའ་ལ་མདུད་པ་བྱའོ། །གང་ལ་ [89B]གཅིག་བརྗོད་ནས་གསུམ་གྱི་གོས་ལ་བགོས་པས་དགྲ་དབང་དུ་ཉེ་བར་འགྲོ་བར་འདོད་པ་དང། གདུག་ པ་ཐམས་ཅད་རེངས་པར་འདོད་པ་དང། དངོས་གྲུབ་ཐམས་ཅད་རྟོགས་པར་འདོད་པ་དང། དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་དང། རྒྱལ་པོའི་ ཕོ་བྲང་དུ་འཇུག་པར་འདོད་པ་དང། མི་མཛའ་བ་རྣམ་པར་འཇོམས་པར་འདོད་པ་དེ་ཅིའི་རྒྱུ་དང། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཅན་དོན་ཐམས་ཅད་བྱ་ བ་ལ་རབ་ཏུ་འཇུག་པ་འཛིན་པར་བྱེད་དོ། །དེ་ལ་ཡིད་ལ་གྲུབ་པའི་གཟུངས་ཀྱི་སྔགས་ཀྱི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ སམྱཀྶཾ་བུདྡྷ་ཡ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དཧི་སཏ་ཡ། མཧཱ་སཏ་ཡ། ན་མ་ཨཱརྱ་མཧཱ་སྠཱ་མ་པྲཔྟཱ་ཡ། བོ་དཧི་སཏ། བ་མཱ་ནེ་ཏྲནྣ་མ་སྱཱ་མིཏཱནྣ་མཿ་སྱཱ་མི་བཱ་མ་ནེ། པི་ཤཱ་ཙི་ པརྞ་ཤ་ཝ་རི། པརྞ་ཤ་ཝ་རི། པི་ཤཱ་ཙ། བྷ་ག་བ་ཏི། པཱ་ཤ་ཧ་སྟ། པརཤུ་དྷ་ར་ཎི། ཡཱ་ནེ། ཀཱ་ནི། ཚྪ་ཏ། བྷ་ཡ་ནི། ཨུཏྤ་ཏྱནྟེ། ཡཀྵ་ཤྩ། རི་ཏཱ་ཡོ། ཡཱ་ཀ་ཤྩི་ཏ། མཧཱ་བཱ་དཡོ། ཡཱེ་ཀེ་ཙི་ ཏ༑ ཨུ་པ་དྲ་བི་ཀི། ཡེ་ཀེ་ཙི་ཏ། ཨཱརྱ་བཀྵ། ཡེ་ཀ་ཙ་ཏ་ཨུ་པ་སརྒ། ཨ་ཨུ་པ་སརྒ། སམྦྷ་དྷ་བ། ཨཏྦ་ཏྱནྟེ། སརྦྦ་ཎི་ཏཱ་ནེ། སརྦཱཾ་སྟཾ། སརྦེ་ཏེ། བཱ་ལ་ཏ་དྷ་ན། ཨུཏྤ་ཏྱནྟེ་ན། པཎྜི་ [90A]༄༅། །ཏ༑ ཨ་ནེ་ན། ས་ཏྱེ་ན། སཏྱ་བཱ་ཀེ་ན། ཨི་བྷིཔཎྜི་ཏ། ཨ་དྷིཥྛ་ཏཻརྨནྟྲ་པ་རཻརྨ་མ་རཀྵི་ཀུ་རུ་པ་རི་ཏྲ་ཎཾ་ཀུ་རུ་པ་རི་གྲ་ཧཾ་ཀུ་རུ་པ་རི་གྲ་ཧཾ་ཀུ་རུ་པ་ རི་པཱ་ལན་ཀུ་རུ་སསྟི་ཡ་ནཾ་ཀུ་རུ་དཎྜི་པ་རི་ཧ་རཾ། ཀུ་རུ་བི་ཥ་པ་རི་ཧ་རཾ་ཀུ་རུ། བི་དབུ་ཥ་ཎཾ་ཀུ་རུ། བི་ཥ་ན་ཤ་ཎཾ་ཀུ་རུ། ཏདྱ་ཐཱ། ཨ་མྲྀ་ཏེ་ཨ་སྭ་ཏརྒེ་མ། མ་ར་མ་ར་ས་མ་པྲ་ས་མ། ཨུ་པ་ ས་མ། ཏུ་ན་བི་ཏུ་ནུ། ཏུ་ལེ་ཏུ་མུ་ལེ། མམ་སརྦ་སཏཱ་ནཱཉྩ་རཀྵཾ་ཀུ་རུ་སཱཧཱ། འདི་ནི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བའི་གཟུངས་ཏེ་བཟླས་པ་དང། སྦྱིན་སྲེག་གིས་ནད་ཐམས་ཅད་དང་ གདོན་ཐམས་ཅད་དང། ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་དོ་།འདི་ལྟ་སྟེ། མི་རྣམས་ལ་ཡམས་ཀྱིས་ཉེ་བར་འཚེ་བ་ལ་ཤིང་ཤ་མའི་ཡམ་ཤིང་གིས་མེ་རབ་ཏུ་ སྦར་ནས་གང་བའི་སྲེག་བླུགས་སྟོང་ཕྲག་བརྒྱད་ཐུན་གསུམ་དུ་ཇི་ལྟར་ནུས་པས་སྦྱིན་སྲེག་ཕྱིས་ཤིག་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ལ་མཆོད་པ་བྱས་ནས་རི་ཁྲོད་ལོ་མ་ཅན་ལའང་བྱའོ། །དེ་བཞིན་ལས་བྱས་པས་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་དོ་།བ་ལང་གི་ཉེ་བར་འཚེ་བ་ལ་བ་ ལང་གི་སྤུ་དང། རུས་པས་སྦྱིན་སྲེག་བྱ་སྟེ་ཞི་བར་འགྱུར་རོ་།མ་ཧེའི་ནད་ཐམས་ཅད་ལ་སྐྲ་དང། རུས་པས་ཉི་མ་བདུན་དུ་སྦྱིན་སྲེག་བྱ་སྟེ་ཞི་བར་འགྱུར་རོ། །རྒྱུ་སྐར་གྱི་ [90B] །དངོས་གྲུབ་ཐམས་ཅད་རྟོག་པར་འདོད་པས་ཉི་མ་བདུན་དུ་ཉེ་བར་འཚེ་བ་ལ་སེང་ལྡེང་གི་ཕྱེ་མའི་སྦྱིན་སྲེག་གོ། མགོ་བོ་ན་བ་ ལ་དྲི་བཟང་པོའི་མེ་ཏོག་ལ་ཡོངས་སུ་བཟླས་ནས་བསྣམས་ནས་མེར་གཞུག་པར་བྱའོ། །རང་གི་གནས་སུ་འགྱུར་རོ། །རིམས་ལ་སྲད་བུ་བཅིང་བར་བྱ་སྟེ་རང་གི་གནས་སུ་ འགྱུར་རོ། །ཟ་བ་དང། སྦྱིན་སྲེག་ཀྱང་བྱའོ། །གདོན་ལ་བག་ཟན་ལས་བྱུང་བའི་གཟུགས་བརྙན་བྱས་ལ་ལན་བདུན་བཟླས་ཏེ་ཉི་མ་བདུན་ནས་གྲོལ་བར་འགྱུར་རོ། །མིག་ན་བ་ ལ་མིག་སྨན་གྱི་སྦྱིན་སྲེག་གྱིས་ཤིག་ཉི་མ་བདུན་གྱིས་གྲོལ་ལོ་།ཞི་བར་འདོད་པས་དའུར་བའི་སྦྱིན་སྲེག་གྱིས་ཤིག་ཞི་བར་འགྱུར་རོ། །རྒྱས་པར་འདོད་པས་ཡུངས་ཀར་གྱི་ སྦྱིན་སྲེག་གྱིས་ཤིག་རྒྱས་པར་འགྱུར་རོ། །རྒྱལ་བ་ལ་ཤུ་དག་གི་སྦྱིན་སྲེག་གྱིས་ཤིག་རྒྱལ་བར་འགྱུར་རོ། །ལན་ཚྭ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་སྦྱིན་སྲེག་གྱིས་ ཤིག་དབང་དུ་འགྱུར་རོ། །སྦྲུལ་གྱི་མཆེ་བས་ཟིན་པ་ལ་ཡལ་འདབ་ཀྱི་ལས་སོ། །སྦྲུལ་ལས་བྱུང་བའི་ཉི་མ་བདུན་ལ་དབང་དུ་བྱེད་དོ། །འབྱུང་པོ་དང། ཤ་ཟའི་རྒྱས་བཏབ་པ་ ལ་ལན་ཉི་ཤུར་བཟླས་པའི་ཡུངས་ཀར་གྱིས་བསྣུན་པར་བྱས་ཏེ་རང་གི་གནས་སུ་འགྲོའོ། །རྟག་ཏུ་བཟླས་པས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་དུ་ [91A]༄༅། །འཇུག་པས་ལན་ཉི་ཤུ་རྩ་གཅིག་གདོང་ལ་ཡོངས་སུ་བཟླས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། །སྦྱིན་སྲེག་གི་ལས་ཐམས་ཅད་ལ་ཉི་མ་ བདུན་དུ་སྦྱིན་སྲེག་བྱའོ། །མདོར་ན་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་འགྱུར་རོ། །སྣ་མའི་མེ་ཏོག་གི་སྦྱིན་སྲེག་གི་ས་ལས་ཐམས་ཅད་བྱེད་དོ། །ལས་ཐམས་ཅད་ ལ་དང་པོར་གང་བའི་སྲེག་བླུགས་སྦྱིན་སྲེག་གྱིས་ཤིག་ལས་ཐམས་ཅད་ལའང་ལས་འདི་ཉིད་ཀྱིས་ཤིག་ཅེས་བྱའོ། །གསོ་སྦྱོང་ཅན་གྱིས་བྱ་བའོ། །སེམས་དཔའ་ ཐམས་ཅད་ལ་སེམས་ཀྱིས་དམིགས་པས་ས་ལས་བྱུང་བའི་ཀ་པཱ་ལ་དང། སེལླ་ཀ་ལ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་གཞོན་ནུ་མས་མདུད་པ་བརྒྱད་ བརྒྱ་བྱའོ། །དེ་ནས་དེ་དྲིའི་ཆུས་བཀྲུས་ནས་ཤིང་ལ་བཞག་སྟེ་དེ་ཡི་མགོ་ལ་བཅིང་བར་བྱའོ། །དེ་བཞིན་དུ་མ་ཧེ་རྣམས་དང། ར་རྣམས་དང། ཕྱུགས་རྣམས་ལ་ཆོམ་རྐུན་ གྱིས་ཉེ་བར་འཚེ་བ་ལ་རྭ་ལ་བཅིང་བར་བྱའོ། །བུམ་པ་ཆུས་གང་བ་བྱས་ནས་གཙང་མས་བརྒྱད་བརྒྱར་མངོན་པར་སྔགས་པ་བྱས་ཏེ་ནད་པའི་སྐེད་པ་ལ་བཅིང་བར་བྱའོ།། རང་གི་གནས་སུ་འགྱུར་རོ། །ཁྱིམ་དུ་ཚངས་པའི་སྲིན་པོ་དང། ཤ་ཟས་ཉེ་བར་འཚེ་བ་རྣམས་ལ་སྦྱིན་སྲེག་གྱིས་ཤིག་ཇི་ལྟར་ནུས་པའི་གཏོར་མ་བྱའོ་ཞེས་ཏེ་འདི་ནི་རི་ཁྲོད་ [91B]ཕྱི་མ་གསུངས་པ་བྱང་ཆུབ་སེམས་དཔའ་ཡང་དག་པར་བརྗོད་པའི་མདོ་སྡེའང་ངོ། །སླར་ཡང་དུས་དེའི་ཚེ་སངས་ རྒྱས་བཅོམ་ལྡན་འདས་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ཕྱག་གཡས་པ་རབ་ཏུ་བརྐྱང་ ནས་ཉུག་པར་མཛད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རིན་ཆེན་ཕྲེང་བ་ཞེས་བྱ་བའི་གཟུངས་ཡོད་དེ་འདི་ཀློག་པར་བྱེད་པས་འགྲུབ་པར་སངས་རྒྱས་ཐམས་ ཅད་ཀྱིས་རྗེས་སུ་ཡི་རང་བས་གསུངས་སོ། །རྟོག་པའི་རྒྱལ་པོ་ཆེན་པོ་ཕྱི་མ་དེ་ལ་བསྲུང་བ་དང། བསྐྱབ་པ་དང། སྦ་བའི་ཆེད་དང། རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་བཅོམ་ ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་པ་པོའི་དངོས་གྲུབ་བྱེད་པ་རྟག་ཏུ་བྱེད་དུ་གཞུག་གོ་བློ་གྲོས་དང་ལྡན་པས་གང་དགེ་བའི་ཚེས་གྲངས་ལ་བྲིས་ནས་སོ། ། དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སྔགས་ཀྱི་ཚིག་རྣམས་བཀའ་སྩལ་ཏོ། །ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སཾ་གྷཱ་ཡ། ན་མཿ་སཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ་ ནཱ་མོ་མཻ་ཏྲཻ་ཡ། པྲ་མུ་ཁཱ་ནཱཾ། སརྦ་བུདྡྷ་བོ་དཧི་སཏཱ་ནཱཾ། ན་མཿ་སམྱགྒ་ཏཱ་ནཱཾ། ན་མཿ་སམྱཀྤྲ་ཏི་པནྣ་ནཱཾ་ན་མོ་ཨརྷ་ཏཱཾ། ན་མོ་ནཱ་གཱ་མའི་ནཱཾ། ན་མོཿ་ས་ཀྲི་དཱ་གི་མའི་ནཱཾ། ན་མཿ་ཤོ་ [92A]༄༅། །ཏཱ་པནྣཱ་ནཱཾ། ན་མོ་ཨརྷ་ཏ། མརྡྷ་ཏུ། ཨ་པ་ར་ཛི་ཏ་ཧྲྀ་ད་ཡཾ། མཱ་བརྟ་ཡིཥྱ་མི་སམྱཀྶཾ་བུདྡྷ། བྷ་ཥི་ཏེ། མ་ནུ་མོ་ད་ཏཾ། དེ་བ་ག་ཌཻ་སརྦྦ་ཀརྨ་ཀ་རཾ་ ཤུ་བཧམ། པ་བི་ཏྲཉྩ་བཱ། མཾ་ག་ལྱཾ། དྷ་ནྱཾ། ཤུ་བྷྱ་ཀ་རཾ། ཤུ་བྷཾ་རཀྵོ། གྷྣ་སརྦ་སཏཱ་ནཱཾ། དེ་བཉྩ་ཨ་པ་ར་ཛི་ཏཱ་ཧྲྀ་ད་ཡཾ། མཱ་བ་རྟ་མི་སརྦ་པཱ་པ། པྲ་ཤ་མཱ་ནཱཾ་སརྦ་ཨརྠ་སཱ་ དྷ་ནཱཾ། དྷ་ནྱཾ། སརྦ་གྲ་ཧ་བི་ནཱ་ཤ་ནཱ། ནི་ཏྱཾ་ཛ་ཡ་ཀ་རི་ཧྱེ་ཥ་ཤཀྲ་སྱཻ་བ་ཨ་བ་ར་ཛི་ཏཱ་པ་ཥ་ཀྲྀ་ཏྱ། ན་ཤ་ནཱི་ཙེ་བ། རཱ་ཛ། ཨགྣི་རི་པུ་ནཱ་ཤ་ནཱི་ཀྲྀ་ཏྱ་ཀརྨ་ཎི། བེཏཱ་ཌོ་དུཿ། སཔྣ་པི་ཨ་ ཐ་སྤུཏ་ན་དེ་བ་དཱ་ན་བ། གནྡྷརྦ། ཡཀྵ་རཀྵ་མ། པནྣ་ག་རཀྵཾ། ཀུརྦནྟུ་མེ་ནི་ཏྱཾ་ས་མཱནྟ་ཙ། ཏེ་ཛ་ནཾ་ཨེ་ཧི་ཀཱ། དྲི་ཏཱི་ཡ་ག་ཛྭ་རཱ་ཏྲི་ཏཱི་ཡཀྵ། ཙ་ཏུརྠ་ཀེ་བྷྱོ་རཀྵ་ཡཾ་བ་ཥིམ་མ་ཛྭ་ར་ཀརྨ་ ཎི་བི་ཥ་བྷུཀྟཾ་ག་རཾ་ཙཻ་བ་བྷྱོ་ཛྱ་བརྫ་ཡི་ཥྱ་ཏི། ཡ་སྱ་བཱ་ན་བྷ་བ་ཏ་གརྦྷོ་ཧ་ཡནྟེ་ཡ་སྱ་དཱ་ཀ་ར་ཀ་རཏྣ་མཱ་ལ་ཨི་ཡཾ་ཏེ་ཥཱཾ་ཀྵི་པྲ་མ་མ་བ་ཧ་ཏེ། ཛ་ཡ་མ་རྠ་ཀ་མོ་ལ་པ་ཏནྲེ། ཤྲཱི་ཀཱ་ མོ་ལ་བྷ་ཏེ། ཤྲི་ཡཾ། བི་ཐ་ཏེ་ར་ཎ། སཾ་གྲ་ཧེ། ཀྵི་པྲ་མཱ་བཱ་ཏེ། ཛ་བཾ། ཨ་ཏྲ་བི་ཏྱཾ། པྲ་བཀྵཱ་མི། རཏྣ་མཱ་ལ་ཏི་བི་བྲུ་ཏཾ། ཏཱ་བ་ཏཱ་ལོ་ཀ་ནཱ་ཐ་ཧྲི་དྲིཥྚ་སཏ་ནུ་པ་དྲུ་ཏཾ། ཏདྱ་ཐཱ་ ཨོཾ་དྷ་ན་ཀ་རི་བི་པུ་ལ་ཀ་རི་ཡ་ཤ་ཀ་རི། བིདྡྷ་ཀ་རི་ཨ་ཡུནྟ་ཏི་ཨ་ལ་ཀྵི་པྲ་ས་མ་ནི་དྷཾ་ནརྦཱནྱ་བིནྱ་བརྡྷ་ནི་བ་ཤྲི་ཀ་རི། སརྦ་གྲ་ཧ་ནཀྵ་ཏྲ་པ་ཤ། བརྟི་ནི་མེ། དྷཱ་ཛ་ན་ནི། སུ་ [92B] ཨཱ་ཡུནྡ་ནི། པྲི་ཏི་ཀཱ་རི། ཛམྦྷ་ནི། སྟམྦྷ་ནི། ཨ་མོ་ཧ་ཤཀྟི་ཀཱཉྩ་ན་མཱ་ལ་གྲ་ཧཱ་སཽ་མྱ། ཀ་ར་ཎི་སརྦ་ཀཱ་ལི་ཀཱ་ལཱ་ཧཱ་བི་གྲ་ཧ་བི་བཱ་ད་པྲ་ཤ་མི་ན། བ་ ར་ཙ་ཏྲ། ནི་བཱ་ར་ཎི་པ་ར་མ་སཻ་ནྱ་སྟཾ་བྷཱ་ནི་ཙིཏྟ་ནིརྨ་ལཱི་ཀ་ར་ཎི། སརྦ་པཱ་པྲ་ཤ་མ་ནི་སརྦ་ཀིལྦི་ཥ་ནཱ་ཤ་ནི་སཱཧཱ། ཙུ་ཊུ་ཙུ་ཊུ། ཏུ་ཊུ་ཏུ་ཊུ། མུ་ཊུ་མུ་ཊུ་སཱཧཱ་སརྦ་དེ་བ་ཨ་ནུ་ཛྙཱ་ ཏེ་སཱཧཱ། སརྦ་ནཱ་ག་སཾ་རཀྵི་ཏེ་སཱཧཱ། ཨོཾ་ནི་རི་ཕཊ་ཧ་ན་ཧ་ན་ཕཊ། ད་ཧ་ད་ཧ་ཕཊ། པ་ཙ་པ་ཙ་ཕཊ། ཡེ་ཥཱཾ་པི་དཧྭ་ཥནྟི་བི་ཤ་མ་ཙིཏྟཱ་ཡཎྟི། ཧ་ཧ་ནི། ཀཱ་ཁོརྡ་ཀུརྦནྟི་ཀ་ར་ཡནྟི་ ཀྲྀཏཉྩ་ཨ་བྷ་ཡཱ་ནུ་མོ་དེ་ནེ་རྠ་བ་ཕཊ་སཱཧཱ། ཨགྣི་སྟམྦྷ་ཡཱ་མི་བི་ཤཾ་ཤསྟ་ཨུ་ད་ཀ་ཙཽ་རི་སརྦ་དུཥྚཱ་སརྦ་བྱཱ་དཧི་ཏ་ཙན་ཏྲཾ་ཛ་ན་ཡཱ་མི་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། གཞན་གྱིས་མི་ཐུབ་ པའི་འདབ་མས་ཁྲུས་བྱས་ཏེ་རིན་པོ་ཆེའི་ཕྲེང་བས་རྣམ་པར་བརྒྱན་པ་ལས་ཐམས་ཅད་བྱེད་པ་འདི་ནི་རྟག་ཏུ་སྲུང་བ་བྱེད་པའོ། །དེ་བཞིན་ཉིད་དུའང་གྲོ་གའི་འདབ་མ་ ལ་བྲིས་པའམ། གང་དུའམ། དེར་ཡང་རུང་སྟེ་ལ་ལའི་བགེགས་སྲུང་བ་དང། བསོད་ནམས་མཆོག་དང། སྡིག་པ་དང། དྲི་མ་འཇོམས་པ་དང། གཡུལ་དུའམ། རྩོད་ པའམ། ཐམས་ཅད་དུ་རྒྱལ་བ་སྦྱིན་ཞིང་དགེ་བའོ། །གང་འདི་འཛིན་པ་ལ་རིག་པ་ཞི་བ་བྲིས་པ་དང། སྐྱེས་པས་རྟག་ཏུ་ཀློག་པ་དེ་ལ་འཇིགས་པ་འབྱུང་བར་མི་འགྱུར་ [93A]༄༅། །རོ༑ ༑ཀློག་པ་དང། འཛིན་པ་ཐམས་ཅད་རྟག་ཏུ་སྲུང་བར་བྱེད་དོ། །གསང་བ་རྣམས་ཀྱིས་ཡོངས་སུ་སྐྱོང་བར་བྱེད་དོ། །ཆོ་གའི་རྒྱལ་པོ་འདི་རྟག་ ཏུ་མཐར་བྱེད་པ་ནི་ཇི་ལྟར་རིན་པོ་ཆེས་སྤྲས་པའི་ཕྲེང་བ་སྟེང་དུ་རྣམ་པར་འབར་བའི་དཔལ་གང་ཡིན་པ་དེ་རིག་པ་འཛིན་པར་བྱེད་དོ། །འདི་ལས་གདོན་དེ་རྣམ་པར་ ཉམས་པར་བྱེད་དོ། །ནད་རྣམས་ཀྱང་མི་འབྱུང་ངོ། །བུ་ཚ་བོ་རྣམས་ཀྱང་འཕེལ་ལོ། །འཁོར་བཟང་པོ་ཅན་རྣམ་པར་གནས་སོ། །རིག་པ་འདི་ནི་ཐམས་ཅད་ནས་ དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ལ་ཕན་པའི་དོན་གྱི་ཆེད་དང། བྱིས་པ་རྣམས་ཁྱད་པར་དུ་བསྲུང་བར་བྱ་བའི་ཆེད་དོ་།ལྷ་དང། རྒྱལ་པོ་དང། བྱང་ ཆུབ་སེམས་དཔའ་རྣམས་དང། དེ་བཞིན་དུ་དེ་བཞིན་གཤེགས་པ་དེའང་ཕྱོགས་བཅུ་རྣམས་སུ་ཀུན་ནས་གཟིགས་པར་མཛད་དོ། །དགེ་བའི་དོན་རྣམ་པར་ འཕེལ་བ་དང། སྡིག་པ་ཐམས་ཅད་ཀུན་ནས་ཟད་པར་འགྲོ་བ་དང་རྨི་ལམ་ངན་པ་རྣམས་དང། ཉེས་པར་བྱས་པ་རྣམས་ལས་ཀྱང་གྲོལ་ཏེ་འདིར་ཐེ་ཚོམ་ མེད་དོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མའི་གཟུངས་སོ། །དེ་ནས་འདི་ལས་རྒྱུད་འདིར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་ [93B] །འདི་ལྟ་སྟེ། གཙུག་ཕུད་དང། གོ་ཆ་དང། ར་བ་དང། སྙིང་པོ་དང། ཉེ་བའི་སྙིང་པོ་དང་ཞེས་པ་སྟེ་རྣམ་པ་ལྔའོ། །རྩ་བའི་རིག་པ་ལ་ནི་ དྲུག་ཅུར་བཤད་དོ། །དོན་ཐམས་ཅད་སྒྲུབ་པ་དེ་ལ་དང་པོར་རེ་ཞིག་ར་བི་ཏ་དང། པི་ཎི་ཀ་དང། སངས་རྒྱས་ཀྱི་མཐར་ཐུག་པ་རྣམས་སོ། །མཐེ་ཆུང་ཁབ་ཀྱི་རྣམ་ པས་ངེས་པར་བཙིར་བའི་གུང་མོ་དང། མཐེ་བོང་དག་ཏུ་བཤད་དོ་།འདི་ནི་འཕགས་མ་སྒྲོལ་མའི་གང་བའི་ཕྱག་རྒྱའོ་ཞེས་རྣམ་པར་གྲགས་ཏེ་དོན་ཐམས་ཅད་ སྒྲུབ་པའོ། །རིག་པ་ཚིམ་པར་བྱེད་པ་ལ་མཐེ་ཆུང་གཉིས་བསྣུན་པར་བྱ་སྟེ་རྣམ་པར་ཚིམ་པར་འགྱུར་རོ། །ལྷག་པར་གནས་པ་ནི་མཐེ་བོང་གཉིས་ཀ་ཁབ་ཀྱི་རྣམ་ པས་སོ་སོར་གཡོ་བར་བྱ་སྟེ་སྙིང་པོ་རྣམ་པར་ཤེས་པར་བྱའོ་།བསྟོད་པ་ཁོ་ནའི་མིང་གིས་སོ། །ཉེ་བའི་སྙིང་པོ་ལ་མཐེ་བོང་གཉིས། འདི་ལྟ་སྟེ། ནང་ཁོ་ནའི་ཁུ་ཚུར་ རོ༑ ༑མཐེ་ཆུང་ལྕགས་སྒྲོག་གི་ཆའི་སྒྲའི་དང། སྡིགས་མཛུབ་ཁ་ཕྱེ་བ་ཁབ་ཏུ་བྱས་པ་འདི་ནི་གོ་ཆའི་མཚན་ཉིད་དོ། །རྟག་ཏུ་བདག་ཉིད་ལ་རབ་ཏུ་སྦྱར་བྱའོ། །སྡིགས་ མཛུབ་གཉིས་ངེས་པར་བཙིར་ནས་གུང་མོ་དཀྲིས་ཏེ་ཁབ་ཀྱི་རྣམ་པས་བསྡིགས་པ་འདི་ནི་གཙུག་ཕུད་ཀྱི་ཕྱག་རྒྱའི་མཚན་མ་སྟེ་བདག་ཉིད་ཀྱི་གཙུག་ཕུད་བཅིངས་པའི་ [94A]༄༅། །དུས་སུ་རབ་ཏུ་སྦྱར་བར་བྱའོ། །སླར་ཡང་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཁ་ཕྱེ་བ་ཁབ་ཀྱི་རྣམ་པ་སྟེ་འདི་ནི་བཟླས་པའི་ཕྱག་རྒྱའི་ མཚན་ཉིད་དོ། །དེ་ལྟ་བུ་ཁོ་ན་ཡོངས་སུ་གྱུར་པས་སྡིགས་མཛུབ་ཁབ་ཀྱི་རྣམ་པས་ར་བའི་ཕྱག་རྒྱ་བྱའོ། །ཁུ་ཚུར་བཅིངས་ནས་སྡིགས་མཛུབ་གཉིས་ལྕགས་སྒྲོག་ གི་རྣམ་པ་སྟེ་མཚན་མ་འདི་ནི་དམ་ཚིག་སྲུང་བའི་ཕྱག་རྒྱའོ་།རྐང་པ་བསྙམས་པ་ལ་གཡས་པའི་རྐང་པ་རབ་ཏུ་བཞག་ནས་གར་གྱི་སྦྱོར་བས་ཡོངས་སུ་བསྐོར་ བར་བྱ་སྟེ་གཞན་དུ་བསྐོར་ནས་ལག་པ་གཉིས་ཀས་རྩ་བའི་ཕྱག་རྒྱའི་ལས་སྦྱར་རོ། །དཔྲལ་བར་ཡང་ལས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་ནས་ ཕྱག་རྒྱ་བཅིང་བ་དང། བཟླས་པའི་དུས་དང། ཉལ་བའི་དུས་དང། རྣམ་པ་གཞན་དུའང་རབ་ཏུ་སྦྱར་བར་བྱའོ། །གདོན་གྱི་ལས་དང། ལས་ཐམས་ཅད་ལ་རྩ་བའི་ ཕྱག་རྒྱ་རབ་ཏུ་སྦྱར་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མར་སྤྱན་རས་གཟིགས་དབང་ ཕྱུག་ལ་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་དོན་དུ་ཕྱག་རྒྱ་བཅིངས་པ་གསུངས་སོ། །དེ་ལ་འདི་རྣམས་ཡང་དག་སྦྱར་བྱ་བ།། [94B] །རིག་གསུམ་ལ་ཡང་ཐུན་མོང་ཕྱག་རྒྱ་ནི། །དེ་རྣམས་ཉེ་བར་དྲངས་པ་ཕྱག་འཚལ་ཕྱག་རྒྱ་ནི། །གཡས་པའི་ སོར་མོའི་ཚིགས་ལ་ཚིགས་ཀྱིས་རྩེ་མོ་ཀུན། །ཕྱག་རྒྱ་ཉིད་ནི་རྗེས་སུ་བཅིང་བར་གྱིས་ཤིག་དང། །རྟག་ཏུ་གསོལ་བ་འདེབས་ལ་གཙང་མ་གསོལ་འདེབས་པའི། །ཕྱག་ རྒྱ་དེ་བཞིན་ཁོ་ནར་གཡས་པ་སོར་མོ་ཡི། །ཚིགས་རྣམས་ཚིགས་སུ་བྱས་ནས་རྗེས་སུ་ཡི་རང་བྱ། །མཆོད་པ་ཐམས་ཅད་ཁོ་ན་གཙང་མས་རྟག་ཏུ་ནི། །མཆོད་པ་རྟག་ ཏུ་རྗེས་སུ་ཡི་རང་བྱེད་པ་དང། །སོར་མོ་རྣམས་ཀྱི་བདུད་རྩི་ཐམས་ཅད་ཡང་དག་ལྡན། །ཚིགས་ཀྱི་རྩེ་མོ་མཐེ་བོང་སྙིང་པོར་ཡང་དག་ལྡན། །འདི་རྣམས་རྒྱལ་བ་ཡི་ནི་ ཕྱག་རྒྱར་འགྱུར། །སོར་མོའི་རྩེ་མོ་ཡང་དག་སྦྱར་བ་གུང་མོ་དང། །མཐེ་བོང་གཉིས་ཀར་གང་དུ་མི་འགྱུར་ཕྱག་རྒྱ་ཡིས་།བཟླས་པས་མཆོག་སྦྱིན་ཡིད་ཀྱིས་བཟླས་ པས་ཕྱག་རྒྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་རྣམས་ཐམས་ཅད་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་མཚན་མ་སྟོན་པར་མཛད་བཞིན་པས་སླར་ བཞེངས་པའི་མཚན་མ་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ས་དང། ནམ་མཁའ་ལ་གནས་པ་དང། སེམས་རབ་ཏུ་འགུལ་བ་དང། ཐམས་ཅད་དང་ [95A]༄༅། །ལྡན་པའི་ས་འདི་རང་འགུལ་བས་སྐྲག་ཅིང་མེ་ཏོག་གི་ཆར་འབབ་པ་དང། བར་སྣང་ལས་སྤྱོད་པའི་འབྱུང་པོ་བྱེ་བས་ཐམས་ཅད་དུ་ འགྲོ་བའི་གདུག་པ་རབ་ཏུ་བཏུལ་ལོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུས་པ་ བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེས་ན་རལ་པ་གྱེན་བརྫེས་ཞེས་བྱ་ བར་ཡང་ཟུངས་ཤིག་རྟོག་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུངས་ཤིག་སྤྱན་རས་གཟིགས་དབང་ཕྱུག་གི་ཞུས་པ་ཞེས་བྱ་བར་ཡང་ཟུངས་ཤིག་རིག་པ་དང་ གསང་སྔགས་ཀྱི་སྤྱོད་པའི་མདོ་སྡེ་ཞེས་བྱ་བར་ཡང་ཟུངས་ཤིག་།རྟོག་པའི་རྒྱལ་པོ་ཆེན་པོའི་ལེའུ་རབ་འབྱམས་ཞེས་བྱ་བར་ཡང་ཟུངས་ཤིག་ཐབས་ཀྱི་སྤྱོད་པ་ ཞེས་བྱ་བར་ཡང་ཟུངས་ཤིག་དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་བའི་རྩ་བ་ཇི་ཙམ་གྱིས་དེ་རྣམས་ ཡང་དག་པར་ལྡན་པར་འགྱུར། ཆོས་དུ་ཞིག་གིས་ལྷག་པར་གནས་པ་ལགས། བྱམས་པ། དེས་གང་ཆོས་བཅུས་འདི་ལྟ་བུ་མཐོང་བ་ཁོ་ན་སྟེ། སངས་རྒྱས་དང་ [95B] ལྷ་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྟོ་འཕྱེ་ཆེན་པོ་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ཡི་དྭགས་ལ་ སོགས་པ་རྣམས་ཀྱིས་ཀུན་ཏུ་བསྲུངས་པར་འགྱུར་བ་དང། གཟུངས་མཉམ་པའི་སེམས་ཟབ་མོའི་བཟོད་པ་དང་ལྡན་པར་འགྱུར་བ་དང། དགེ་བའི་ཆོས་ལས་ཀུན་ ཏུ་གནས་པའི་ས་ཇི་སྲིད་དུ་འདྲི་བར་འགྱུར་བ་དང། བྲིས་ནས་འཆང་བར་འགྱུར་བ་དང། གླེགས་བམ་དུ་འགྱུར་བ་བྱས་ནས་མཆོད་པར་འགྱུར་བ་དང། ཚེ་དང་ ནད་མེད་པ་དང། དབང་ཕྱུག་དང། བདེ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང། བདེ་འགྲོར་འགྲོ་བ་སྟེ། ཕན་ཡོན་མང་པོ་ཉིད་དང་ཕན་ཡོན་ཆེན་པོ་ཉིད་ ཀྱིས་ཆོས་ཀྱི་རྣམ་གྲངས་དང། ལྷ་དང་བཅས་པས་བྱིན་གྱིས་བརླབས་པ། རིག་པ་དང། སྔགས་ཆེན་པོ་འདུས་པ་འཁོར་བའི་ཕ་རོལ་ཏུ་སོང་བ། བདག་གིས་ ཀྱང་ཡང་དག་པར་རྒྱུ་སྐར་དང། མཚན་མོ་དང། ཉིན་མོ་དང་ཟླ་བ་དང། ལོར་བདེ་བའི་ཆེད་དུ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་།དགེ་བ་བཅུའི་ལས་ཀྱི་ལམ་དང་ གྲགས་པ་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ། །རལ་པ་གྱེན་བརྫེས་འཆང་བ་པོ་དང། ཁྱིམ་དུ་གཞག་པ་དང། རབ་ཏུ་བྱུང་བ་རྣམས་ལའོ། །དེ་སྐད་ [96A]༄༅། །ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཡིད་ཀྱིས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་འོ། །རལ་པ་གྱེན་བརྫེས་ཀྱི་རྒྱུད་ཕྱི་མ་རྫོགས་སོ།། །། འདི་ནི་ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཕྱག་དཔེ་རྭ་སྒྲེང་ནས་དཀའ་ཐུབ་ཆེན་པོས་གདན་དྲངས་ནས་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་འཕར་བའི་ལོ་ཆོ་འཕྲུལ་ཆེན་པོ་ རྟའི་ཟླ་བའི་ཚེས་བཅོ་ལྔ་ལ་རྫོགས་པར་བསྒྱུར་བའི་ཡི་གེ་པ་ནི་ལོཙྪ་བ་ཆེན་པོ་འདི་ཉིད་ཀྱི་ཞབས་དྲུང་དུ་ཉེ་བར་གནས་པ་ཤཱཀྱའི་དགེ་སློང་བསོད་ནམས་གྲུབ་ ཀྱིས་བགྱིས་སོ།། །།པཎྜི་ཏ་ལ་མ་གཏུགས་ཤིང། །དཔེ་དཔང་འགྲེལ་པ་མ་རྙེད་པས། །སྒྲ་དོན་ལོག་པར་གྱུར་སྲིད་ན། །མཁས་པ་རྣམས་ཀྱིས་བཅོས་ པར་གསོལ།། །།